ཚེ་གང་བོར་ལེ་ཧྥུན་ལྟ་བུའི་འཐབ་མོ་བ་ཞིག་བྱེད་དགོས། (གཉིས་པ།)

      ཡོང་ཁུངས། : བདེན་འཚོལ་རྩོམ་སྒྲིག་ཁང་།      སྤེལ་དུས། : 2017-06-27 09:28:39      རྩོམ་སྒྲིག་པ། : ལྷ་དཔལ་སྐྱབས།

        ཚེ་གང་བོར་ལེ་ཧྥུན་ལྟ་བུའི་འཐབ་མོ་བ་ཞིག་བྱེད་དགོས། (གཉིས་པ།)

        ལིག་ཞའེ་ཅོན།

        དེའི་རྗེས་སུ་ལོ་ཚད་ཇེ་ཆེར་སོང་བ་དང་བསྟུན་ནས་དམག་ལ་ཞུགས་ཡོད་པས། སྐབས་དེར1975ལོར་རང་ཉིད་ཁྲང་ཕེན་གྱི་ཞའོ་ཐང་རི་བོའི་ཞིང་ར་ཞིག་ཏུ་ངལ་རྩོལ་བྱས་ཤིང་། སྐབས་དེར་དབྱར་ཁའི་དུས་ཚིགས་ཀྱི་སྐབས་ཡིན་པས་ལུས་པོ་ཧ་ཅང་ངལ་དུབ་ཆེ་བ་མ་ཟད། ངལ་རྩོལ་བྱེད་རྒྱུའི་ལས་ཀ་ཡང་ཧ་ཅང་ལྕི་བས་ངལ་རྩོལ་ཚར་རྗེས་རྒྱུ་ལྷག་གཉན་ཚད་བྱུང་བ་རེད། ཕལ་ཆེར་མི་མང་པོ་ཞིག་ལ་རྒྱུ་ལྷག་གཉན་ཚད་བྱུང་མྱོང་ལ། དེ་ནི་ཧ་ཅང་ཚ་བ་མ་ཟད། ཚ་རྒྱས་པས་ལག་པས་མཁལ་སྐེད་བསྐྱོར་དགོས་བྱུང་། སྐབས་དེར1975ལོར་རླངས་འཁོར་ཡང་མེད་ལ། རླངས་འཁོར་ཞིག་ཡོད་པ་དེ་གཞན་ལ་དངོས་པོ་སྐྱེལ་དུ་སོང་ནས་ཕྱིར་མ་ཡོང་བས་ང་ཚོ་སྡོད་ས་ནས་ཞའོ་ཐང་རི་བོའི་འཕྲོད་བསྟེན་ཁང་གི་དབར་དུ་སྤྱི་ལེ8ལྷག་ཡོད། སྐབས་དེར་ངས་ན་ཟུག་གིས་མ་བཟོད་པས་ཉིན་གུང་དུས་ཚོད12གྱི་སྐབས་སུ་ངས་ལག་པས་རང་གི་མཁལ་སྐེད་བསྐྱོར་ནས་ལམ་ལ་ཆས་པ་ཡིན། དེ་ནི་ས་ལམ་ཡིན་པས་སྤྱི་ལེ1ལྷག་ལ་སོང་མ་ཐག་གློ་བུར་དུ་ཨ་མྱེས་རྒད་པོ་ཞིག་ས་རུ་འགྱེལ་འདུག་པ་མཐོང་བྱུང་ལ། སྐྱག་སྦྲང་མང་པོ་ཞིག་སྟེང་དུ་རུབ་ཡོད་པ་མ་ཟད། ཁ་ནང་ན་ཝུ་བ་བཞུར་བཞིན་འདུག ད་རུང་མགོ་དཀྲིས་ཀྱི་ལག་ཕྱིས་ཤིག་གིས་དངོས་པོ་གང་རུང་ཞིག་བཅུད་ནས་ལག་ལ་བཟུང་འདུག ང་མྱུར་དུ་སོང་ནས་ཨ་མྱེས་ཁྱོད་ལ་ཅི་བྱས་སོང་ངམ་ཞེས་ཇི་ལྟར་དྲིས་ན་ཡང་ཁོས་སྐད་ཆ་ཚིག་གཅིག་ཀྱང་མི་བཤད་པས། མ་གཞི་དྲན་པ་བརྒྱལ་འདུག་པ་རེད། ངས་ཡར་མར་ལ་བལྟས་ནས་སྐད་བརྒྱབ་ན་ཡང་མི་གཅིག་ཀྱང་མི་འདུག་པར་འདབ་ཆགས་རེ་འགའི་སྐད་མ་གཏོགས་ཅི་ཡང་གོ་རྒྱུ་མི་འདུག སྐབས་དེར་ངས་ཨ་མྱེས་ཁྲིད་འགྲོ་འདོད་རུང་རླངས་འཁོར་ཡང་མེད་པས་ངས་ཨ་མྱེས་དེ་རྒྱབ་ལ་ཁུར་རྗེས་ལག་ལ་ཁུག་མ་དེ་བཟུང་ནས་རང་གི་མཁལ་སྐེད་བསྐྱོར་ནས་མདུན་ཕྱོགས་སུ་སོང་། ད་ལྟ་ཕྱིར་འདང་བརྒྱབ་ན་ཡང་བརྗེད་ཐབས་མེད་ལ། སྐབས་དེའི་རྔུལ་ཆུ་བཞུར་ནས་སྐམ་རྗེས་ཡང་བཞུར་བཞིན་སྤྱི་ལེ8ལྷག་གི་ལམ་ལ་དུས་ཚོད་གཅིག་ལྷག་ལ་སོང་ནས་འཕྲོད་བསྟེན་ཁང་ལ་ཐོན་རྗེས་འཕྲོད་བསྟེན་ཁང་གིས་སྙིང་ཤུགས་གསོ་བྱེད་སྨན་ཁབ་བརྒྱབ་པ་རེད། ཨ་མྱེས་དེ་ནི་མ་གཞི་དྭངས་གསལ་ཆུ་བོའི་མ་ཧྥང་ལ་འགྲོ་བཞིན་ཡོད་ལ། ཁོ་ནི་ཀའོ་ལེ་སྒར་གྱི་ཞའོ་ཐང་རི་བོའི་ཕྱོགས་ཀྱི་ཡིན་ཞིང་ཁོ་རང་ལག་བསྐྱོར་འཕྲུལ་འཁོར་