ཚེ་གང་བོར་ལེ་ཧྥུན་ལྟ་བུའི་འཐབ་མོ་བ་ཞིག་བྱེད་དགོས། (གསུམ་པ།)

      ཡོང་ཁུངས། : བདེན་འཚོལ་རྩོམ་སྒྲིག་ཁང་།      སྤེལ་དུས། : 2017-06-28 10:17:07      རྩོམ་སྒྲིག་པ། : ལྷ་དཔལ་སྐྱབས།

        ཚེ་གང་བོར་ལེ་ཧྥུན་ལྟ་བུའི་འཐབ་མོ་བ་ཞིག་བྱེད་དགོས། (གསུམ་པ།)

        ལིག་ཞའེ་ཅོན།

        དེའི་འཕྲོར1985ལོར་ང་རང་འུ་ཚོའི་སྨན་ཁང་ཆེན་པོ་ཞིག་ལ་སྨན་པར་སྟོན་དུ་སོང་བ་ཡིན། སྐབས་དེར་ང་ད་རུང་སྣེ་ལེན་ཁང་གི་འགོ་བ་ཡིན། སྐབས་དེར་དངུལ་བསྡུ་ལེན་བྱེད་ས་རུ་གློ་བུར་དུ་རླངས་འཁོར་ཞིག་མཐོང་བྱུང་། རླངས་འཁོར་དེའི་ནང་དུ་ནད་པ་ཞིག་ཡོད་ལ། མཐའ་འཁོར་དུ་མི་མང་པོ་ཞིག་གིས་བསྐོར་ནས་ངུ་བཞིན་འདུག ངུ་བཞིན་པའི་མི་དེས་སྔོན་ཆད་ཀྱི་ལྭ་བ་འཇོག་ས་རྙིང་བ་ཞིག་བླངས་ཡོང་ནས་ངས་སྒོར20བྱིན་ནས་ཁྱོད་ལ་ཉོས་ཡོང་བ་ཡིན་ཟེར། ཁྱོད་ཀྱི་བློར་ཨེ་འབབ་ཀི གལ་ཏེ་ཁྱོད་བུད་སོང་ན་ཁྱོད་ཀྱིས་འདི་གྱོན་རོགས་ཞེས་བཤད། སྐད་ཆ་དེ་གོ་དུས་ངའི་སེམས་སུ་བལྟས་ཚོད་ཀྱིས་ལོ40ཡས་མས་ཤིག་ཡིན་པས་ཅི་ཞིག་བྱུང་བ་ཡིན་ནམ་སྙམ། སེང་རས་གང་མང་ཞིག་གིས་བཏུམས་ཡོད་ལ་ཁྲག་ཡང་མང་པོ་ཞིག་བཞུར་ཟིན། ང་ཡ་མཚན་སྐྱེ་ནས་ཅིག་དྲིས་དུས་མ་གཞི་དེ་ནི་ཧི་པེ་ཡི་ཞིང་བ་ཞིག་ཡིན་ཞིང་ཁོར་སྟོན་ཁར་འཕྲུལ་ཆས་ཀྱིས་ལོ་ལེགས་བསྡུ་སྐབས་འཕྲུལ་ཆས་ཀྱིས་རྨས་པ་རེད། ཕལ་ཆེར་མཚེར་བ་དང་མཆིན་པ་ཡིན་ངེས། དེའི་འཕྲོར་ལུས་སྟེང་གི་གང་ཡིན་སར་སྐྱི་ལྤགས་དང་རུས་པས་ཁེངས་འདུག