བོད་རང་སྐྱོང་ལྗོངས་ཀྱིས་རྫོང་(ཆུས)ཨུད་ཀྱི་སྐོར་བཤེར་ལམ་ལུགས་བཟོ་རྒྱུའི་བསམ་འཆར་པར་འགྲེམས་བྱས་པ།

      ཡོང་ཁུངས། : མི་དམངས་དྲ་བ།      སྤེལ་དུས། : 2017-06-19 16:19:25      རྩོམ་སྒྲིག་པ། : ཡེ་ཤེས །
               མི་དམངས་དྲ་བའི་འཕྲིན། ཉེ་སྔོན། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་《རྫོང་(ཆུས)ཨུད་ཀྱི་སྐོར་བཤེར་ལམ་ལུགས་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་བསམ་འཆར》པར་འགྲེམས་བྱས་ཏེ་རྫོང་(ཆུས)ཨུད་ཀྱི་སྐོར་བཤེར་ལམ་ལུགས་བཟོ་རྒྱུར་གལ་ཆེའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

        《བསམ་འཆར་》ནང་རྫོང་(ཆུས)ཨུད་ཀྱི་སྐོར་བཤེར་སྒྲིག་གཞི་དང་དཔུང་ཁག་འཛུགས་རྒྱུར་བཀོད་སྒྲིག་དང་། རྫོང་(ཆུས)ཨུད་ཀྱི་སྐོར་བཤེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་གྲུབ་ཆ་དང་འགན་འཁྲི་གཏན་འཁེལ། རྫོང་(ཆུས)ཨུད་ཀྱི་སྐོར་བཤེར་ལས་དོན་གཞུང་ལས་ཁང་གིས་ཏང་ཨུད་ལས་དོན་སྡེ་ཚན་དང་སྒྲིག་ཨུད་དུ་བཙུགས་པའི་ཁོའོ་རིམ་པ་རྒན་པའི་ཚན་པ་ཁ་གསལ་བཟོ་དགོས་པ། རྫོང་(ཆུས)ཨུད་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྐོར་བཤེར་ཚོགས་ཆུང་འཛུགས་དགོས་པའི་བླང་བྱ་བཏོན་པ། ཙུའུ་ཀྲང་གི་མཛོད་དང་། ཤེས་ལྡན་མི་སྣའི་མཛོད་འཛུགས་པ། ཆེད་འགན་དང་ཞོར་འགན་འཁུར་རྒྱུ་ཟུང་འབྲེལ་གྱི་བྱེད་ཐབས་ཐོག་ནས་སྐོར་བཤེར་ལས་བྱེད་པ་བཀོད་སྒྲིག་བྱེད་དགོས་པ་བཅས་བཏོན་ཡོད། སྐོར་བཤེར་ལྟ་སྐུལ་བྱ་ཡུལ་གཙོ་བོ་ནི་རྫོང་(ཆུས)ཐད་གཏོགས་ཚན་པ་དང་། ཁེ་ལས་དང་བྱ་གཞག་ཚན་པའི་འགོ་ཁྲིད་ཚན་ཁག་དེའི་ཁོངས་མི། ཤང་གྲོང་ཏང་སྲིད་འགོ་ཁྲིད་ཚན་ཁག་དང་དེའི་ཁོངས་མི། མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ། གྲོང་ཚོའི་(གྲོང་ལྷན)ཏང་རྩ་འཛུགས་ཀྱི་ཚན་ཁག་དང་དེའི་ཁོངས་མི། གྲོང་ཚོ་(གྲོང་ལྷན)ཨུ་ལྷན་གྱི་འགན་འཁུར་བ་གཙོ་བོ་བཅས་ཡིན་པ་དང་། ནང་དོན་གཙོ་བོ་ནི་ཏང་གི་འགོ་ཁྲིད་དང་། ཏང་འཛུགས་སྐྱོང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བཅས་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ཤེས་རྟོགས་ཐུབ་པ་བྱ་རྒྱུ་དང་འབྲེལ་ལས་ཀའི་ཐད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐོར་གཟིགས་དང་ས་གནས་གྲོང་ཨུད་ཀྱི་སྐོར་བཤེར་ལས་དོན་གྱི་བྱེད་ཐབས་དཔྱད་གཞིར་འཛིན་ནས“གང་ལ་གང་འཚམ་དང་ཏན་ཏིག་ཕན་ཆེའི”རྩ་དོན་གཞིར་བཟུང་ལས་དོན་སྤེལ་རྒྱུ་དེ་རེད། 《བསམ་འཆར་》ནང་ལྗོངས་ཏང་ཨུད་ཀྱི་སྐོར་གཟིགས་དང་ས་ཁུལ་གྲོང་ཨུད་དང་རྫོང་ཆུས་ཨུད་ཀྱི་སྐོར་བཤེར་གཞི་གཅིག་ཅན་གྱི་ལས་དོན་རྣམ་པ་འཛུགས་རྒྱུར་དམིགས་ནས་སྐོར་གཟིགས་སྐོར་བཤེར་གྱི་མཐུན་སྦྱོར་མཉམ་འགུལ་ལམ་སྲོལ་དང་། སྐོར་བཤེར་ལས་དོན་སྙན་སེང་ཉན་པའི་ལམ་ལུགས་ལམ་སྲོལ། སྐོར་བཤེར་ཀུན་ཁྱབ་ལམ་ལུགས་ལམ་སྲོལ། སྐོར་བཤེར་ལས་དོན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་པའི་ལམ་སྲོལ། གནད་དོན་ཁུངས་སྣེ་རྩིས་སྤྲོད་དང་ལྟ་སྐུལ་སྒྲུབ་གཉེར་ལམ་སྲོལ། གྲུབ་འབྲས་བཀོལ་སྤྱོད་ལམ་སྲོལ་བཅས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ལས་དོན་ལ་སྐུལ་འདེད་བཏང་སྟེ་སྐོར་བཤེར་གྱི“སྤུ་གྲིའི”ནུས་པ་འདོན་སྤེལ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།