ལ་བསྡད་ནས་སོང་བ་ཡིན་མོད་འབབ་ས་འཆུག་སོང་བ་རེད། ཁོ་རང་གི་བུ་མོར་ལྟ་རུ་འགྲོ་བ་ཡིན་ལ། བུ་མོ་ས་དེར་གནས་ལ་ཡོང་ཡོད་པས་དེར་ལྟ་རུ་འགྲོ་བ་ཡིན་པས། ལམ་འཆུག་སོང་བའི་ཁར་བུ་མོ་ཡང་བཙལ་ནས་མ་རྙེད་པས་སྐབས་དེར་མགོ་ཡུ་འཁོར་བ་མ་ཟད། ཁྲག་ཤེད་ཡང་མཐོ་བས་དྲན་པ་བརྒྱལ་བ་རེད། རྗེས་སུ་ཁོ་ཚོས་ཁོའི་སྲོག་བསྐྱབས་རྗེས་ཁྱོད་ཀྱི་ཨ་ཕའི་མིང་ལ་ཅི་ཟེར་འདུག་དྲིས་པར། ངས་ཁོ་རང་ངའི་ཨ་ཕ་མིན་པར་སྔོན་གྱི་གནས་ཚུལ་དག་བཤད་མ་ཐག་སྐབས་དེའི་མི་ཚང་མ་ཧ་ལས་སོང་། ཁྱོད་ཅིའི་ཕྱིར་ཡོང་བ་ཡིན་ནམ་དྲིས་པར་ངས་རང་ཉིད་ལ་རྒྱུ་ལྷག་གཉན་ཚད་བྱུང་བ་ཡིན་མོད། སྐབས་དེར་ན་ཟུག་མེད་པ་རེད། རྗེས་སུ་ཐུའུ་མེ་སུའུ་དང་འཁོར་བཞིའི་སུའུ་སོགས་འཐུང་བས་རྗེས་སུ་དྲགས་སོང་བ་མ་ཟད། དུས་ད་ལྟའི་དབར་དུ་རྒྱུ་ལྷག་གཉན་ཚད་ལ་གཤག་བཅོས་ཅི་ཡང་བྱས་མེད། ཕལ་ཆེར་དེ་ནི་ཡ་མཚན་ཞིག་ཡིན་སྲིད་པས། ང་རང་གི་སེམས་སུ་དོན་བཟང་སྒྲུབ་ན་འབྲས་བུ་བཟང་བོ་སྨིན་ཐུབ་པར་འདོད། དེའི་རྗེས་སུ1978ལོར་ང་ཚོའི་དམག་དཔུང་ནང་སོག་དམག་ཁུལ་དུ་སོང་ཞིང་། སྐབས་དེར་ལའེ་ཧྥུན་ལ་སློབ་སྦྱོང་བྱེད་སྐབས་དགུན་ཁར་ཆུ་འཁུར་དགོས་པ་རེད། ཁྲོན་པའི་ནང་ནས་ཆུ་ལེན་དགོས་པ་རེད། ནང་སོག་དུ་དགུན་ཁར་ཆུ་ཐིགས་མར་བསགས་པ་ཡང་དར་དུ་འགྱུར་སྲིད་པས་ཧ་ཅང་འཁྱག རང་ཉིད་ཀྱིས་ནམ་རྒྱུན་བཙན་བཙུགས་ནས་ལས་ཀ་རེ་སྒྲུབ་ནས་ཁང་བའི་ནང་ཕྱགས་པ་དང་ཆུ་ལེན་པ་སོགས་བྱས་པ་ཡིན། ཉིན་དེར་ཡང་ང་ཆུ་ལེན་དུ་སོང་ཤིང་། ནམ་རྒྱུན་ཆུ་ལེན་དུ་སོང་དུས་ཨ་མྱེས་རྒད་པོ་རེ་ལ་ཐུག་སྲིད། ཤིང་རྟ་དེད་ནས་ཆུ་ལེན་དུ་ཡོང་ཡོད། རྒྱུ་མཚན་ནི་ཁྲོན་པ་གཅིག་མ་གཏོགས་མེད་ལ་ས་སེར་མཐོ་སྒང་ཡིན་པས་ཁྲོན་པའི་ནང་གི་ཆུ་ནི་ལག་པས་བསྐོར་བ་ལ་བརྟེན་ནས་ལེན་དགོས། ངས་ནམ་རྒྱུན་ཁོར་ཁམས་འདྲི་ཞུ་བཞིན་ཡོད་པས། ཨ་མྱེས ཨ་མྱེས་ཞེས་བོས་མ་ཐག་ཤིང་རྟ་འཁོར་ལོར་སྒྲ་ཞིག་གྲགས་འོངས། ངས་མཐོང་མ་ཐག་ལག་འཐེན་འཁོར་ལོའི་འགྲམ་དུ་ཨ་མྱེས་ལོ་ལོན་ཞིག་གིས་ཐག་པ་བཟུང་ནས་སྲོག་སྐྱོབས་ཟེར་བཞིན་འདུག རྗེས་སུ་ངས་ཨ་མྱེས་ཁྱོད་ཀྱིས་སྒུགས་ལ་སྡོད་ཞེས་བཤད་མ་ཐག་མདུན་ལ་རྒྱུགས་ན་ཡང་ས་ལ་འགྱེལ་བྱུང་། མ་གཞི་ཁྲོན་པ་དེ་དར་ཆགས་ནས་ཆབ་རོམ་དུ་གྱུར་འདུག་ལ། ཁྲོན་པ་དེའི་ཁ་ཐུར་ལ་གསེག་ཡོད་པས། ངས་ཨ་མྱེས་ཁྱོད་ཀྱིས་སྒུགས་ལ་སྡོད་ཐོངས། ང་ཁྱོད་སྐྱོབས་དུ་འོངས་ཁྱོད་བྲེལ་བ་མ་ལངས་ཞེས་བཤད་ན་ཡང་ཁོས་རེམ་མ་ཤོག་ཟེར། དེའི་འཕྲོར་ངས་དྲག་ཆས་སྐ་རགས་གྲོལ་རྗེས་ངས་ཁྱོད་ཀྱི་རྐང་འགོར་བསྐོན་ན་བཏང་། ངས་རང་གི་ལྭ་རིང་གདན་ལ་བཏིངས་བ་ཡིན། ངས་རང་གི་ལྭ་རིང་ཕུད་ན་ཡང་ད་རུང་མི་འདང་བས་ངས་དྲག་ཆས་སྐ་རགས་གྲོལ་ནས་