ཚེ་གང་བོར་ལེ་ཧྥུན་ལྟ་བུའི་འཐབ་མོ་བ་ཞིག་བྱེད་དགོས། ལྔ་བ།

      ཡོང་ཁུངས། : བདེན་འཚོལ་རྩོམ་སྒྲིག་ཁང་།      སྤེལ་དུས། : 2017-07-03 11:10:20      རྩོམ་སྒྲིག་པ། : ལྷ་དཔལ་སྐྱབས།

        ཚེ་གང་བོར་ལེ་ཧྥུན་ལྟ་བུའི་འཐབ་མོ་བ་ཞིག་བྱེད་དགོས། ལྔ་བ།

        ལིག་ཞའེ་ཅོན།

        ཁྱོད་ཚོས་བལྟས་ར་ད་ལྟ་འུ་ཚོའི་གཞུང་ལམ་མང་པོ་ཞིག་རྡིབ་ཡོད་པ་མཐོང་རྒྱུ་ཡོད་ལ། དོན་དངོས་སུ་དེ་དག་ནི་ད་ལྟ་བྱུང་བ་ཙམ་མ་ཡིན་པར་སྔོན་ཆད་ནས་བཟུང་ལམ་རྡིབ་པའི་སྣང་ཚུལ་དེ་ལྟ་བུ་ཞིག་ཡོད་ལ། 2009ལོར་ཅི་མིན་ཟམ་པ་ཡོད་ས་དེ་རུ་ཡང་ཡོད། ཉིན་ཞིག་ལ་ང་རང་ཨ་མྱེས་ཚང་ཤིག་ལ་རོགས་རམ་ཤིག་བྱེད་དུ་སོང་དུས། དངོས་པོ་འདྲ་མིན་འགའ་ཉོས་ནས་སོང་བ་ཡིན། ང་སོང་རྗེས་ཕྱིར་ལོག་པའི་ལམ་བར་དུ་གཞུང་ལམ་ལ་གས་ཀ་ཆེན་པོ་ཞིག་བྱུང་འདུག་ལ། ཟླ1པོའི་ནང་དུ་ཙག་ཙག་གི་སྒྲ་ཞིག་གྲགས་བཞིན་འདུག ངས་ཅིག་བལྟས་མ་ཐག་དོང་ཆེན་པོ་ཞིག་ཡོད་པས་ཏག་ཏག་སྐབས་དེར་མདུན་ཕྱོགས་ནས་སྤྱི་སྤྱོད་རླངས་འཁོར་ཞིག་ཚུར་ཐོན་བྱུང་ལ། འགྲུལ་སྐྱེལ103ཡིན་པ་འདྲ། རླངས་འཁོར་ཚུར་ཡོང་སྐབས་ངས་སྡོད་སྡོད་ཟེར་བཞིན་རླངས་འཁོར་ཚུར་འོངས་བ་དང་མཉམ་དུ་རྒྱུགས་པ་ན་རླངས་འཁོར་གྱིས་འཁོར་སྒགས་གནོན་ཐེངས་མནན་པ་དང་དུས་མཉམ་དུ་ང་རང་རླངས་འཁོར་གྱི་སྒོ་ལ་འཐམས་པ་དང་ཁ་ལོ་བས་འཁོར་སྒག་གནོན་ཐེངས་གཅིག་གིས་བསྡད་བྱུང་། སྐབས་དེར་མི་རྣམས་ཀྱིས་མི་ཞིག་རྨས་བྱུང་ཞེས་བཤད་པས་ཁ་ལོ་བ་སར་ལྡིང་སྟེ་ངའི་ཐོང་རྩ་ནས་བཟུང་ཞིང་གནའ་ཤི་བོ་ཁྱོད། འཆི་ན་འདོད་ནི་མིན་ན། ཁྱོད་སྨྱོས་བཏང་ནི་མིན་ན། དེའི་འཕྲོར་རླངས་འཁོར་ནང་ན་མི་མང་པོ་ཞིག་ཡོད་པས་ཏག་ཏག་སྐབས་དེར་སྒྲ་ཞིག་དང་མཉམ་དུ་ཟབ་ཚད་ལ་རྨིད2དང་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ10ལྷག་ཡོད་པའི་དོང་ཆེན་ཞིག་མར་རྡིབ་སོང་། སྐབས་དེར་ཁོ་ཚོ་ཚང་མ་སྐྲག་ཐག་ཆོད་ནས་ལུས་སྟེང་དུ་རྔུལ་ཆུ་བཞུར་བཞིན་འདུག སྐབས་དེར་ང་ལ་རྒྱག་མཁན་དེ་སྐྲག་ཐག་ཆོད་དེ་ངུས་བྱུང་། ཉི་མ་དེར་མི་གང་མང་ཞིག་གིས་ང་རང་གཅིག་གཉིས་གསུམ་ཞེས་བར་སྣང་ལ་འཕངས་བྱུང་། གལ་ཏེ་ཉིན་དེར་ང་མིན་རྒྱུས་ན་མི་རླངས་འཁོར་བཀང་བོ་དེར་དོན་རྐྱེན་བྱུང་སོང་། དེའི་རྗེས་སུ་གསར་འགོད་པ་ཡང་ཐོན་ནས་ང་ཚོ་ཚགས་པར་སྟེང་དུ་བཀོད་བྱུང་། སྐབས་དེར་འདྲ་པར་ཡང་བླངས་ཡོད། སྐབས་དེར་འགོ་ཁྲིད་ཀྱིས་ང་ལ་དགེ་རྒན་ལིག་ད་ཁྱོད་དཔའ་རྒོད་བྱེད་ཀིན་མ་འདུག དོན་དག་འདི་ཁྱོད་ཀྱིས་གཞན་ལ་མ་བཤད་ཟེར། ཅིའི་ཕྱིར་ཅེ་ན། ཕལ་ཆེར་ང་ཚོའི་བཟོ་བསྐྲུན་གྱི་ཁྲོད་དུ་རྒྱུན་ལྡན་མིན་པའི་ལས་སྣོན་སྐོར་ཞིག་ཡོད་པས་དེ་དག་གི་དབང་གིས་བྱུང་བ་ཡིན་ལ། ད་ཐེངས་ཁྱོད་དཔའ་རྒོད་མི་བྱེད་རོགས་ཟེར། ངས་ཁོར་ངའི་ཅང་ར་མ་རེད། མི་བརྒྱ་ཕྲག་ལྷག་གི་ཚེ་སྲོག་ལ་གནོད་འཚེ་ཅི་ཡང་བྱུང་མེད་པས་ང་ངོ་མས་སྐྱིད་ནི་ཞིག་ཡིན་པས། གལ་ཏེ་ཁོ་ཚོར་སྐྱོན་མེད་ན་ང་ལ་ཅི་ཞིག་བྱུང་ན་བྱུང་། ཉི་མ་དེར་ང་ལ་རླངས་འཁོར་གྱིས་རྡུང་ནས་ཁ་ནས་ཁྲག་ཡང་སྐྱུགས་སོང་། ཡིན་ན་ཡང་ངས་བསམ་ན་དེར་རིན་ཐང་ཡོད་པར་འདོད། མི་རླངས་འཁོར་བཀང་བོ་དེ་མར་ལྷུང་བ་ན་ངུ་འབོད་ཀྱིས་གནམ་ས་ཁེངས་ཤིང་ཁྱིམ་ཚང་ཇི་འདྲའི་མང་པོ་ཞིག་ལ་གནོད་འཚེ་འབྱུང་སྲིད་པ་སུ་ཞིག་གིས་ཤེས་སམ། ངས་བསམ་ན་དེར་རིན་ཐང་ཡོད་པར་འདོད།

        དེའི་རྗེས་སུ2007ལོར་ངས་ལམ་འགྲམ་དུ་བྱ་འགུལ་ཤིག་སྤེལ་བཞིན་ཡོད་ལ། ངས་གཞན་པར་རོགས་བྱས་ཏེ་དུད་སྣེ་སྒྲུག་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྐོར་དྲིལ་སྒྲོག་བྱས་པ་ཡིན། འགྱིག་ཤོག་ཁུག་མ་ཞིག་བཟུང་ནས་རྗེས་སུ་ང་སོང་ཀིན་སོང་ཀིན་རང་གི་ལས་འཁྱུར་ངལ་གསོའི་སྒོར་མོ་ལེན་རན་ལ་ཐོན་འདུག་པ་ཡིད་ལ་དྲན་པས་བཟོ་ཚོང་དངུལ་ཁང་དུ་ལས་འཁྱུར་ངལ་གསོའི་མ་དངུལ་ལེན་དུ་སོང་ལ། མཁར་ནུབ་ཀྱི་ཕྱོགས་དེ་ཡིན། ང་ནང་ལ་སོང་ནས་བླངས་རྗེས་སྒོར་བུད་དུས་ཕོ་བ་ལྟོགས་པའི་ཚོར་བ་ཞིག་སྐྱེས་པས་གོ་རེ་བསྲེགས་མ་རེ་ཉོ་འདོད་སྐྱེས་པས་མི་མང་པོ་ཞིག་གྲལ་བསྒྲིགས་འདུག 