འཚོ་བ་དང་ཁྲིམས། བདག་གི་མཁལ་མ་གང་ལ་ཁྱེར་སོང་ངམ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-06-13 14:18:22      རྩོམ་སྒྲིག་པ། : རྟ་མགྲིན་དཔལ།

        གནད་དོན་སླར་གཏོང་། ཞའོ་ཀྲོར་མཁལ་ནད་བྱུང་ནས་ལོ་འགའ་ཤས་འགོར་སོང་། ཉེ་ལམ་ཁོ་ཡི་ནད་རྙིང་སླར་ཡང་འཕར་ནས་སྨན་ཇི་འདྲའི་བཟང་བོ་འཐུང་ཡང་ནུས་པ་ཐོན་མ་ཐུབ། དེ་བས་ཞའོ་ཀྲོ་ཁྱིམ་མི་དང་མཉམ་དུ་སྨན་ཁང་ལ་སོང་ནས་བརྟག་དཔྱད་བྱས་རྗེས། ཞའོ་ཀྲོ་ཡི་གཡས་ཀྱིས་མཁལ་མའི་གཅིན་སྦུག་སྟོད་དུ་རྡེའུ་ཆགས་ནས་ཆུ་སེར་བསགས་འདུག སྨན་པས་བཤད་རྒྱུར་ནད་གཞི་ཧ་ཅང་ལྕི་བས་གཤགས་བཅོས་བྱས་ན་བཟང་ཟེར།

        གཤགས་བཅོས་མ་བྱས་པའི་ཡར་སྔོན་དུ། སྨན་པས་ཁྱིམ་བདག་ལ་ཞའོ་ཀྲོ་ཡི་ནད་གཞི་ཧ་ཅང་ལྕི་བས་ནད་ཀྱི་འབྱུང་གཞི་རྙེད་ཕྱིར་མཁལ་མར་བརྟག་དཔྱད་ཞིག་བྱེད་དགོས་པའི་བརྡ་སྦྱོར་བཏང་བ་དང་། དེའི་རྗེས་སྨན་ཁང་དང་ཁྱིམ་བདག་གཉིས་ཀྱིས་གཤགས་བཅོས་སྔོན་བརྟགས་ཡི་གེ་ལ་མིང་རྟགས་བཀོད་དེ་ཞའོ་ཀྲོ་ཡི་གཡས་ཀྱི་མཁལ་མར་བརྟག་དཔྱད་བྱས་ཚར་རྗེས། ཞའོ་ཀྲོ་གཤགས་བཅོས་ཁང་ནས་སྒོར་དེད་ཡོང་སྐབས་ཞའོ་ཀྲུའུ་ཡི་གཡས་ཀྱི་མཁལ་མ་བླངས་ཟིན་པས། ཁྱིམ་བདག་ལ་ཧང་སངས་བར་བྱས་སོང་།

        གཡས་ཀྱི་མཁལ་མ་ལ་བརྟག་དཔྱད་བྱེད་དགོས་པ་མ་ཡིན་ནམ། ཅིའི་ཕྱིར་གཡས་ཀྱི་མཁལ་མ་བླངས་བ་ཡིན་ནམ།ཡང་ན་བཤགས་བཅོས་སྔོན་ཞའོ་ཀྲོ་ཁོ་རང་ཉིད་གཡས་ཀྱི་མཁལ་མ་ལེན་རྒྱུར་འཐད་པ་བྱུང་སོང་བ་ཡིན་ནམ། སྐབས་འདིར་ཁྱིམ་བདག་བྲེལ་འཚུབ་ངང་ཞའོ་ཀྲུའུ་ལ་དྲིས་རྗེས། ཞའོ་ཀྲུའུ་ཡིས་སྐད་ཆ་འདི་ཐོས་མ་ཐག་ཅུང་ཙམ་མིན་ན་དྲན་པ་འཐོར་སོང་། བལྟས་ཡོང་ན་ཞའོ་ཀྲོ་ཡིས་གཤགས་བཅོས་བྱེད་སྟངས་གཅིག་ཀྱང་ཤེས་མི་འདུག