ཨ་མྱེས་ཀྱི་རྐང་འགོར་བསྐོན་རྗེས་གཅིག་གཉིས་གསུམ་གཟེས་ན་ལག་པས་ཐག་པ་ཐོངས་ཀ་ཐོངས་ཞེས་བཤད། ངས་ཁ་ནས་གཅིག་གཉིས་གསུམ་ཞེས་བཤད་ནས་འཐེན་མ་ཐག་ཤུད་འོངས་ནས་ཨ་མྱེས་སྐྱོབས་ཐུབ་པར་གྱུར། སྐབས་དེར་ཟླ12པ་ཡིན་པས་ལུས་ནས་རྔུལ་ཆུ་བཞུར་བྱུང་ལ། དེ་ནི་ཕལ་ཆེར་སྐྲག་ཐག་ཆོད་པས་རེད། རྗེས་སུ་ཨ་མྱེས་དེ་ཡང་སྐྱོབས་ཐུབ་བྱུང་། གལ་ཏེ་ཉི་མ་དེར་ང་དང་ཨ་མྱེས་དེ་གཉིས་མིན་རྒྱུས་ན་ཁྲོན་པ་དེའི་ནང་དུ་མི་གང་མང་ཞིག་ནུབ་སྲིད། རྗེས་སུ་ཁོ་ཚང་གི་ཡུལ་མི་ཚང་མ་དམག་དཔུང་ཁྲོད་ང་ཚོ་བཙལ་དུ་ཐོན་བྱུང་ལ། ཚང་མས་དམག་ལྭ་ལྗང་ཁུ་ལས་སྐབས་དེར་དཔང་རྟགས་གཞན་པ་གཅིག་ཀྱང་མེད་པར། སྐར་མ་རྩེ་ལྔ་ཞིག་དང་དཔུང་རྟགས་གཉིས་ལས་ཅི་ཡང་མེད་པས་ང་སྤས་པ་ཡིན། རྗེས་སུ་ཨ་མྱེས་ཡིས་གཟེངས་བསྟོད་འཕྲིན་ཡིག་ཅིག་བྲིས་ནས་ཇི་ལྟར་བཙལ་ན་ཡང་བཙལ་ནས་མ་རྙེད་པས་དུས་ད་ལྟའི་དབར་དུ་ཁོས་ད་རུང་ངས་ཁོ་བསྐྱབས་པ་ཤེས་མེད། ཡིན་ན་ཡང་ངའི་སེམས་ནས་ངོ་མས་སྐྱིད་ནི་ཞིག་རེད། སྐབས་དེར་ཨ་མྱེས་ཚང་གི་ཡུལ་ནས་མི20ལྷག་ཐོན་བྱུང་ལ། དེ་ནི་ཁོ་ཚང་གི་ཁྱིམ་རྒྱུད་ཚང་མ་ཡིན་ངེས། ངས་སེམས་སུ་དམག་ལ་ཞུགས་པའི་མི་དང་བཅིངས་འགྲོལ་དམག་མི་ཞིག་ལ་མཚོན་ནས་བཤད་ན་དེ་ནི་སྒྲུབ་འོས་པ་ཞིག་རེད། རྗེས་སུ་ད་རུང་ཐེངས་ཤིག་ལ་ནང་སོག་གི་ཝུའུ་ལ་ཐུ་དར་ཤོག་སྔོན་མ་རུ་ཝུའུ་ལིའང་སུའུ་ཟེར་བའི་རྒྱ་མཚོ་ཞིག་ཡོད་ལ། ཝུའུ་ལིའང་སུའུ་རྒྱ་མཚོར་དགུན་ཁ་དར་ཆགས་ནོ་ཧ་ཅང་མཐུག་པས་སྐབས་དེར་ང་རང་དེར་སོང་དུས་ཉ་བ་འགས་དགུན་ཁར་ལྕགས་འབུག་བཟུང་ནས་དར་བརྐོས་རྗེས་ཉ་འཛིན་བཞིན་ཡོད་པ་རེད། ཉིན་དེར་ང་རང་སོང་ནས་ལྟ་སྐབས་མི་ཞིག་ཆུ་ནང་ལ་ལྷུང་བྱུང་ཞེས་སྐད་བརྒྱབ་བྱུང་། མ་གཞི་འཁྱག་དར་བཅོམ་པའི་ན་གཞོན་ཤིག་ཆུ་ནང་དུ་ལྷུང་སོང་བས་ཁོ་ཚོ་འགྲོ་མ་ཐུབ་པས་ང་རང་ཉིད་ཆུ་ནང་དུ་ལྡིང་ནས་ཡར་མྱུལ་མར་མྱུལ་བྱས་བྱས་མཐར་ད་བཟོད་རེག་ཐུབ་པར་གྱུར་པས་ཁོ་རང་སྔོན་ལ་ཡར་འཕུད་ཐུབ་པར་གྱུར་མོད། རང་ཉིད་ཆུ་ཁར་འབུད་ཐུབ་མིན་བཤད་ཁག་པོ་འདུག སྐབས་དེར་ང་ཆུ་ནང་ན་ཡོད་པས་མི་མང་པོས་འཐེན་པས་ལུས་ལ་ཡང་རྨ་ཁ་འདྲ་མིན་སྣ་ཚོགས་བཟོས་བྱུང་། སྐབས་དེའི་གྲང་ངར་རུས་རྐང་ལ་ཟུག་སྲིད། སྐབས་དེར་ཟླ12པ་ཡིན་པས་ཆུ་ཐིགས་རེ་ཡང་འཁྱག་རོམ་དུ་འགྱུར་ངེས། མཇུག་མཐར་ཁོ་ཚོས་ལུག་གཉིས་བཤས་རྗེས་ང་རང་ལུག་གི་གྲོད་པས་བཏུམས་ནས་དེའི་ལུས་དྲོད་རྒྱས་སུ་བཅུག དེ་མིན་ང་རང་ཕལ་ཆེར་གསོན་ཐུབ་མི་འདུག