དྲག་ཆས་ཉེན་རྟོག་མཚོ་སྔོན་ཞིང་ཆེན་སྤྱིའི་རུ་ཁག་གིས་བཀའ་ཁྱབ་སྒྲོག་པའི་གྲོས་ཚོགས་བསྡུས་པ།

          ཟླ་དྲུག་པའི་ཚེས་བཅུ་བཞི་ཉིན། དྲག་ཆས་ཉེན་རྟོག་མཚོ་སྔོན་ཞིང་ཆེན་སྤྱིའི་རུ་ཁག་གིས་བཀའ་ཁྱབ་སྒྲོག་པའི་གྲོས་ཚོགས་བསྡུས་པ་དང་། དྲག་ཆས་དམག་དཔུང་ཆབ་སྲིད་བྱ་བའི་པུའུ་ཡི་ཀྲུའུ་རིན་ཡན་ཞའོ་ཏུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་དྲག་ཆས་ཉེན་རྟོག་སི་ཁྲོན་སྤྱིའི་རུ་ཁག་གི་དམག་སྤྱི་ཆེན་མོ་གཞོན་པ་ལིས་ཙེ་ཡོན་དྲག་ཆས་ཉེན་རྟོག་མཚོ་སྔོན་ཞིང་ཆེན་སྤྱིའི་རུ་ཁག་གི་དམག་སྤྱི་ཆེན་མོར་བསྐོ་གཞག་བྱས་པའི་བཀའ་ཁྱབ་བསྒྲགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་ཉིན་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད། ཧྲིན་ཀྲང་་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་། དྲག་ཆས་ཉེན་རྟོག་མཚོ་སྔོན་ཞིང་ཆེན་སྤྱིའི་རུ་ཁག་གི་ཆབ་སྲིད་ཨུ་ཡོན་དང་པོ་ཝང་ཧྲིན་ཀྲིན་གྲོས་ཚོགས་ལ་ཞུགས། དྲག་ཆས་ཉེན་རྟོག་མཚོ་སྔོན་ཞིང་ཆེན་སྤྱིའི་རུ་ཁག་གི་ཆབ་སྲིད་ཨུ་ཡོན་ལུའུ་ཀོང་ཡོང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། དམག་སྤྱི་ཆེན་མོ་ལིས་ཙེ་ཡོན་གྱིས་གཏམ་བཤད།

        ཡན་ཞའོ་ཏུང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་སྤྱིའི་རུ་ཁག་གིས་དྲག་ཆས་ཉེན་རྟོག་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གིས་མགོ་ཁྲིད་ཡང་དག་འོག དམག་དཔུང་སྟོབས་ལྡན་དུ་བསྒྱུར་བའི་དམིགས་འབེན་སྣེ་ཁྲིད་དུ་བྱེད་པར་རྒྱུན་འཁྱོངས་བྱེད་པ་དང་། རྩ་བར་དམ་འཛིན་བྱས་ནས་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ནུས་པར་དམ་འཛིན་བྱས་ནས་སྲོག་ཤིང་ལ་འགན་སྲུང་བྱེད་པ། གཞི་རིམ་ལ་དམ་འཛིན་བྱས་ནས་གཏན་འཇགས་རྒྱུན་འཁྱོངས་ཏེ། རུལ་སུངས་ལ་ངོ་རྒོལ་བྱེད་པ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་གཙོར་བྱས་པའི་ཐད་ཀྱི་ལས་འགན་སྣ་ཚོགས་ལེགས་འགྲུབ་བྱས་ཟེར། ཁོས་ནན་གྱིས་བསྟན་དོན། ད་ལོ་ནི་ཏང་གི་ཚོགས་ཆེན་བསྡུ་བའི་ཆབ་སྲིད་ཀྱི་ལོ་ཡིན་ལ། དམག་དཔུང་ཚུལ་བསྒྱུར་བསྐྱར་འཛུགས་བྱེད་པའི་བཅོས་བསྒྱུར་གྱི་ལོ་དང་སྤྱོད་ཚུལ་ཇེ་ལེགས་དང་སྒྲིག་ལམ་ཇེ་དམ་དུ་གཏོང་བའི་མཁྲེགས་གཏོར་ལོ་ཡིན་པས། རིམ་པ་སོ་སོས་ཆབ་སྲིད་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཆབ་སྲིད་ལ་བརྟེན་ནས་དམག་འཛུགས་སྐྲུན་བྱེད་པ་དང་དམག་སྦྱོང་ལ་བརྟེན་ནས་འཐབ་འཛིང་ལ་གྲ་སྒྲིག་བྱེད་པ། རྨང་གཞི་བརྟན་པོ་འདིངས་པ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱས་ཏེ། དམག་དཔུང་འཛུགས་སྐྲུན་གྱི་ཁ་ཕྱོགས་ཡང་དག་དང་འགན་འཁྲི་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་པ་དང་། དམག་དཔུང་གི་གཅིག་བསྡུས་གཅིག་གྱུར་དང་བདེ་འཇགས་གཏན་འཇགས་ལ་ཁག་ཐེག་བྱེད་པ། ཏང་ཨུའི་ཚན་ཁག་བརྟན་ཞིང་ཤུགས་ཡོད་པར་ཁག་ཐེག་བྱེད་པ། དམག་དཔུང་འཛུགས་སྐྲུན་གྱི་ཆུ་ཚད་དང་སྲོག་ཤིང་དམག་དོན་ནུས་པ་ཁྱོན་ཡོངས་ནས་མཐོར་འདེགས་བྱེད་པ། གཏན་འཇགས་ལ་སྲུང་སྐྱོབ་བྱས་ཏེ། གྲུབ་འབྲས་བཟང་བོའི་ཏང་གི་ཚོགས་ཆེན་བཅུ་དགུ་བ་བསྡུ་བར་བསུ་མ་བྱེད་དགོས་ཟེར།