2007ལོའི་སྐབས་སུ2008ལོར་ཨོ་ཡོན་ལུས་རྩལ་འགྲན་ཚོགས་བསྡུ་དགོས་པས་དག་ཐེར་བྱེད་བཞིན་ཡོད་པས་ཐང་ཚོང་གི་རིགས་དེ་དག་སྒོར་འབུད་དུ་མི་འཇུག་པར་གྲོང་མཁར་དོ་དམ་པ་བཙན་པོ་ཏག་ཏག་ཡིན། དེའི་འཕྲོར་གྲོང་མཁར་དོ་དམ་པ་ཐོན་བྱུང་ཞེས་འུར་རྒྱག་དུས་ང་གྲལ་བསྒྲིགས་ཡོད་ལ། ངའི་སྔོན་ན་མི་གཉིས་ཡོད་ལ། ལ་ལས་སྒོར་མོ་སྤྲད་རྗེས་སྒུགས་འདུག་མོད། འཁོར་གསུམ་ལྕགས་རྟ་ཞོན་ནས་ཚང་མ་བྲོས་སོང་། དེའི་འཕྲོར་སྦྲུལ་ཤུན་ཁུག་མ་ཞིག་དེ་རུ་བཞག་འདུག ངས་འདི་ཅི་ཞིག་ཡིན་ནམ་སྙམ་ནས་ལྟ་དུས་གློ་བུར་དུ་དམག་གི་ལྭ་རིང་གྱོན་མཁན་དག་ཡོང་ནས་འཁྱེར་རྩིས་བྱས། ངས་ཁོར་འདི་ཁྱོད་ཀྱི་ཡིན་ནམ། འདིའི་ནང་ན་ཅི་ཞིག་ཡོད་དམ་ཞེས་དྲིས་པར་ཁོ་བུད་སོང་། ཁོ་སོང་རྗེས་ངས་དེ་སར་བཞག་ནས་སྒུག་བསྡད་ན་ཡང་མི་གཅིག་ཀྱང་མ་ཡོང་ཞིང་། རྗེས་སུ་ངས་ཁ་ཕྱེས་ནས་ཅིག་ལྟ་དུས་ང་སྐྲག་གིན་བཅུག་སོང་། ནང་ལ་སྒོར་འབུམ་གཉིས་འདུག སྦྲུལ་ཤུན་ཁུག་མའི་ནང་དུ་འགྱིག་ཁུག་ནག་པོ་ཞིག་གི་ནང་དུ་བཅུག་འདུག ངས་ཡུན་རིང་ལ་སྒུག་རུང་མི་མ་ཡོང་བས་ང་གྲང་ནས་འདར་བཞིན་ཡོད་པས། ངས་ཁྱེར་ནས་ཡུལ་ལ་བུད་སོང་། ཡུལ་ལ་སོང་ནས་བསློགས་དུས་འབྲི་དེབ་ཆུང་ཆུང་ཞིག་འདུག་ལ། འབྲི་དེབ་ཆུང་ཆུང་དེའི་སྟེང་དུ་ཁ་པར་ཨང་གྲངས་ཡང་བྲིས་ཡོད་ལ། ད་རུང་མིང་ལ་སོགས་པ་ཚང་མ་བྲིས་འདུག་ལ། ལས་ཀ་ཉིན་ག་ཚོད་ལ་ལས་པ་སོགས་བྲིས་ཡོད། མ་གཞི་ཞིང་བ་ལས་ཀ་ལས་མཁན་གྱི་འགོ་བ་ཞིག་ཡིན་པས་ལོ་མཇུག་ལ་ཟླ་ཕོགས་བྱིན་པ་ཡིན་པས་འདིར་ཟླ་ཕོགས་ལེན་དུ་འོངས་བ་རེད། དེའི་འཕྲོར་ངས་ཁ་པར་བཏང་དུས་ཟང་ཟིང་ལང་ལོང་དུ་གྱུར་འདུག