སྐབས་དེར་ཟླ་གཅིག་ལྷག་ལ་གྲང་ནས་བཟོད་མི་ཐུབ་པ་རེད། རྗེས་སུ་ཁོ་ཚོའི་ཞིང་བ་དག་གིས་ང་ཚོའི་དམག་དཔུང་ལ་བཀའ་དྲིན་ཞུས་པ་མ་ཟད། ངོ་མས་མི་དམངས་ཀྱི་བུ་ཕྲུག་ལྟ་བུའི་དམག་མི་ཟེར་བ་ནི་ཅིའི་མ་བདེན་ནམ་ཟེར། དེའི་རྗེས་ནས་བཟུང་མ་གཞི་དམག་དཔུང་དང་ས་ཁུལ་དེའི་འབྲེལ་བ་དེ་འདྲ་བཟང་རྒྱུ་མེད་ན་ཡང་ངས་དོན་དག་དེ་སྒྲུབ་པས་འབྲེལ་བ་སྔར་ལས་ཇེ་བཟང་དུ་བུད་སོང་། དམག་དཔུང་ཉུང་འཕྲི་བྱས་པས1981ལོར་ང་ལས་བསྒྱུར་བྱས་ཏེ་རླངས་འཁོར་བཟོ་གྲྭའི་སྣེ་ལེན་ཁང་གི་འགོ་བ་བྱས། སྣེ་ལེན་ཁང་གི་འགོ་བ་ཡིན་དུས་ཕལ་ཆེར་ལོ20ཡས་མས་ཤིག་ཡིན་པས་རང་གི་སེམས་ལ་བྱ་གཞག་ཆེན་པོ་ཞིག་སྒྲུབ་དགོས་པར་འདོད་ནས་ང་གང་ལ་ཤོག་ཅེ་ན་དེ་རུ་ཐོན་དུ་བཅུག་པ་ཡིན། ཉི་མ་དེར་ཏག་ཏག་བྱ་བ་སྒྲུབ་སྐབས་གློ་བུར་དུ་མེ་འབར་བྱུང་མེ་འབར་བྱུང་ཞེས་པའི་སྒྲ་ཞིག་གྲགས་འོངས། སྐབས་དེར་ཟླ12པ་ཡིན་པས་ངས་མཐོང་དུས་དུ་སྨུག་བར་སྣང་ལ་ཟུག་འདུག ངས་མེ་བསོད་སྐོར་གྱི་ཤེས་བྱ་བསླབ་མྱོང་། ང་ཚོའི་རླངས་འཁོར་བཟོ་གྲྭར་ཡང་སྣུམ་མཛོད་ཡོད་ལ། སྣུམ་མཛོད་ནང་དུ་རླངས་འཁོར200ལྷག་གི་སྣུམ་མཛོད་ཡོད་པས། གལ་ཏེ་རླངས་འཁོར200ལྷག་གི་སྣུམ་མཛོད་བཀད་པ་ན་སྐབས་དེར་ནུབ་ཀྱི་དར་ཤོག་གསུམ་པ་རུ་མི་གྲངས་ཁྲི་གཅིག་དང་སྟོང་བརྒྱད་ལྷག་གཞི་སྡོད་བྱས་ཡོད་པས། ངོ་མ་བསམ་ཡུལ་ལས་འདས་པ་ཞིག་ཡིན་སྲིད། ངས་མྱུར་དུ་ང་ཚོ་རེམ་མ་མེ་གསོད་དུ་འགྲོ་ཞེས་བཤད་བཞིན་མེ་གསོད་སྤྱད་ཆས་བཟུང་ནས་ནང་ལ་འཛུལ་ན་ཡང་ཁོ་ཚོ་མི་གང་མང་ཞིག་གིས་མཐའ་བསྐོར་བ་ལས་ནང་དུ་འཛུལ་མི་ཐུབ་པས་ངས་ཁོ་ཚོར་ཁྱོད་ཚོས་མེ་གསོད་སྤྱད་ཆས་ནང་ལ་གཡུག་ཐོངས། ང་ནང་ལ་འགྲོ་ཞེས་བཤད། ཁྱོད་ཚོས་རང་རང་གི་ལྭ་བ་རློན་པ་བྱས་རྗེས་ང་ལ་བྱིན་ཞེས་བཤད་ནས་སྣ་ཁ་བཅད་དེ་ནང་ལ་སོང་ནས་མེ་སྐྱོན་གྱི་འབྱུང་རྩ་གལ་ཆེན་དེ་གསོད་ཐུབ་པར་གྱུར་མོད། ནང་གི་དངོས་པོ་ཕྱིར་གཡུག་པས་དུས་ཡུན་ངེས་ཅན་ཞིག་འགོར་པས་ཁང་བ་ཡང་རྡིབ་སོང་། མར་རྡིབ་ནས་ང་ལ་ཕོགས་པ་དང་ང་སད་དུས་ཉིན7དང་ཞག7འགོར་ཟིན་པས་དྲན་པ་ཉམས་ནས་ཅི་ཡང་མི་ཤེས་པ་རེད། དེའི་འཕྲོར་ཀླད་པའི་ཁ་ཕྱེས་ནས་གཤག་བཅོས་བྱས་ཟིན་པས་ཡར་ལངས་འདོད་ན་ཡང་ལུས་ལ་ཚོར་བ་ཅི་ཡང་མེད་པར་གྱུར་འདུག སྐབས་དེར་ང་རང་ལོ24ཡིན། རྗེས་སུ་ངའི་སྨན་པ་དང་ད་རུང་གྲོགས་པོ་དག་གིས་ཁྱོད་ལ་ཉེན་ཁ་ཚབས་ཆེན་ཡོད་པའི་བརྡ་ཐོ་མི་འདྲ་བ་དྲུག་དེར་བཞག་ཡོད་ཟེར། ཉེན་ཚབས་ཆེ་བའི་བརྡ་སྦྱོར་ཡི་གེ་དེས་གལ་ཏེ་སྟབས་མ་ལེགས་ན་མི་འགྱངས་བར་འཆི་སྲིད། ངས་སྐྱོན་ཡོད་ནི་མ་རེད་ཞེས་བཤད། རྗེས་སུ་ང་ཡར་ལངས་འདོད་ན་ཡང་ལངས་མི་ཐུབ་པས་ཁྱོད་ཆེས་མང་ན་ཡང་ལོ་གཉིས་ལ་མ་གཏོགས་གསོན་མི་ཐུབ་ཟེར། ཁྱོད་ཀྱིས་ཅི་ཞིག་ཟ་ན་འདོད་པ་དང་རང་གིས་སྒྲུབ་ན་འདོད་པའི་དོན་དག་ཅི་ཞིག་ཡོད་ན་ཁྱོད་ཀྱིས་ཤོད་དྲ་ཆོག