        ལིག་ཉིན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་བཀའ་ཁྱབ་ལ་གོང་བཀུར་བྱེད་རྒྱུ་ཡིན་པའི་ཚུལ་བསྟན་པ་དང་། དྲག་ཆས་ཉེན་རྟོག་མཚོ་སྔོན་ཞིང་ཆེན་སྤྱིའི་རུ་ཁག་གིས་ཉེ་བའི་ལོ་འགའི་རིང་འགན་འཁྲི་ལག་བསྟར་ནན་མོ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་བྱས་རྗེས་ཆེན་པོ་བཞག་པར་ཁས་ལེན་གང་ལེགས་བྱས། ཁོས་སྤྱིའི་རུ་ཁག་གིས་ཚན་ཁག་ལ་ལེགས་སྒྲིག་བྱེད་པ་དེ་འགོ་ཚུགས་ས་གསར་བར་བྱས་ཏེ་ཡང་བསྐྱར་གྲུབ་འབྲས་བཟང་བོ་ལེན་དགོས། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པར་དམ་དུ་དམིགས་ནས། བསམ་བློའི་སྣེ་ཁྲིད་འབུར་ཐོན་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་སྐད་ཆ་ལ་ཉན་པ་དང་། ཏང་གི་རྗེས་སྙེག་པའི་བསམ་བློ་ཇེ་བརྟན་ཏུ་གཏོང་དགོས། འཐབ་འཛིང་ལས་རྒྱལ་ཁ་ལེན་ཐུབ་པར་དམ་དུ་དམིགས་ནས། དམག་སྦྱོང་བྱས་ནས་འཐབ་འཛིང་བྱེད་པར་གྲ་སྒྲིག་བྱེད་པ་དང་། རྒྱུན་མ་ཆད་པར་འཐབ་འཛིང་དངོས་ཀྱི་ནུས་པ་མཐོར་འདེགས་བྱས་ཏེ། ས་གནས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་གཙོ་ཤུགས་དམག་དཔུང་བྱེད་དགོས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་དམིགས་ནས། དམག་དཔུང་གི་ཏང་འཛུགས་སྐྲུན་ལ་དམ་འཛིན་བྱེད་པ་དང་། ཆབ་སྲིད་ནུས་པ་མཐོར་འདེགས་བྱེད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་དམིགས་ནས། སྲོལ་རྒྱུན་བཟང་བོ་དར་སྤེལ་གཏོང་བ་དང་། དམག་དཔུང་གིས་མི་དམངས་ལ་གཅེས་སྤྲས་བྱེད་པ་དང་མི་དམངས་ཀྱིས་དམག་དཔུང་ལ་བརྩི་བཀུར་བྱེད་པའི་ཐད་ཀྱི་མིག་དཔེར་བྱས་ཏེ། བསྒྱུར་བ་བཞིའི་ངོས་འཛིན་དང་འགུལ་སྐྱོད་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་ལག་བསྟར་བྱེད་པའི་རླབས་ཆེན་གྱི་ལག་ལེན་ཁྲོད་ནས་བྱས་རྗེས་གསར་བ་འཇོག་དགོས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྔར་བཞིན་སྤྱིའི་རུ་ཁག་གི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ནས། དྲག་ཆས་ཉེན་རྟོག་གིས་འགན་ནུས་བསྒྲུབ་པའི་ཐད་ཁོར་ཡུག་ལེགས་པོ་བསྐྲུན་དགོས་ཟེར།

        ལུའུ་ཀོང་ཡོང་གིས་སྤྱིའི་རུ་ཁག་གི་ཏང་ཨུ་དང་རྒྱ་ཆེའི་དཔོན་དམག་ཡོངས་ཀྱི་ཚབ་བྱས་ཏེ། དྲག་ཆས་ཉེན་རྟོག་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་ད་ང། ཏང་ཨུའི་ཚན་ཁག་གི་སྣེ་ཁྲིད་དེ། བྱ་བ་བཟང་བོར་བསྒྲུབ་པ་དང་མདུན་གྲས་སུ་བསྐྱོད་པ། ཚན་ཁག་འཛུགས་སྐྲུན་བྱེད་པ་དང་དམག་དཔུང་གི་སྣེ་ཁྲིད་པ། ལས་འགན་ཡོངས་འགྲུབ་བྱེད་པ། སྤྱིའི་རུ་ཁག་འཛུགས་སྐྲུན་གྱི་རྣམ་པ་གསར་བ་གསར་གཏོད་བྱས་ཏེ། སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རབ་མཛེས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུའི་ཚུལ་བསྟན།