ཝང་ཀྲིན་ཧྲིན་གྱིས་ཟི་ལིང་གྲོང་ཁྱེར་ནན་ཐན་མངག་གཏོང་ཁང་སོགས་གཞི་རིམ་སྤྱི་བདེ་ལས་ཁུངས་ཀྱི་བྱ་བར་རྟོག་ཞིབ་བྱས།

          ཟླ་དྲུག་པའི་ཚེས་བཅུ་བཞི་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་ཝང་ཀྲིན་ཧྲིན་ཟི་ལིང་གྲོང་ཁྱེར་ནན་ཐན་མངག་གཏོང་ཁང་དང་མཁར་དཀྱིལ་ཆུས་སྤྱི་བདེ་ཡན་ལག་ཅུའུ་ཡི་བཀོད་འདོམས་ལྟེ་གནས་སོགས་གཞི་རིམ་ལས་ཁུངས་ལ་སོང་སྟེ་མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་བྱས།

        ཝང་ཀྲིན་ཧྲིན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་དང་པོར་བཞག་སྟེ། སློབ་སྦྱོང་དང་བསམ་བློ། ལག་ལེན། ཤེས་རྟོགས་བཅས་ཀྱི་ཐད་ལ་ཤུགས་སྣོན་དགོས་པ་དང་། དུས་མཉམ་གཅིག་དང་སྔར་ལས་ལྷག་པ་བཞིའི་འབད་འཐབ་དམིགས་འབེན་དང་སྦྲེལ་ཏེ་འགན་འཁྲི་ལག་ལེན་ནན་མོ་བྱས་ནས། ཞབས་ཕྱིའི་ཐད་ནས་སྔར་ལས་རང་རྟོགས་བྱེད་པ་དང་འགན་སྲུང་ཐད་ནས་སྔར་ལས་ནུས་པ་འདོན་པ། སྲུང་སྐྱོབ་ཐད་ནས་སྔར་ལས་ཕན་འབྲས་ཐོབ་ཏུ་འཇུག་དགོས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རེ་བ་ནན་ཏན་སྒོས་ལག་བསྟར་བྱས་ཏེ། ཏང་ལ་བློ་དཀར་བར་བྱེད་པ་དང་མི་དམངས་ལ་ཞབས་ཕྱི་བསྒྲུབ་དགོས་ལ། ཁྲིམས་སྐྱོང་དྲང་བདེན་དང་སྒྲིག་ལམ་བརྩི་སྲུང་ནན་མོ་བྱས་ནས་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་མི་དམངས་བཅས་ཀྱིས་གནང་བའི་འགན་འཁྲི་ཁག་ཁུར་དང་ལེན་བྱེད་དགོས་ཟེར།

        ཝང་ཀྲིན་ཧྲིན་གྱིས་ད་དུང་གཞི་རིམ་གྱི་ཁྲིམས་འཛིན་དང་འཕྲིན་བཅར་སོགས་ལས་ཁུངས་ཀྱིས་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པའི་གནས་ཚུལ་ལ་ཞིབ་རྟོག་བྱས།