ངས་ང་རང་ལོ20བུད་མ་ཐག་ཡིན་པས་དེ་ནི་ང་ལ་མཚོན་ན་དྲང་བདེན་མིན་པ་མ་ཟད། ད་རུང་དོན་དག་གང་མང་ཞིག་སྒྲུབ་མེད་ཞེས་བཤད། དོན་དངོས་ལ་ཁ་གཏད་དགོས་བྱུང་སོང་། རྗེས་སུ་ངས་སྨན་པ་ལ་ཁྱོད་ཀྱིས་ངའི་ནད་དྲགས་སུ་འཇུག་ཐུབ་མིན་དྲིས་པར་རྗེས་སུ་སྨན་པས་འདི་ཡང་མི་ཆོག ཀན་ཡང་མི་ཆོག་ཞེས་གང་མང་མང་ཞིག་བཤད་བྱུང་། རྗེས་སུ་ངས་གསོ་རིག་གི་དཔེ་ཆ་ཞིག་བཙལ་བ་དང་དེའི་རྗེས་སུ་ངས་རང་གི་གྲོགས་པོ་དང་རང་གི་སློབ་གྲོགས། འཐབ་གྲོགས་སོགས་ཚང་མ་བཙལ་དུས་ཚང་མས་ཐབས་གཅིག་ཡོད་ལ། དེ་ནི་གློག་འཁྱུད་ཐབས་ཡིན་ཟེར་པས་ཁྱོད་ཀྱིས་བསྲན་ཐུབ་རྒྱུ་མ་རེད་ཟེར། གློག་ཁབ་འདི་འདྲའི་རིང་བོ་ཞིག་ལུས་སྟེང་ལ་བཙུགས་ནས་དེའི་འཕྲོར་མཐོ་གནོན་གློག་གཏོང་དགོས་ཟེར་བར། ངས་དེར་བསྲན་མི་ཐུབ་རྒྱུ་ཅི་ཞིག་ཡོད་དམ་ཞེས་པར་སྨན་པས་དེ་མི་ཆོག་ཚུལ་བཤད། ངས་ཁོ་ཚོར་ཁྱོད་ཚོས་ཚོད་ལྟ་ཞིག་བྱོས་ཞེས་བཤད། ཁོ་ཚོས་ང་བཀྱིགས་དགོས་ཚུལ་བཤད་ན་ཡང་ངས་བཀྱིགས་དུ་མ་བཅུག་པར་གློག་རྒྱུན་དེ་འདྲའི་ཆེན་པོ་ཞིག་ལ་བརྟེན་ཤིང་། གློག་དབྱུག་གི་གློག་གནོན་ལས་ཀྱང་མཐོ་བས་གློག་ངའི་ལུས་སྟེང་ལ་ཟུག་དུས་དངོས་གནས་ན་ཟུག་བཟོད་བརླག་མེད་པ་ཞིག་སྟེར་མོད། འོན་ཀྱང་རིམ་བཞིན་ཚོར་ཤེས་ཡོད་པར་གྱུར་ལ། དེའི་འཕྲོར་ཉལ་ཁྲིའི་སྟེང་ནས་ངའི་རྐང་བའི་ཤ་ཡིས་གཅུས་ན་ཚོར་བ་ཡོད་པར་གྱུར། དེའི་རྗེས་སུ་འཁར་བར་བརྟེན་ན་འགྲོ་ཡང་ཐུབ་པ་རེད། ལོ་ཕྱེད་ཞིག་འགོར་བ་ན་འཁར་བ་གཅིག་ལ་བརྟེན་ནས་འགྲོ་ཐུབ་པ་མ་ཟད་སྨན་ཁང་ནས་ཕྱིར་འབུད་ཐུབ་སོང་། སྨན་ཁང་ནས་བུད་རྗེས་ང་ཚོ་དྭངས་གསལ་ཆུ་བོ་ཡོད་ས་རུ་བསྡད་ཡོད་པས་ད་རུང་སྨན་ཁང་ནང་ལུས་པོ་བདེ་སྲུང་བྱེད་དུ་ཡང་འགྲོ་དགོས། ལུས་པོ་བདེ་སྲུང་བྱེད་དུ་འགྲོ་བར་སྔོན་ཆད་རླངས་འཁོར་སྐྱེལ་ལེན་བྱེད་མཁན་ཡོད་ན་ཡང་དུས་ཡུན་རིང་བོ་ཞིག་འགོར་བ་ན་གཞན་པར་དུས་ཚོད་དེ་འདྲ་མེད་པས་རང་ཉིད་ནམ་རྒྱུན་རང་ཉིད་སོང་བ་ཡིན། 1982ལོའི་ཟླ7པའི་ཉིན་ཞིག་ལ་ང་རང་ནམ་རྒྱུན་དང་འདྲ་བར་དྭངས་གསལ་ཆུ་བོའི་སྨན་ཁང་ལ་ལུས་པོ་བདེ་སྲུང་བྱེད་དུ་སོང་ནས་ཚར་རྗེས་འཁར་བར་བརྟེན་ནས་འགྲོ་སྐབས་གློ་བུར་དུ་མ་ངོ་རུབ་པས་ཆར་གདུགས་ཡང་བཟུང་མེད། དེའི་འཕྲོར་ཆར་བ་ཤག་ཤག་བབས་བྱུང་། ཏག་ཏག་དྭངས་གསལ་ཆུ་བོའི་རུ་ཁག་དང་པོའི་ཞིང་བ་ཡོད་ས་རུ་ར་སྐོར་ཆེན་པོ་ཞིག་ཡོད། ར་སྐོར་དེའི་ནང་དུ་སྐབས་དེར་གཅིག་བསྡུས་རང་བཞིན་གྱི་ཚོགས་འདུ་འཚོགས་པའམ་དངོས་པོ་སོགས་སྤུངས་བ་ལ་སོགས་བྱས་ལ། དེ་དག་ཚང་མ་ཐུན་མོང་རང་བཞིན་གྱི་བྱ་དངོས་ཏག་ཏག་ཡིན། བྱིས་གཉོར་ཁང་ཡང་དེ་རུ་ཡོད། ང་ནང་དུ་སོང་ནས་ཆར་བཤའ་བྱེད་སྐབས་བྱིས་པ་མང་པོ་ཞིག་དེ་རུ་ངུ་བཞིན་པ་གོ་བྱུང་ལ། ས་རུ་བྱིས་པ་ཞིག་འགྱེལ་འདུག་ལ་ཁ་ནང་དུ་ཝུ་བ་བཞུར་བཞིན་ཡོད། ཅི་བྱས