བོད་ལྗོངས་ཀྱིས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལ་གཡས་གཞོགས་གཡོན་འདེགས་བྱེད་པ།

      ཡོང་ཁུངས། : མི་དམངས་དྲ་བ།      སྤེལ་དུས། : 2017-06-19 16:18:54      རྩོམ་སྒྲིག་པ། : ཡེ་ཤེས །

             མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་31ཉིན་བར་ཅུས་དེ་གའི་12315ཐེར་འདོན་གོང་ཞུའི་བཀོད་འདོམས་ལྟེ་གནས་ཀྱིས་འཛད་སྤྱོད་པའི་ཐེར་འདོན་གོང་ཞུའི་བློ་འདྲི་ཁག་3208བདག་སྤྲོད་བྱས་པར་གྱོད་འབྲེལ་དངུལ་གྲངས་སྒོར་ཁྲི་409.2ཟིན་པ་དང་། རྒྱ་ཆེའི་འཛད་སྤྱོད་པར་དཔལ་འབྱོར་གྱོང་གུན་སྒོར་ཁྲི་229.9མི་ཕོག་པ་བྱས་ཡོད།

        བོད་རང་སྐྱོང་ལྗོངས་བཟོ་ཚོང་ཅུས་ཁྲོམ་ར་ཁྲུའི་ཁྲུའུ་ཀྲང་གཞོན་པ་ཝང་ལེ་ཅའོ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། འཛད་སྤྱོད་པའི་ཐེར་འདོན་གོང་ཞུ་གཙོ་བོ་ཚོང་ཟོག་གི་བརྡ་ཆ་རྫུས་མ་དྲིལ་བསྒྲགས་དང་། ལག་ཁྱེར་མེད་པའི་གཉེར་སྐྱོང་། གསུམ་མེད་ཐོན་ཟོག ཚོང་རྟགས་ཀྱི་ཁེ་དབང་ལ་གནོད་འཚེ་གཏོང་བ། དྲ་སྦྲེལ་གྱི་ཞབས་ཞུའི་སྤུས་ཚད་སོགས་ཀྱི་གནད་དོན་དང་འབྲེལ་བ་ཡོད་པ་རེད། ཤེས་རྟོགས་བྱུང་བ་ལྟར་ན། བོད་ལྗོངས་ཀྱི་རིམ་ཁག་བཟོ་ཚོང་ལས་ཁུངས་ཀྱིས་ལྟེ་གནས་དེས་འཛད་སྤྱོད་པའི་ཞུ་གཏུག་གཅིག་གྱུར་བདག་སྤྲོད་ལ་བརྟེན་ནས་གཅིག་སྡུད་ཐོག་བདག་སྤྲོད་དང་ཁག་བགོས་བརྒྱུད་གཉེར་ཐུབ་པ་བྱས་ནས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལས་ཀའི་ཕན་འབྲས་སྔར་བས་ཆེ་རུ་བཏང་ནས། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལ་གཡས་གཞོགས་གཡོན་འདེགས་བྱས་པ་རེད།