དེའི་རྗེས་སུ་ཁོ་ཚོས་ལག་བསྐྱོར་འཕྲུལ་འཁོར་བསྐོར་ནས་དུས་ཚོད་གང་མང་ཞིག་བརྒྱུད་མཐར་ད་བཟོད་པེ་ཅིན་ལ་ཐོན་པ་རེད། པེ་ཅིན་ལ་སླེབས་དུས་ཁོ་ཚོའི་ལག་ན་སྒོར་མོ40མ་གཏོགས་མེད་ལ། སེང་རས་ཀྱིས་བཏུམས་པ་ཙམ་ལ་ཡང་སྒོར་མོ10ལྷག་ཤོར་སོང་ལ། དེའི་འཕྲོར་སྒོར20ཡིས་ལྭ་བ་བསྡུ་ཆས་དེ་ཉོས་ཟིན་པས། ངས་ཁོར་ཁྱོད་ཀྱིས་ཁོ་སྐྱོབས་རྒྱུ་མིན་ནམ་ཟེར་བར་ཁོས་སྒོར་མོ་མེད་ཟེར། ངས་སྒོར་མོ་ག་ཚོད་ཅིག་དགོས་སམ་ཞེས་དྲིས་པར་སྒོར200དགོས་ཟེར། དེའི་འཕྲོར་ང་དོགས་པ་ལངས་ནས་སྨན་ཁང་གི་དངུལ་བསྡུ་ཁང་གི་མིར་དྲིས་དུས་དངོས་གནས་དེ་འདྲ་ཞིག་ཡིན་ཚུལ་བཤད་བྱུང་། ཁྱོད་ཀྱིས་བལྟས་ར་ང་ཚོ་ཡང་སྙིང་རྗེའི་ལས་ཁུངས་མིན་པས་ང་ཚོས་ཟླ་གཅིག་གི་ནང་ལ་སྒོར་ཉི་ཤུ་སུམ་བཅུ་དང་སུམ་བཅུ་བཞི་བཅུ་རེ་མ་གཏོགས་བཙལ་མི་ཐུབ་པས་དེ་ཚང་མ་ཁོའི་སྟེང་ལ་བཏང་བཏང་པས་ཟེར་རྒྱུ་མེད་ཀ་ཟེར། ང་ཚོས་ར་ད་རུང་ཁྱིམ་ཚང་སྐྱོང་དགོ་ནུར་ཟེར། སྒོར200དེ་ངས་ཁོའི་ཚབ་ལ་སྟེར་ཞེས་བཤད་པར་ཁོས་ཁྱོད་ཁོའི་ཅི་ཞིག་ཡིན་ཟེར། ངས་ཁོར་ཁོ་ངའི་གཉེན་ཉེ་ཞིག་ཡིན། ཁོས་ངའི་མགོ་གཡོག་བཏང་གཟིག་ག ཁོས་ཁོར་པེ་ཅིན་ན་གཉེན་ཉེ་གཅིག་ར་མེད་ཟེར་ནོ། ང་ཁོའི་གཉེན་ཉེ་ཡིན། སྒོར་མོ་ཡིན་ན་ངས་ཁོའི་ཚབ་ལ་སྤྲོད་འཇོག དེའི་ཁྲོད་ཁོས་ཁོ་རང་བོས་ནས་ཁྱོད་ཀྱིས་ངའི་མགོ་གཡོག་ནས་ཁྱོད་ཀྱི་གཉེན་ཉེ་ཡིས་སྒོར་མོ་སྤྲད་བཏང་ཐལ་ཟེར། སྐབས་དེར་ཁོ་ཚང་གི་མི་མང་པོ་ཞིག་ངའི་སྟེང་ལ་རུབ་ཡོང་ནས་ཁྱོད་ཀྱིས་མི་འཆུག་སོང་ནི་རེད་ཟེར། ངས་གང་ནས་མི་འཆུག་ཡོད་དམ། ངས་ང་ཚོའི་ཟ་བཞིན་པའི་འབྲུ་རིགས་ནི་ཁྱོད་ཚོས་བཏབ་པ་ཡིན་ལ། ཕག་ཤ་ཡང་ཁྱོད་ཚོས་བསྐྱལ་ཡོང་བ་ཡིན། ངས་ད་རུང་ང་ཚོས་གྱོན་བཞིན་པའི་ལྭ་བ་ཡང་ཁྱོད་ཚོས་འཐག་པའི་སྲིང་བལ་ཡིན་པས་ངའི་ལུས་སྟེང་གི་ཡོད་ཚད་ནི་ཁྱོད་ཚོའི་ཡིན་པས་དེར་སྐྱོན་ཅི་ཞིག་ཡོད་དམ་ཞེས་བཤད། སྐབས་དེར་ང་ལ་སྒོར་མོ་དེ་འདྲའི་མང་པོ་ཞིག་ཡོད་དམ་ཞེ་ན། སྐབས་དེར་ང་རང་སྣེ་ལེན་ཁང་གི་འགོ་བ་ཡིན་ལ། ཉིན་ལས་མཚན་ལས་ཚང་མ་ལ་སྐབས་དེར་ཟླ་ཕོགས་བྱང་བུའི་སྟེང་ལ་བསྐོར་བཞིན་མེད་ལ། ཟླ་ཕོགས་ཡིག་ཚགས་དེ་ངའི་ལག་ན་ཡོད་ལ། མཚན་ལས་ཀྱི་ཟླ་ཕོགས་ཡིག་ཚགས་དང་ཟླ་ཕོགས་ཚང་མ་ཡང་ངའི་ལག་ན་ཡོད་པས་ངས་དཔའ་རྒོད་བྱས་ནས་སྒོར་མོ་དེ་དག་ཚང་མ་དང་རང་ཉིད་ཀྱི་སྒོར་མོ་བཅས་བསྡོམས་པས་སྒོར200སྤྲད་དེ། ཁོ་ཚོ་གཤག་བཅོས་ཁང་དུ་བསྐྱལ། དེའི་འཕྲོར་སྒོར་མོ་ལྷག་མ་འགའ་ཡོད་པ་དེས་ཁོར་ཟ་རྒྱུ་རེ་ཉོ་སྤྱད་བྱོས་ཞེས་བཤད་རྗེས་ང་ཡུལ་ལ་བུད་སོང་། ཡུལ་ལ་ཐོན་རྗེས་མི་ཞིག་གིས་སྒོ་རྡུང་ནས་སའོ་ཀྲང་ངའི་ཟླ་ཕོགས་ཞེས་བཤད་པས་ངའི་ཀླད་པ་སྟོང་སང་ངེར་བུད་སོང་། ང་སྒོར་མོ་དེ་འདྲའི་མང་པོ་ཞིག་གང་ལ་བཙལ་དུ་འགྲོ་རྒྱུས། སྐབས་དེར་ངའི་ཡིད་ལ་ངེད་ཚང་ལ་ཐང་པོ་ཧུའུ་ཡི་མཛེས་མའི་རི་མོ་ཞིག་ཡོད་པ་དེ་ཡིད་ལ་དྲན་པ་དང་། སྐབས་དེར་གཡུ་རྩི་བཟོ་གྲྭའི་ཁེ་སྤོགས་ལེན་མཁན་དག་ངེད་ཚང་ལ་རི་མོ་དེར་ལྟ་རུ་ཡོང་མྱོང་ཞིང་། བློར་བབས་ན་ཡང་གོང་སྟེར་མ་ཐུབ། མིང་ལ་ལའོ་ཝང་ཟེར་བ་ཞིག་གིས་འཕྲུལ་རྟ་གྱོན་ཡོང་ནས་རྒྱུན་དུ་ང་ཡོད་སར་ཡོང་ཞིང་། སྐབས་དེར་ང་ལ་སྒོར2000དང་དེའི་འཕྲོར་སྒོར་ཁྲི2བྱིན་རུང་ངས་ཁོར་མ་བཙོངས། རྗེས་སུ་ང་ཡུལ་ལ་སོང་ནས་ཁོར་ཁ་པར་བཏང་བཏང་མཐར་ད་བཟོད་འཕྲོད་བྱུང་། རྒྱུ་མཚན་ཡིན་ན་སྐབས་དེརppའཕྲུལ་ཆས་མེད་པ་མ་ཟད། ལག་འཁྱེར་ཁ་པར་ཡང་མེད། ཁ་པར་བཏང་ནས་དུས་ཚོད་ཕྱེད་ཀ་ལྷག་འགོར་བ་ན་ཁོ་ཚོ་བཟོ་གྲྭའི་ལས་བཟོ་བ་ཞིག་གིས་ང་བཙལ་ནས་རྙེད་པས་ངས་སྔོན་ཆད་ཀྱི་དོན་དག་ཚང་མ་ཁོར་བཤད་པ་མ་ཟད། སྒོར་མོ200དེས་ཅི་ཞིག་བྱས་པ་སོགས་བཤད་མཐར་ཁོས་ཁྱོད་ཀྱིས་སྒུགས་ནས་སྡོད་བཏང་། ང་རེམ་མ་ཐོན་འོངས་ཟེར། འཕྲུལ་རྟ་གྱོན་ནས་ཐོན་བྱུང་། སྒོར་མོ10ཤོག་ཅན་གཅིག་འདིར་བཞག་རྗེས་རི་མོ་ཁྱེར་ཤོག་ཟེར། ངས་ཁོར་བྱིན་བཏང་ང་། ངས་ཁོར་ཁྱོད་ཀྱིས་སྟོང་གཉིས་ནས་ཁྲི་གཉིས་སྟེར་ཞེས་བཤད་ཡོད་པ་མིན་ནམ་ཞེས་དྲིས་པར། ཁོས་བཙོངས་མི་ཐུབ་ཀི་ཟེར། ཁྱོད་ཀྱིས་བཙོངས་རྒྱུ་ཡིན་ན་མིན། མི་བཙོངས་ན་ང་འགྲོ་རྒྱུས་ཟེར། སྐབས་དེར་ཐབས་བཀོད་གཞན་མེད་པས་དངོས་གནས་ཆིན་ཆུང་གིས་རྟ་བཙོངས་བའི་རྗེས་ལ་བུད་སོང་། ངས་རི་མོ་དེ་ཁྱེར་ཡོང་ནས་རྒྱབ་ཤོག་ལ་བརྩེ་བ་ཞེས་པའི་ཡི་གེ་ཤིག་བྲིས་རྗེས་ཁོར་བྱིན་བ་ཡིན། དེའི་རྗེས་སུ་དགུ་བཅུ་ལོའི་སྐབས་སུ་ངས་གྲོགས་པོ་ཤིག་གིས་ཤང་ཀང་གི་ཉོ་བསྡུའི་ཚོགས་འདུ་ཤིག་གི་སྟེང་ཤང་སྒོར་བྱེ་བ་འགའ་བུད་འདུག་ཟེར། ད་ལྟ་ཕལ་ཆེར་རིན་གོང་སྒོར་དུང་ཕྱུར་ལྷག་གི་ཡན་ལ་བུད་ཡོད་རྒྱུ་རེད། ཐང་པོ་ཧུའུ་ཡི་མཛེས་མའི་རི་མོ་དེ་ནི་ཧ་ཅང་དཀོན་པོ་ཞིག་ཡིན། ཡིན་ན་ཡང་མི་ལ་ལས་ང་རང་ཁྱོད་འགྱོད་པ་སྐྱེས་མྱོང་ངམ་ཞེས་དྲིས་དུས་ངས་འགྱོད་པ་སྐྱེས་མ་མྱོང་། ངས་རི་མོ་དེར་བརྟེན་ནས་མི་ཞིག་གི་ཚེ་སྲོག་བསྐྱབས་པ་ཡིན་པས་དེ་ཚེ་གང་བོར་ཡུལ་ནས་བསྐྱུར་རུང་གོ་ཅི་ཡང་ཆོད་མི་སྲིད་པས་ངས་བསམ་ན་དེར་རིན་ཐང་ཡོད་པར་འདོད། ང་རང་གི་སེམས་སུ་རང་ཉིད་ཀྱིས་སྒྲུབ་འོས་པའི་དོན་དག་ཤིག་སྒྲུབ་པར་འདོད། རི་མོ་དེ་ངེད་ཚང་དུ་བཞག་ནས་འབུ་སྲིན་གྱིས་ཟོས་པའམ་མེ་ལ་ཚིག་པ། མི་གཞན་གྱིས་བརྐུས་པ་སོགས་བྱས་པ་ན་དེའི་རིན་ཐང་ཡང་མེད་སོང་བ་མིན་ནམ། ངས་བསམ་ན་རིན་ཐང་མེད་པ་ནི་ཚེ་སྲོག་ཡིན་པར་འདོད།

        ལོ་ཙཱ་བ། ལྷ་དཔལ་སྐྱབས།