་སོང་ངམ་ཞེས་དྲིས་པར་ཞིང་སྨན་གྱི་དྲི་མ་ཞིག་ཐུལ་འོངས། དེ་རིང་གནམ་ངོ་རུབ་པས་ཁོ་ཚོས་དེ་རུ་རང་འབབ་ཆུ་མེད་པས1982ལོར་ཞིང་སྡེའི་འཕྲུལ་ཆས་ཀྱི་སྣུམ་གོ་རེ་སྟེང་ལ་བྱུགས་ནས་ཟོས་པ་དང་ཟོས་ཚར་རྗེས་ཡང་ཁ་སྐོམ་པས་ཏག་ཏག་རྩྭ་ལྡུམ་གསོད་སྤྱད་ཀྱི་གཤེར་སྨན་ཡོད་པས་དེའི་ཁ་ཕྱེས་ནས་འཐུང་བ་རེད། སྐབས་དེར་བྱིས་པ་ལོ་གཅིག་ལྷག་ཡིན་པས་ཅི་ཡང་མ་ཤེས་པས་དེ་དག་འཐུང་རྗེས་ཁ་ནང་ནས་ཝུ་བ་བཞུར་བ་རེད། སྐབས་དེར་ཆར་བབས་ནོ་ཇེ་ཆེ་ནས་ཇེ་ཆེ་ཡིན་ལ། འབྲུག་སྒྲ་དང་གློག་ཞགས་འཁྱུག་པ་མ་ཟད་ཆར་བ་ཡང་ཇེ་ཆེ་ནས་ཇེ་ཆེ་རེད། བྱིས་པ་དེའི་ཨ་མ་ཡང་ཐོན་བྱུང་། ཁོའི་ཨ་མར་བྱིས་པ་གཉིས་ཡོད་ལ། ད་རུང་ཨ་ནེ་ཤིག་སྐྲག་ནས་ཧོན་འཐོར་འདུག་ལ། སྐབས་དེར་ཁོའི་ཨ་མ་ཡང་སྐྲག་ཐག་ཆོད་འདུག་པས་རང་གི་པང་གི་བྱིས་པ་དེ་བཟུང་ནས་བྱིས་པ་དེར་ཡང་སྐྱོན་འདྲ་འབྱུང་བར་སྐྲག་ཐག་ཆོད་འདུག ངས་མོར་ཁྱོད་ཀྱི་པང་གི་བྱིས་པ་དེ་ང་ལ་བྱིན་བཏང་། ང་སྨན་ཁང་ལ་མི་འབོད་དུ་འགྲོ་ཞེས་བཤད། སྐབས་དེར་ཁ་པར་མེད་ལ1982ལོར་ཧ་ཅང་དབུལ་བོ་ཡིན་པས་ངས་བྱིས་པ་དེ་པང་དུ་བཟུང་ནས་སྨན་ཁང་ལ་སོང་བ་ཡིན། ང་ངོ་མས་ངར་བ་ཞིག་རེད། ངས་རང་གི་རྒྱབ་ཀྱི་ལྭ་བ་ཕུད་ནས་བྱིས་པ་ནང་དུ་བཅུད་ཏེ། འཁར་བར་བརྟེན་ནས་སོང་བ་ཡིན། སྒོར་བུད་མ་ཐག་ཡང་ཐང་ལ་འགྱེལ་བྱུང་། གང་ཡིན་སར་འདམ་བག་ཡོད་ལ། ཉིན་དེར་ཆར་བབས་པ་མ་ཟད་གློག་ཡང་འཁྱུག་བཞིན་ཡོད། ཡིན་ན་ཡང་ངས་བྱིས་པ་པང་དུ་བཟུང་ནས་ཤེད་ཤུགས་གང་ཡོད་ཀྱིས་མདུན་སྐྱོད་བྱས། དེ་ཡང་སྤྱི་ལེ་ལྔ་དྲུག་ལྷག་ལ་ང་རང་གོག་མ་ལངས་ཀྱིས་ཕལ་ཆེར་དུས་ཚོད་གཅིག་ལྷག་ལ་བུད་སོང་བས་དྭངས་གསལ་གཙང་བོའི་སྨན་ཁང་གི་སྒོ་ཁར་ཐོན་མ་ཐག་ངས་ལམ་བར་དུ་མི་ཞིག་ལ་ཐུག་རྒྱུས་ན་ཅི་མ་རུང་བསམ་མྱོང་། མི་ཞིག་ལ་ཐུག་བཏང་ན་ང་ལ་རོགས་བྱེད་ཐུབ་པ་མ་ཟད། བྱིས་པ་འདི་ཡང་སྨན་ཁང་དུ་བསྐྱལ་ཐུབ། དྭངས་གསལ་གཙང་བོའི་སྨན་ཁང་དུ་སླེབས་པ་ན་སྒོ་ཁ་ན་མི་ཞིག་གོག་མ་ལངས་ཀྱིས་ཡོང་བཞིན་པ་ནད་གཡོག་མས་མཐོང་བས་ང་མྱུར་དུ་ཡར་བསྐྱོར་ནས་བསླངས་བྱུང་། ཅི་བྱས་སོང་ངམ། ཅི་བྱས་སོང་ངམ་ཟེར། མོའི་སེམས་སུ་ངས་ཆང་འཐུང་ནས་བཟི་འདོད་ཡོད་པར་སེམས། དེའི་འཕྲོར་ངའི་པང་དུ་བྱིས་པ་ཞིག་ཡོད་པ་མཐོང་བས་ང་མྱུར་དུ་ཡར་བསླངས་ནས་དོན་དག་ཅི་ཞིག་བྱུང་མིན་དྲིས་པར་ངས་བྱིས་པ་འདིས་ཞིང་སྨན་འཐུང་ཟིན་པས་ཁྱོད་ཀྱིས་མྱུར་དུ་མོ་སྐྱོབས་རོགས་ཞེས་བཤད་པར། ཁོ་ཚོའི་འདི་རུ་ཕོ་བ་བཀྲུ་བྱེད་ཀྱི་འཕྲུལ་ཆས་མེད་ལ། སྐབས་དེར་ཆ་རྐྱེན་ཧ་ཅང་ཞན་ཞིང་སྨན་ཁང་ཆུང་ཆུང་ཞིག་སྟེ། སྒོ་བསྟེན་ཁང་ཡིན་པས་ཁྱོད་རང་སྨན་ཁང་ཆེ་ས་ཞིག་ལ་སོང་ཟེར། ངས་སྨན་ཁང་ཆེ་ས་གང་ཞིག་ལ་ཞེས་དྲིས