མཚོ་སྔོན་གྱི་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་མ་ལག་གིས་ལོ་གསུམ་གྱི་ནང་ཁྱོན་ཡོངས་ནས་དུ་བ་བཀག་སྡོམ་བྱེད་པར་མངོན་འགྱུར་བྱ་རྒྱུ་རེད།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-06-19 15:51:26      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

        མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། 2017ལོ་ནས་མགོ་བརྩམས་ཏེ2019ལོའི་ལོ་མཇུག་བར་དུ་རང་ཞིང་གི་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་མ་ལག་གིས་ལོ་གསུམ་གྱི་དུས་ཚོད་བེད་སྤྱད་དེ་ཁྱོན་ཡོངས་ནས་དུ་བ་བཀག་སྡོམ་བྱེད་པར་མངོན་འགྱུར་བྱ་རྒྱུ་རེད།

        འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་ཨུ་ལྷན་སྲིད་འཛིན་དྲིལ་སྒྲོག་ཁྲུའུ་ཡི་འགན་ཁུར་མི་སྣས་བཤད་རྒྱུར། 2014ལོར་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་སོ་སོ་ནས་བསྡོམས་པས་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་ལས་ཁུངས85ཡིས《དུ་བ་མེད་པའི་ འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་ལས་ཁུངས་དཔྱད་བརྗོད་ཚད་གཞི》གཞིར་བཟུང་ནས་ལྐོག་བཤེར་དཔྱད་འདེམས་བྱས་ཏེ། མཇུག་འབྲས་ཀྱི་ཕྱོགས་བསྡུས་དཔྱད་བརྗོད་ཐོབ་སྐར58.07%ཡིན་ལ།དེའི་ཁྲོད་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གི་ཐོབ་སྐར60.48%དང་།སྤྱི་གཞུང་འཕྲོད་བསྟེན་ལས་ཁུངས་དང་སྨན་བཅོས་ལས་ཁུངས་ཀྱི་ཐོབ་སྐར68.42%དང53.59%རེད། ལྟོས་བཅོས་ཀྱིས་དུ་བ་ཚོད་འཛིན་བྱ་བར་གྲུབ་འབྲས་ཅུང་བླངས་ནའང་། ཁྱོན་ཡོངས་ནས་དུ་བ་བཀག་སྡོམ་བྱེད་པའི་དམིགས་འབེན་དང་བར་ཁྱད་ཆེན་པོ་ཡོད་པ་རེད། དེ་བས་ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་གིས《མཚོ་སྔོན་ཞིང་ཆེན་གྱི་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་མ་ལག་གིས་“དུ་བ་མེད་པའི་ལས་ཁུངས”མགྱོགས་མྱུར་གྱིས་མངོན་འགྱུར་བྱེད་པའི་བྱ་བའི་ཇུས་གཞི》དཔར་འགྲེམས་བྱས།

        《ཇུས་གཞི》ལས་བསྟན་དོན། ད་ལོའི་ལོ་མཇུག་དུ་ཞིང་ཆེན་དང་གྲོང་ཁྱེར(ཁུལ)།རྫོང(ས་ཁུལ)སོ་སོ་ནས་རིམ་པ་མི་འདྲ་བའི་དུ་བ་སྔོན་འགོག་གི་བྱ་བའི་དྲ་རྒྱ་བཙུགས་ནས་དུ་བ་མེད་པའི་ལས་ཁུངས་ཁྱོན་ཡོངས་ནས་མངོན་འགྱུར་བྱ་རྒྱུ་དང་། 2018ལོའི་ལོ་མཇུག་ལ་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་སྲིད་འཛིན་སྡེ་ཁག་དང་ཅཱ་གཉིས་ཡན་གྱི་སྨན་ཁང་དང་སྤྱི་གཞུང་འཕྲོད་བསྟེན་ཞབས་ཞུའི་ལས་ཁུངས་ཀྱིས་ཆ་སྙོམས་སྒོས་ཁྱོན་ཡོངས་ནས་དུ་བ་བཀག་སྡོམ་བྱེད་པར་མངོན་འགྱུར་བྱ་རྒྱུ། 2019ལོའི་ལོ་མཇུག་ལ་ཐོན་དུས་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་མ་ལག་ནང་ཁྱོན་ཡོངས་ནས་དུ་བ་བཀག་སྡོམ་བྱེད་པར་མངོན་འགྱུར་བྱ་རྒྱུ་རེད།

        ལོ་ཙཱ་བ།ལྷ་ཆེན་རྒྱལ།