        མཁལ་མ་མེད་པ་ལ་གོ་མེད་ཚོར་མེད་བྱེད་ག་ལ་རུང་། ཞའོ་ཀྲོ་དང་ཁྱིམ་བདག་གིས་སྨན་ཁང་ལ་དོགས་པ་སྐྱེས་སོང་།སྨན་ཁང་གི་བཤད་པ་ནི་གཤགས་བཅོས་སྐབས་སུ་སྨན་པ་ཡིས་ཞའོ་ཀྲོ་ཡི་གཡས་ཀྱི་མཁལ་མའི་ནད་གཞི་ཧ་ཅང་ལྕི་བས་ནུས་པ་རྩ་བ་ནས་ཉམས་འདུག དེ་བས་ནད་པའི་བདེ་ཐང་ལ་བསམ་གཞིགས་བཏང་ནས་ཞའོ་ཀྲོ་ཡི་མཁལ་མ་བླངས་པ་ཡིན། དེར་མ་ཟད་གཡས་ཀྱི་མཁལ་མ་བླངས་པའི་རྗེས་སུ་ནོར་འཕྲུལ་གང་ཡང་བྱུང་ཡོད་པ་མ་རེད། ད་ལྟ་ནད་པ་བདེ་ཐང་ངང་སླར་གསོ་བྱེད་བཞིན་ཡོད་པ་འདི་ཡིས་གཤགས་བཅོས་ཧ་ཅང་བདེ་ལེགས་ཡིན་པ་མཚོན་གྱི་ཡོད་པ་རེད་ཟེར།

        ཞའོ་ཀྲོ་ཁྱིམ་མི་གང་བོས་དེ་ཁས་མ་བླངས་པར་དོན་དག་ཅི་འདྲའི་ཛ་དྲག་ཆེ་ཡང་སྨན་པ་སྒེར་ནས་ཞའོ་ཀྲི་ཡི་མཁལ་མ་བླངས་པ་གནས་ལུགས་མེད་པ་ཞིག་རེད། དེ་བས་སྨན་ཁང་གིས་ཞའོ་ཀྲོ་ལ་སྐྱིན་འཚབ་རྒྱག་དགོས་ཟེར། ཕན་ཚུན་བར་ལ་རྩོད་གཞི་བྱུང་ནས་ཁྲིམས་ཁང་གིས་ཐག་གཅོད་བྱས།

        ཁྲིམས་དཔོན་གྱིས་སྐད་ཆ་བཤད་པ།

        གྱོད་དོན་ཞིབ་བཤེར་བྱེད་པའི་གོ་རིམ་ཁྲོད། སྨན་བཅོས་ལག་རྩལ་གསལ་འབྱེད་ལྟེ་གནས་ཀྱིས་ཐེངས་ཁ་ཤས་བརྟག་དཔྱད་བྱས་མོད།མཇུག་འབྲས་ནི་གཤགས་བབཅོས་ལ་གནད་དོན་གང་ཡང་བྱུང་མི་འདུག འོན་ཀྱང་། ཁྲིམས་ཁང་གིས་ཞིབ་དཔྱད་བྱས་པ་བརྒྱུད། སྨན་ཁང་གིས་བརྡ་མ་བཏང་བར་རང་འགུལ་སྒོས་ཞའོ་ཀྲོ་ཡི་མཁལ་མ་བླངས་པ། ནད་པར་སྨན་བཅོས་བྱས་ནས་སྲོག་སྐྱོབ་བྱ་འདོད་པ་ཡིན་མོད།སྨན་བཅོས་རྒྱུན་སྤྱོད་ཀྱི་ཁྲིམས་ལས་འགལ་འདུག རྒྱུ་མཚན་ནི་ནད་པ་ཞའོ་ཀྲོ་ལ་རང་ཉིད་ཀྱི་ནད་གཞིའི་གནས་ཚུལ་ལ་རྒྱུས་ལོན་བྱེད་པའི་དབང་ཆ་ཡོད་པ་མ་ཟད། རང་ཉིད་ཀྱི་མཁལ་མ་བླངས་ན་ཆོག་མིན་གྱི་འདེམས་གསེས་དབང་ཆ་ཡང་ཡོད་པ་རེད། འོན་ཀྱང་སྨན་ཁང་གིས་ནད་པ་དང་ཁྱིམ་བདག་ལ་གསལ་བཤད་གང་ཡང་མེད་པར་མཁལ་མ་བླངས་པ་ཡིས་ཞའོ་ཀྲོ་ཡི་གནས་ཚུལ་རྒྱུས་ལོན་དབང་ཆ་དང་འདེམས་གསེས་དབང་ཆར་གནོད་པ་བསྐྱལ་བས་སྨན་ཁང་གིས་ནོར་འཕྲུལ་གྱི་ཆུ་ཚད་ལ་གཞིགས་ནས་སྐྱིན་འཚབ་ཀྱི་འགན་ཁུར་དགོས་པ་རེད། དེའི་རྐྱེན་གྱིས་ཁྲིམས་ཁང་གིས་ཞའོ་ཀྲོ་ལ་ཁྲིམས་ལྟར་སྨན་རིན་དང་།དབང་བོའི་གནོད་སྐྱོན་གྱི་སེམས་གསོའི་དངུལ་སོགས་སྐྱིན་འཚབ་སྤྲོད་དགོས་པ་ཐག་བཅད་པ་རེད།

      ལོ་ཙཱ་བ།རྟ་མགྲིན་དཔལ།