མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་རྒྱུན་ལས་གྲོས་ཚོགས་ཐེངས་ཉེར་དྲུག་པ་བསྡུས་པ།

       ཟླ་དྲུག་པའི་ཚེས་བཅུ་བཞི་ནས་ཚེས་བཅོ་ལྔ་ཉིན་བར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་རྒྱུན་ལས་གྲོས་ཚོགས་ཐེངས་ཉེར་དྲུག་པ་བསྡུས་ཤིང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་པ་དང་། སྲིད་གྲོས་ཀྱི་དམངས་གཙོ་ལྟ་སྐུལ་བྱ་བར་ཤུགས་སྣོན་པ་དང་བཅོས་སྒྱུར་བྱེད་པའི་ཐད་ནས་གཏམ་བཤད་གནང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལོ་ཁྲའོ་ཡང་དང་པའོ་ཡིས་ཀྲི། རིན་ཆེན་རྣམ་རྒྱལ། མ་ཀྲི་ཝེ། མ་ཁྲང་ཆིན། ལི་ཞོན་ཧྲིན། ཀྲང་ཧྲིག་ཁྲིན། ཅི་རིན་ཧྥིན། དྲུང་ཡིག་ཆེན་མོ་ཝང་ཅིན་དང་། གཞན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་མི་ང་གསུམ་བཅས་ཐེངས་འདིའི་གྲོས་ཚོགས་ལ་ཞུགས།

        མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། མཐའ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཡི་པའོ་བཅས་གདན་ཞུས་ལྟར་ཐེངས་འདིའི་གྲོས་ཚོགས་ལ་ཞུགས། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་། མཚོ་སྔོན་ཞིང་ཆེན་མི་དམངས་ཁྲིམས་ཁང་། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་། ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་བཅས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་རྣམས་ཐེངས་འདིའི་གྲོས་ཚོགས་ལ་ཟུར་ཞུགས་བྱས་ཤིང་། འབྲེལ་ཡོད་བྱ་བའི་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས།

        མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། སྲིད་གྲོས་ཀྱི་དམངས་གཙོ་ལྟ་སྐུལ་བྱ་བའི་གལ་ཆེན་རང་བཞིན་གསལ་བོར་ཤེས་དགོས་པ་དང་། ལྟ་སྐུལ་བྱ་བར་ཕན་འབྲས་ཡོད་པར་བྱེད་དགོས་ལ། རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་ཀྱིས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོང་དོན་ལག་བསྟར་དོན་འཁྱོལ་ཡོང་བར་བྱས་ནས། རང་རྟོགས་ཀྱིས་སྲིད་གྲོས་བྱ་བ་དེ་ཞིང་ཆེན་ཡོངས་ཀྱི་བྱ་བ་སྤྱིའི་ཁྲོད་མཉམ་འདྲེས་བྱེད་དགོས་ཞེས་བསྟན།

        ཝང་ཡི་པའོ་ཡིས་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་སྲིད་གྲོས་ཀྱི་དམངས་གཙོ་ལྟ་སྐུལ་བྱ་བར་རྒྱབ་སྐྱོར་བྱེད་བཞིན་པའི་འབྲེལ་ཡོད་བྱ་བའི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་བྱས་པ་སྟེ། སྐབས་འདིའི་སྲིད་གྲོས་ཀྱི་སྐབས་སུ། ཞིང་ཆེན་སྲིད་གཞུང་གིས། ཞིང་ཆེན་ཏང་ཨུས་སྲིད་གྲོས་ཀྱི་ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ་བྱ་བར་ཤུགས་སྣོན་པའི་འབྲེལ་ཡོད་ལམ་ལུགས་ཅན་གྱི་ཡིག་ཆ་དག་ཕྱོགས་ཡོངས་ལག་བསྟར་བྱས་ཡོད་པ་དང་། རང་རྟོགས་ཀྱིས་སྲིད་གྲོས་ཀྱིས་དམངས་གཙོ་ལྟ་སྐུལ་བྱེད་པར་རྒྱབ་སྐྱོར་དང་དང་ལེན་བྱེད་དགོས་ཞེས་བསྟན།

        ལོ་ཁྲའོ་ཡང་གིས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་སུ་གཏོང་བ་དང་། སྲིད་གྲོས་ཀྱི་དམངས་གཙོ་ལྟ་སྐུལ་བྱ་བར་སྐུལ་སྤེལ་བྱེད་དགོས་ཞེས་པའི་སྙན་ཞུ་ཐེངས་འདིའི་གྲོས་ཚོགས་ལ་ཕུལ་བ་དང་། བློ་མཐུན་བཅུ་ཡིས་ཞིང་ཆེན་སྲིད་གྲོས་ཀྱི་འབྲེལ་ཆེད་དོན་ཨུ་ཡོན་ལྷན་ཁང་དང་གཞི་རིམ་གྱི་སྲིད་གྲོས་འགའི་ཚབ་བྱས་ཏེ་གྲོས་ཚོགས་སྟེང་གཏམ་བཤད། ཚོགས་ཞུགས་བློ་མཐུན་རྣམས་ཀྱིས་ཐེངས་འདིའི་གྲོས་ཚོགས་ཀྱི་ནང་དོན་གཞིར་བཟུང་ནས་གྲོས་མོལ་བྱས་པ་དང་། ཕན་འབྲས་ལྡན་པའི་བསམ་འཆར་དང་གྲོས་གཞི་འགའ་བཏོན་ཡོད་པ་རེད།

        གྲོས་ཚོགས་སྟེང་ད་དུང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་བའི་ཚུན་ལ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྒྲུབ་པའི་བྱ་བ་གལ་ཆེན་དག་ཁྱབ་སྒྲོག་བྱས་པ་དང་། མི་དོན་གནས་ཚུལ་ཐད་ཀྱི་འབྲེལ་ཡོད་བྱ་བར་གྲོས་འཆམ་བྱུང་།

        ལུའུ་ཀོང་ཡོང་དང་ཚོས་ཁྲང་ཡིན་བཅས་ཐེངས་འདིའི་གྲོས་ཚོགས་ལ་ཞུགས།