རྒྱལ་ཁབ་ཀྱིས་གནང་སྦྱིན་བྱས་པའི་བྱིས་པའི་འཚོ་བཅུད་དེ་གང་ནས་ལེན་ཐུབ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-06-16 16:40:26      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

        མེད་པ་གསུམ་གྱི་མི་ཞེས་པ་གང་ལ་ངོས་འཛིན་དགོས།

        ལན། དེ་ནི་ཞིང་ཆེན་ནང་ཁུལ་དུ་ནད་གཞི་ལྕི་མོའམ་རྨས་སྐྱོན་ལྕི་མོ་ཕོག་པ་ལ་མྱུར་སྐྱོབ་བྱེད་དུས་སུ་ཐོབ་ཐང་མི་གསལ་བ་དང་། སྨན་བཅོས་ཀྱི་རིན་པ་སྤྲོད་པའི་ནུས་པ་མེད་པ། ནད་བདག་དང་དོན་རྐྱེན་གྱི་འགན་འཁུར་མཁན་མེད་པའི་ནད་པ་བཅས་ལ་མེད་པ་གསུམ་ཟེར།

        བྱིས་པའི་འཚོ་བཅུད་ཇེ་ལེགས་སུ་གཏོང་བའི་རྣམ་གྲངས་ཞེས་པ་ཅི་ཡིན།

        ལན། དེ་ནི་གཙོ་བོ་ས་གནས་དབུལ་བོ་ལས་ཞིང་གྲོང་གི་ཟླ་དྲུག་ནས་ཟླ་བ་ཉེར་བཞི་བར་གྱི་ཕྲུ་གུ་རྣམས་ལ་རྒྱལ་ཁབ་ཀྱིས་འཚོ་བཅུད་བཟང་བོ་གནང་སྦྱིན་བྱེད་པ་ལ་ཟེར་ཞིང་། དེ་ནི་བྱིས་པའི་འཚོ་བཅུད་ཕུན་སུམ་ཚོགས་ཤིང་། བདེ་ཐང་དང་སྐྱེས་འཚར་ལ་ཕན་ཐོགས་པར་དམིགས་ནས་གནང་བ་ཞིག་གོ།

        བྱིས་པའི་འཚོ་བཅུད་དེ་གང་དུ་སོང་ན་ལེན་ཐུབ།

        ལན། ས་གནས་དེའི་གྲོང་ཚོའི་འཕྲོད་བསྟེན་ཁང་ངམ་ཡང་ན་འཕྲོད་བསྟེན་གླིང་ནས་ལེན་ཐུབ།

        མི་ཚང་དབུལ་བོར་ནད་ལྕི་མོ་ཕོག་དུས་སྒོ་བསྟེན་ཁང་གི་རོགས་སྐྱོབ་སྲིད་ཇུས་ནི་གང་ཡིན།

        ལན། མི་ཚང་དབུལ་བོར་དྲག་པོའི་རང་བཞིན་གྱི་འབྲས་སྐྲན་ནད་ལ་རྫས་འགྱུར་ནད་བཅོས་དང་། དལ་བའི་རང་བཞིན་གྱི་མཁལ་མའི་ནུས་པ་ཉམས་གསོ་སྨན་བཅོས། མཁལ་མའི་དབང་བོ་སྤོ་འཇུག་རྗེས་ཀྱི་སྨན་བཅོས་། ཁྲག་འཛར་ནད་སོགས་ནད་གཞི་དྲག་པོའི་སྐོར་ལ་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་དུས། སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་པའི་སྲིད་ཇུས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་སྨན་བཅོས་ཀྱི་འགྲོ་གྲོན་དག་གཞི་རྩའི་སྨན་བཅོས་འགན་སྲུང་དང་། སྙུང་གཞི་དྲག་པོའི་ཉེན་འགོག་འགན་སྲུང་གཉིས་ནས་འགྲོ་སོང་རྩིས་ཞུ་བྱས་རྗེས། དེའི་འཕྲོར་ལྷག་པའི་འགྲོ་གྲོན་དེ་བརྒྱ་ཆའི་བརྒྱད་ཅུ་ཡི་ཚད་གཞི་ལྟར་སྨན་བཅོས་རང་ངོས་ནས་རོགས་སྐྱོབ་བྱེད་པ་རེད་ལ། རྒྱལ་ཁབ་ཀྱིས་དམིགས་སུ་བཀར་བའི་མི་ཚང་དབུལ་བོར་བརྒྱ་ཆའི་བརྒྱ་ཡི་རོགས་སྐྱོབ་ཡོད་པ་དང་། སྒོ་བསྟེན་སྨན་ཁང་ལ་དེ་སྐོར་ནས་མི་རེར་ལོ་རེར་རོགས་སྐྱོར་མ་དངུལ་སྒོར་ཁྲི་རེ་ཡོད་པ་རེད།

        ལོ་ཙཱ་བ། ཁོན་ཐར་འཚོ།