་པར་མོས་མཚོ་ཁའི་སྨན་ཁང་དང་པེ་ཅིན་སྨན་ཁང་གསུམ་པ་གང་རུང་ཞིག་ལ་སོང་ཟེར། སྐབས་དེར་ཏག་ཏག355ཡི་རླངས་འཁོར་ཡོད་ལ། སྔོན་ཆད55ཟེར་མོད། ད་ལྟ355ཟེར། དེར་རླངས་འཁོར་ཞིག་ཡོད་པས་ཚུར་ཡོང་དུས་ངས་བཀག་པ་ན་དེའི་འཕྲོར་མི་སེམས་བཟང་འགས་ང་རང་རླངས་འཁོར་ནང་དུ་བསྐྱོར་ནས་བཞག་བྱུང་པས། མཚོ་ཁའི་སྨན་ཁང་དུ་སླེབས་བྱུང་ལ། ས་ཚིགས་རེ་རེ་ནས་འདུག་རྒྱུར་སུ་ཡང་སྤྲོ་བ་མེད་པས་སྐབས་དེར་དྭངས་གསལ་གཙང་བོ་ནས་མཚོ་ཁའི་ཧོང་ཀྲོང་དབར་འཛིན་བྱང་གཅིག་ལ་སྒོར་ཟུར2ཡིན་པས་ངས་ཁྱོད་ཚོ་ཚང་མ་མར་བོབས་ཐོངས། དེའི་སྒོར་མོ་ངས་སྟེར་ཞེས་མི་བཅུ་ལྷག་ལ་སྒོར5བྱིན་པས་ཚང་མ་མར་བབས་བྱུང་། དེའི་རྒྱུ་རྐྱེན་ཡིན་ན་ཁོ་ཚོ་ས་ཚིགས་རེ་རེ་ནས་བསྡད་དེ་འབབ་དགོས་པས་བྱིས་པའི་ཚེ་སྲོག་གལ་ཆེན་ཡིན་པས་ངས་ཁོ་ཚོར་ཞུ་བ་བྱས་མཐར་ཁོ་ཚོས་ངའི་བྱིས་པ་ཡིན་པར་བསམ་ནས་ཆོག་གི ཁྱོད་རང་གིས་བྱིས་པ་རེམ་མ་སྟོན་དུ་སོང་ཟེར། ངས་ཁོ་ཚོའི་ཁྲོད་ཀྱི་མི་གཅིག་ལ་སྒོར5བྱིན་ནས་ཁོ་ཚོར་མར་བགོ་རུ་བཅུག་པ་ཡིན། མཚོ་ཁའི་སྨན་ཁང་དུ་ཐོན་པ་ན་སྨན་པ་དང་ནད་གཡོག་མ་གཉིས་ཀྱིས་ཆར་བབས་པས་ཁ་བརྡ་བྱེད་བཞིན་འདུག་ལ། ནད་པ་ཡང་མེད། དེའི་འཕྲོར་ངས་སྨན་པ་སྨན་པ། ཁྱོད་ཀྱིས་བྱིས་པ་འདི་སྐྱོབས་རོགས་ཞེས་བཤད། ཅི་བྱས་སོང་ངམ། ཁྱོད་ཀྱིས་དེར་ཞོགས་ར། ངས་བརྟག་དཔྱད་བྱེད་ཟེར། སྐབས་དེར་བྱིས་པ་དེར་ཚོར་སྣང་ཅི་ཡང་མེད། རླངས་འཁོར་དེའི་ནང་དུ་ཞོགས་ཟེར། རླངས་འཁོར་དེ་ནི་མ་གཞི་བེམ་པོ་འཇོག་སའི་རླངས་འཁོར་ཞིག་ཡིན་མོད། ངས་མྱུར་དུ་པུས་མོ་སར་བཙུགས་ནས་སྨན་པ་ལ་ཁྱོད་ཀྱིས་ངེས་པར་དུ་བྱིས་པ་འདི་སྐྱོབས་ཐབས་བྱོས། བྱིས་པ་འདིར་ད་སོ་མ་དབུགས་ཡོད་ཞེས་འུར་བརྒྱབ་པས། མོས་ཁྱོད་ཀྱིས་འུར་རྒྱག་གིན་མ་འདུག ངས་ང་ཚོའི་འགོ་ཁྲིད་ལ་ཁ་པར་ཞིག་གཏོང་ཟེར། དེའི་འཕྲོར་བློ་མཐུན་རྒན་པ་ཞིག་ཡོང་ཞིང་ཕལ་ཆེར་ལོ60ཡས་མས་ཤིག་ཡིན་ལ། བྱིས་པ་དེར་ཅིག་བལྟས་རྗེས་བྱིས་པ་འདི་སྐྱོབས་ཐུབ་རྒྱུ་མ་རེད་ཟེར། ཁ་སང་ཡང་བྱང་ཤར་ཝང་གི་ས་ཆའི་བྱིས་པ་ཞིག་གིས་ཀྱང་ཞིང་སྨན་འཐུང་ནས་ཤི་སོང་བས་ང་ཚོ་ཞུ་གཏུག་བྱེད་བཞིན་འདུག ཁྱོད་ཀྱི་འདིས་ཀྱང་བ་རྒྱུ་མ་རེད་ཞེས་བཤད། ངས་ཁྱོར་ཞུ་བ་བྱས་པས་ཁོས་དེས་ན་ཆོག་གི གང་ལྟར་འཆི་རྒྱུ་གཅིག་ཡིན་པས་ང་ཚོས་ཚོད་ལྟ་ཞིག་བྱེད་ཅེས་བཤད། ངས་ཆོག་གི ཆོག་གི ཁྱོད་ཀྱིས་སྒོར་མོ་བཟུང་ཨེ་ཡོད་ཟེར། སྐབས་དེར་ཏག་ཏག་ང་ལ་ཟླ་ཕོགས་བྱིན་ཡོད་པས་སྒོར་མོ60ཡོད་པས། ངའི་ལག་ན་སྒོར་མོ་འགའ་ཡོད་ཞེས་བཤད། དེས་ན་ཆོག་གི སྒོར་མོ་སྤྲོད་ཟེར། ངའི་བྱིས་པ་དེའི་ཚབ་ཏུ་སྒོར་མོ་སྤྲད་རྗེས་སྒོ་ཁ་ནས་སྒུགས་བསྡད་པ་ཡིན། བྱིས་པ་དེ་མྱུར་སྐྱོབས་ཁང་དུ་སོང་ནས་དུས་ཚོད་ཕྱེད་ཀ་ལྷག་འགོར་རྗེས་གློ་བུར་དུ་ངས་བྱིས་པ་དེའི་ངུ་སྐད་ཐོས་བྱུང་བས། སྐད་ཅིག་དེ་ཉིད་ལ་ང་རང་རྐུབ་སྟེགས་སྟེང་ནས་འགུལ་ཡང་མི་འདོད་པར་གྱུར། ཁྱོར་ངོ་མས་ལས་བསོད་ཡོད་འདུག བྱིས་པའི་ཁྱིམ་བདག་ཁྱོར་ངོ་མས་ལས་བསོད་ཡོད་འདུག བྱིས་པ་དེ་གསོན་བྱུང་ཟེར། སྐབས་དེར་ང་ལ་སྔ་ན་མེད་པའི་བདེ་སྐྱིད་ཀྱི་ཚོར་སྣང་ཁྱད་པར་བ་ཞིག་སྐྱེས་འོངས། སེམས་ཚོར་དེ་ནི་དངོས་གནས་མཛེས་སྡུག་ཡིད་དུ་འོངས་བ་ཞིག་རེད། དེའི་འཕྲོར་སྨན་པས་ཁྱོད་ཀྱི་བྱིས་པའི་མིང་ལ་ཅི་ཞིག་ཟེར་ཞེས་དྲིས་པར། ངས་མི་ཤེས་ཞེས་བཤད་པར། ཁྱོད་ལྟ་བུའི་ཁྱིམ་བདག་ཞིག་ར་ཡོད་དམ་ཞེས་ཟེར། དེའི་འཕྲོར་ངས་གནས་ཚུལ་ཚང་མ་གསལ་བོར་བཤད་པ་ན་དེར་ཡོད་མི་ཚང་མ་ཧ་ལས་ཧོན་འཐོར་ནས་གནམ་འོག་འདིར་འདི་ལྟ་བུའི་མི་ཡང་ཡོད་དམ་ཟེར། དེའི་འཕྲོར་ངས་རང་གི་ལུས་སྟེང་ལ་མཉམ་ཞིག་བཞག་དུས་གང་ཡིན་ས་ཁྲག་གིས་བཀང་འདུག་པ་མ་ཟད། ལྭ་བ་ཡང་རལ་འདུག ངའི་ལག་པ་ཚུར་བསྲིངས་ནས་ལྟ་དུས་སྐྱི་ལྤགས་ལ་ཅི་ཡང་བྱས་མེད་པར་ཤ་དམར་པོར་གྱུར་འདུག ངའི་རྐང་སྣུམ་རལ་བོའི་ནང་གི་རྐང་བར་ལྟ་དུས་རུས་པ་ཡང་ཕྱིར་བུད་འདུག་པས། སྐབས་དེར་སྨན་པ་དང་ནད་གཡོག་མ་གཉིས་ཀ་ཧ་ཅང་སེམས་འགུལ་དྲག་པོ་ཐེབས་ནས་ང་རང་མྱུར་དུ་སྨན་བཅོས་ཁང་ལ་ཁྲིད་སོང་ནས་སྨན་བཅོས་བྱས། སྨན་བཅོས་ཁང་དུ་སོང་མ་ཐག་ཆང་བཅུད་ཀྱིས་བཀྲུས་པས། སྐབས་དེར་བཀྲུ་དུས་ཀྱི་ན་ཟུག་དེ་ནི་དངོས་གནས་བཟོད་དཀའ་བ་ཞིག་རེད། བཀྲུས་ཚར་རྗེས་སྲིང་བལ་གྱི་སེང་རས་ཤིག་ལ་ངས་སོ་བཏབ་ནས་བསྡད་པས། སྨན་པ་དང་ནད་གཡོག་མ་གཉིས་ཀྱིས་ང་ལ་ཁྱོད་ཀྱིས་འཁུན་སྒྲ་བཏོན་ཆོག་ཟེར་བཞིན་མིག་ཆུ་བཞུར་བ་དང་ན་ཟུག་ཆེའམ་ཞེས་དྲིས་པར་ངས་སྐྱོན་མི་འདུག་ཞེས་བཤད། ཡིན་ན་ཡང་སྨན་པ་དང་ནད་གཡོག་མ་གཉིས་ཀར་མིག་ཆུ་བཞུར་བཞིན་ངའི་ལུས་སྟེང་གི་རྨ་ཁ་ཚང་མ་བཀྲུས་ནས་ཐུམ་སྒྲིལ་བྱས་ཚར་སོང་། དེའི་འཕྲོར་བྱིས་པར་ཡང་སྐྱོན་མེད་པས་མཐོང་པས་ཁོ་ཚོའི་ཁྱིམ་བདག་ཡང་ཐོན་པས་ང་ར་ཁ་རོག་གེར་བུད་སོང་། བྱིས་པ་དེ་གསོན་ཐུབ་སོང་། བྱིས་པ་དེ་གསོན་ཐུབ་པ་མ་ཟད་ད་ལྟ་ཡང་སྔར་བཞིན་བདེ་ཐང་ཡིན་པ་མ་ཟད། ད་རུང་བདེ་སྐྱིད་ལྡན་པའི་ཁྱིམ་གཞི་ཤིག་ཀྱང་ཡོད། དེའི་རྗེས་སུ་ཡང་བྱིས་པ་ཞིག་སྐྱེས་བྱུང་། མོའི་མིང་ལ་ཝང་ཧྥང་ཟེར་ཞིང་། སྔོན་ཆད་ངས་བསྐྱབས་པའི་ཝང་ཧྥང་ཆུང་བ་དེ་ད་ལྟ་ཝང་ཧྥང་ཆེ་བ་རུ་གྱུར་ཡོད་ལ། ཝང་ཧྥང་ཆེ་བར་ཡང་ཝང་ཧྥང་ཆུང་བ་ཞིག་སྐྱེས་པས། ངས་བསམ་ན་ཝང་ཧྥང་ཆུང་བར་རྗེས་ཕྱོགས་ད་རུང་ཝང་ཧྥང་གང་མང་མང་ཞིག་སྐྱེས་སྲིད་པས་ངས་བསམ་ན་འདི་ནི་དངོས་གནས་སྤྲོ་སྐྱིད་ལྡན་པ་ཞིག་རེད་འདོད།

      ལོ་ཙཱ་བ། ལྷ་དཔལ་སྐྱབས།