མཚོ་སྔོན་ཞིང་ཆེན་གྱིས་གནས་སྐོར་བདེ་འཇགས་དང་གནས་སྐོར་ཚོང་རར་མཉམ་འབྲེལ་སྒོས་ཁྲིམས་འཛིན་ཞིབ་བཤེར་སྤེལ་བའི་ཤུགས་ཚད་ཇེ་ཆེར་བཏང་།

        ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱི་གནས་སྐོར་ཚོང་རའི་དུས་ཚིགས་ཐོན་པའི་སྐབས་དང་བསྟུན་ནས། རྒྱ་ཆེའི་གནས་སྐོར་པ་དང་གནས་སྐོར་བྱ་བ་སྒྲུབ་མཁན་གྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ཁག་ཐེག་བྱས་ནས། རྒྱ་ཆེའི་གནས་སྐོར་བར་བདེ་འཇགས་དང་བདེ་ཐང་། གོ་རིམ་དང་སྤྲོ་སྐྱིད་ལྡན་པའི་གནས་སྐོར་ཁོར་ཡུག་ཅིག་བསྐྲུན་ཆེད། མཚོ་སྔོན་ཞིང་ཆེན་གྱིས་མཉམ་འབྲེལ་ཞིབ་བཤེར་ཚན་ཆུང་བཙུགས་ཏེ། གྲོང་ཁྱེར་དང་ཁུལ་སོ་སོའི་གནས་སྐོར་ཅུའུ་དང་གནས་སྐོར་རྫོང་གཙོ་བོ། གནས་སྐོར་ཁེ་ལས་གཙོ་བོ་བཅས་ལ་སྐོར་ཐེངས་གསར་བའི་གནས་སྐོར་བདེ་འཇགས་དང་གནས་སྐོར་ཚོང་རར་མཉམ་འབྲེལ་སྒོས་ཁྲིམས་འཛིན་ཞིབ་བཤེར་སྤེལ།

        ཤེས་པ་ལྟར་ན། མཉམ་འབྲེལ་ཁྲིམས་འཛིན་ཚན་ཆུང་གིས་ཟི་ལིང་གྲོང་ཁྱེར་གྱི་ས་ཁུལ་བཞི་དང་རྫོང་གསུམ། མཚོ་ཤར་ས་ཁུལ། རྨ་ལྷོ། མཚོ་བྱང་། མཚོ་ལྷོ་བཅས་ཀྱི་ལྗོངས་རྒྱུ་ས་ཁུལ་གཙོ་བོ་དང་མགྲོན་ཁང་། གནས་སྐོར་སྣེ་ལེན་ཞབས་ཞུ་ལས་ཁུངས། ཞང་སྡེ་གནས་སྐོར་སྣེ་ལེན་བྱེད་ས་སོགས་ཁེ་ལས་དང་ས་ཁུལ་གཙོ་བོར་ཞིབ་བཤེར་བྱས་པར་མ་ཟད། ས་གནས་སོ་སོས་བདེ་འཇགས་ཐོན་སྐྱེད་དེ་དུས་དང་རྣམ་པ་ཀུན་དུ་གནས་སྐོར་འཕེལ་རྒྱས་ཀྱི་གོ་གནས་དང་པོར་བཞག་སྟེ་དམ་འཛིན་ལེགས་འཛིན་བྱེད་དགོས་ལ། གནས་སྐོར་ཚོང་རའི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་སྒྲིག་གཞི་དང་ལམ་ལུགས་འཛུགས་སྐྲུན་བྱེད་པའི་ཐད་ལ་འཕེལ་རྒྱས་ཆེན་པོ་འབྱུང་བར་བརྩོན་ལེན་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་གཏིང་ཟབ་ཏུ་སྤེལ་ཏེ། མཚོ་སྔོན་ཞིང་ཆེན་གྱི་གནས་སྐོར་བདེ་འཇགས་བྱ་བར་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་དགོས་པར་མ་ཟད། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་ཧུར་ཐག་སྒོས་བྱས་རྗེས་འཇོག་དགོས་པའི་རེ་བ་བཏོན།