འོས་འགན་སློབ་གསོ་མྱོང་བའི་བར་སྐབས་ཀྱི་བཅའ་སྡོད་སློབ་མར་འཚོ་བའི་ཁ་གསབ་གང་དག་ཡོད།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-06-19 17:48:30      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

        མི་ཚང་དབུལ་བོ་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་པར་རོགས་སྐྱོབ་སྲིད་ཇུས་ཅི་ཞིག་ཡོད།

        མི་ཚང་དབུལ་བོས་གཏན་འཁེལ་གྱི་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་པའི་བར་སྐབས་ཀྱི་སྨན་རིན་དག་གཞུང་གི་འགྲོ་གྲོན་ཆག་ཡང་གི་སྲིད་ཇུས་དང་། གཞི་རྩའི་སྨན་བཅོས་ཀྱི་འགན་ལེན། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ནད་ལྕི་མོའི་རིགས་ཀྱི་སྨན་བཅོས་འགན་ལེན་བཅས་ཀྱིས་རྩིས་ཞུ་བྱས་རྗེས་སུ། སྨན་ཡོན་རོགས་སྐྱོབ་ཀྱི་ཚད་གཞི་ལས་མཐོ་བའི་སྨན་རིན་ལྷག་མ་དེ་རོགས་སྐྱོབ་སྲིད་ཇུས་སམ་སྨན་རིན་གྱི་རོགས་སྐྱོར་ཚད་གཞི་དང་མཐུན་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ་སྨན་ཁང་ནས་སྨན་རིན་གྱི་བརྒྱ་ཆའི་བརྒྱད་ཅུ་ཡི་རོགས་སྐྱོར་བྱེད་པ་ཡིན། དམིགས་བཀར་གྱི་རོགས་སྐྱོར་བྱ་ཡུལ་མི་ཚང་དབུལ་བོར་སྨན་རིན་གྱི་བརྒྱ་ཆའི་བརྒྱ་ཡི་རོགས་སྐྱོར་བྱེད་ཅིང་། མི་རེར་ལོ་རེར་སྒོར་ཁྲི་ལྔ་ནས་ཁྲི་དྲུག་གི་རོགས་སྐྱོར་ཡོད།

        འོས་འགན་སློབ་གསོ་མྱོང་བའི་བར་སྐབས་ཀྱི་བཅའ་སྡོད་སློབ་མར་འཚོ་བའི་ཁ་གསབ་གང་དག་ཡོད།

        ལན། ཞིང་འབྲོག་ཁུལ་དང་གྲོང་ཁྱེར་གྱི་མི་ཚང་དབུལ་བོའི་སློབ་མ་སློབ་གྲྭར་བཅའ་སྡོད་སྐབས་ལ་གཞུང་ནས་གནང་བའི་འཚོ་བའི་ཁ་གསབ་ལ་གོ་ཞིང་། ཁ་གསབ་ཀྱི་ཚད་གཞི་ནི། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་སློབ་ཆུང་གི་སློབ་མ་རེ་ལ་ལོ་རེར་སྒོར་༡༡༠༠རེ་དང་། སློབ་འབྲིང་ལ་སྒོར༡༣༥༠རེ་ཡོད་པ་དང་། མཚོ་བྱང་ཁུལ་དང་མཚོ་ནུབ་ཁུལ་གྱི་སློབ་ཆུང་གི་སློབ་མ་རེ་ལ་ལོ་རེར་སྒོར༡༥༠༠རེ་དང་། སློབ་འབྲིང་ལ་ལོ་རེར་སྒོར༡༧༠༠རེ་ཡོད་པ། མཚོ་ལྷོ་ཁུལ་དང་རྨ་ལྷོ་ཁུལ་གྱི་རེབ་གོང་རྫོང་དང་། གཅན་ཚྭ་རྫོང་། རྩེ་ཁོག་རྫོང་། སོག་རྫོང་བཅས་ཀྱི་སློབ་ཆུང་གི་སློབ་མ་རེ་ལ་ལོ་རེར་སྒོར༡༧༠༠རེ་དང་སློབ་འབྲིང་ལ་སྒོར༡༩༠༠རེ་ཡོད་པ་རེད།

        འོས་འགན་སློབ་གསོ་མྱོང་བའི་བར་སྐབས་ནང་དུ་གཙང་གསུམ་འགོ་ཁོངས་ཀྱི་ཡུལ་གཞན་སློབ་གཉེར་ལ་ཡོད་པའི་(ཡུལ་ཤུལ་དང་། མགོ་ལོག རྨ་ལྷོ། མཚོ་ལྷོ། མཚོ་བྱང་། མཚོ་ནུབ་བཅས་ཁུལ་དྲུག)བྱ་དགའ་རང་བཞིན་གྱི་ཁ་གསབ་ལ་སྲིད་ཇུས་གང་དག་ཡོད།

        ལན། སློབ་འབྲིང་གི་སློབ་མ་ས་ཁུལ་གཞན་དུ་སློབ་གཉེར་བྱེད་པ་རྣམས་ལ་བྱ་དགའ་རང་བཞིན་གྱི་ཁ་གསབ་སྲིད་ཇུས་ཡོད་ཅིང་། དེ་ནི་ངེས་པར་དུ་སློབ་གསོ་སྡེ་ཁག་གིས་གཅིག་གྱུར་སྒྲིག་འཛུགས་འོག་ཏུ་ཡུལ་དེ་གར་སློབ་གཉེར་ལ་མངག་པའི་སློབ་མ་ཡིན་དགོས། སྒེར་ཐོག་ནས་ཡུལ་གཞན་དུ་སློབ་གཉེར་ཕྱིན་པ་རྣམས་ལ་སྲིད་ཇུས་དེ་རག་མི་ཐུབ། བྱ་དགའ་རང་བཞིན་གྱི་ཁ་གསབ་དེ་ནི་ལོ་གཅིག་ནང་གི་སློབ་སྐབས་ཧྲིལ་བོར་སློབ་མ་རེ་ལ་ཆ་སྙོམས་ཀྱིས་༢༣༠༠རེ་དང་། འཚོ་བའི་ཁ་གསབ་ཀྱི་ཚད་གཞི་སློབ་མ་རེ་ལ་ལོ་རེར་༢༢༠༠རེ་ཡོད་པ་རེད།

        ལོ་ཙཱ་བ། ཁོན་ཐར་འཚོ།