མང་རྫོང་གི་ཞིང་ལས་སྤུས་ལེགས་ཐོན་རྫས་སྣ༡༩ཡི་ཆེད་ཚོང་ཁང་རྒྱལ་ས་པེ་ཅིང་དུ་ཆགས་པ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-06-14 15:38:21      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

       

       མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་གིས་ཀྲུང་གོའི་སྐྱེས་ལྡན་ལྷད་མེད་ཐོན་རྫས་དངོས་ལས་ཚད་ཡོད་ཀུང་སི་བར་མཉམ་ལས་ཀྱི་འབྲེལ་བ་བཟུང་སྟེ། ནས་དང་པད་ཁ། ཚགས་ཤ་དང་ལུག་ཤ་སོགས་རིགས་བཞི་ཡི་སྤུས་ལེགས་ཐོན་རྫས་སྣ༡༩པེ་ཅིང་གྲོང་ཁྱེར་སན་ལི་ཐུན་(三里屯)དང་། ཁྲའོ་ལའེ་ཝན་ཐུང་(朝来万通)སྡེབ་ཚོང་ཁྲོམ་རར་བཀྲམས་པ་དང་ཆབས་ཅིག་ཏུ་མང་རྫོང་ཞིང་ལས་ཁྱད་ལྡན་ཐོན་རྫས་པེ་ཅིང་(北京)ཆེད་ཚོང་ཁང་གི་སྒོ་ཕྱེས། དེ་ནི་མང་རྫོང་གི་སྐྱེས་ལྡན་ཐོན་རྫས་དཔང་དངོས་དག་མ་ཡིན་པའི་ར་སྤྲོད་ལ་ངོ་བོའི་ཆ་ནས་འཕེལ་རྒྱས་བྱུང་བའི་རྟགས་མཚན་དུ་ངེས་པས། མང་རྫོང་ཞིང་ཕྱུག་ཐོན་རྫས་ཀྱི་སྤུས་རྟགས་གཏོད་པར་རྨང་གཞི་ཡག་པོ་ཞིག་བཏིངས།
       

        ཤེས་གསལ་ལྟར་ན། རྒྱལ་ཁབ་ཀྱི་སྐྱེས་ལྡན་ཐོན་རྫས་ཀྱི་དཔང་དངོས་དག་མའི་ར་སྤྲོད་དཔེ་སྟོན་གསར་སྤེལ་རྫོང་དུ་བསྒྱུར་འཐུས་ཐོབ་པའི་ཚུན་ལ། མང་རྫོང་གིས་རང་བྱུང་ཐོན་ཁུངས་ཀྱི་དགེ་མཚན་ལ་གཞི་བཅོལ་ཏེ། སྲིད་གཞུང་གིས་སྣེ་སྟོན་དང་། ཚོང་གཉེར་ཁེ་ལས་ཁག་བར་མཐུན་སྦྱོར་སྐུལ་སྤེལ་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཤིང་། སྲིད་ཇུས་ཀྱི་འགན་སྲུང་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་སྐྱེས་ལྡན་ཐོན་ལས་གོང་སྤེལ་ལ་ཤུགས་ཆེན་པོས་སྐུལ་སྤེལ་བྱས་པས། རྫོང་ཡོངས་སུ་སྐྱེས་ལྡན་ཞིང་ཕྱུག་ལས་ཐོན་སྐྱེད་ཀྱི་ཐོན་ལས་གཉེར་མཁན་དང་མཉམ་ལས་ཁང་ཁྱོན་སྡོམ་དགུ་ཡོད་པ་དང་། དེའི་ནང་སྐྱེས་ལྡན་རྩ་ར་སྤྱི་ཆིང་ཁྲི༦.༧དང་། རྨོ་ཞིང་སྤྱི་ཆིང་༩༣༦༠། སྐྱེས་ལྡན་གསོ་སྤེལ་གཞི་ཁྱོན་སྒོ་ཕྱུག་ཁྲི༡༠ལ་དཔང་དངོས་དག་མ་ཡིན་པའི་ར་སྤྲོད་ཐོབ། གཞན་སྐྱེས་ལྡན་ཞིང་ཕྱུག་ཐོན་རྫས་ཁྲོད་སྣ༡༡ལ་དཔང་དངོས་དག་མའི་ར་སྤྲོད་ཐོབ་ཡོད་པ་དང་། ཁྱབ་གདལ་གྱི་དགེ་མཚན་ལྡན་པའི་སྐྱེས་ལྡན་ཐོན་རྫས་སྣ་༥བཅས་ཡོད་པ་རེད།
       

        ལོ་ཙཱ་བ། ཁོན་ཐར་འཚོ།