ངས་ཁོར་ཁྱོད་ལ་ཅི་བྱས་སོང་ངམ། དངོས་པོ་འདྲ་བོར་སོང་ནི་མིན་ན་ཞེས་དྲིས་པར། ཁོས་ཅི་ཞིག་གཟེས་ཟེར། ངས་ཡང་བསྐྱར་ཁྱོད་ཀྱིས་དངོས་པོ་འདྲ་བོར་སོང་བ་མིན་ནམ་ཞེས་དྲིས་པར། དངོས་པོ་ཅི་ཞིག་ཡིན་མིན་དྲིས་པར་སྒོར་མོ་བོར་ཚུལ་དང་སྒོར་མོ་ཡང་འབུམ་གཉིས་ཡོད་པ་དང་ཁོ་རང་གང་ན་ཡོད་འདུག་དྲིས་པར་མེ་ཏོག་པདྨའི་སྐྱེད་ཚལ་བཟོ་བསྐྲུན་ཁུལ་དུ་ཡོད་ཚུལ་བཤད། ངས་རྙེད་ཡོད་ཞེས་བཤད་པར་ང་ཚོས་ཉེན་རྟོག་པར་ཡར་ཞུ་བྱས་ཟིན་ཟེར། ངས་ཁྱོད་ཀྱིས་སྒུགས་ནས་སྡོད་བཏང་། ངས་ཁྱོད་ཡོད་སར་བསྐྱལ་ནས་འོངས་ཞེས་བཤད། དེའི་འཕྲོར་ཉི་མ་དེར་ང་རང་སོང་དུས་ཞིང་བ་ལས་ཀ་བ་དེ་དག་དངོས་གནས་སྤྱོད་བཟང་ཏག་ཏག་རེད། ཁོ་ཚོས་ལོ་གཅིག་གི་རིང་ལ་ལས་ཀ་ལས་པའི་སྒོར་འབུམ་གཉིས་པོ་འདི་ནི་མི་བཅུ་ཕྲག་ལྷག་ལ་བགོ་དགོས་ཤིང་། སྐབས་དེར་ངས་མཐོང་མ་ཐག་སེམས་འགུལ་ཐེབས་པ་དང་ཁྱོད་ཀྱིས་མ་མཐོང་བ་རེད། དངོས་གནས་རང་གི་གཉེན་ཉེ་ཞིག་གི་ཚད་ལ་བཞག་བྱུང་། ཉི་མ་དེར་ང་ཡིན་གཅིག་མིན་གཉིས་སྡོད་ཟེར་ཞིང་། ཉིན་དེར་ཆང་ཨར་ཀོ་ཐུ་འཐུང་ནས་ང་བཟི་རུ་བཅུག་བྱུང་ལ། ངས་ཆང་འཐུང་བཞིན་མེད་ན་ཡང་ཉིན་དེར་དངོས་གནས་ཐབས་བཀོད་མེད་པ་ཞིག་ཏུ་བཏང་བྱུང་། ངས་འདང་བརྒྱབ་ན་ཁོ་རང་ཕྱིར་སོང་ནས་ཁོ་རང་པེ་ཅིན་དུ་སོང་ནས་སྒོར་མོ་ག་ཚོད་ཅིག་བཙལ་བ་དང་པེ་ཅིན་ཇི་འདྲ་ཡིན་པ། པེ་ཅིན་གྱི་མི་ཇི་འདྲ་ཞིག་ཡིན་པ་སོགས་ཀྱི་སྐོར་ལ་ལབ་རྒྱག་སྲིད། ད་རུང་སྒོར་མོ་ཡིས་ཁྱིམ་ལ་དགོས་མཁོ་ཡོད་པའི་བྱ་དངོས་གང་རུང་མང་པོ་ཞིག་ཉོས་ནས་ལོ་སར་སྐྱིད་པོ་ཞིག་རོལ་སྲིད་པས། ང་རང་གི་སེམས་ནས་ཀྱང་དངོས་གནས་སྐྱིད་པོ་ཞིག་རེད། ང་རང་གི་སེམས་སུ་རང་ཉིད་ཀྱི་སྒོར་མོ་མིན་ན་དེ་ལེན་མི་རུང་བར་འདོད།

        དེའི་རྒྱུ་མཚན་ཡིན་ན་ངས་སྤྱི་ཚོགས་སྟེང་དོན་དག་འདྲ་མིན་སྣ་ཚོགས་སྒྲུབ་བཞིན་ཡོད་ལ། ངས་ཚང་མའི་དུས་ཚོད་མང་པོ་ཞིག་འཕྲོ་བརླག་དུ་མི་གཏོང་། ད་སོ་མ་མི་ཞིག་གིས་ངའི་ཁུག་མ་འདི་ཅི་ཞིག་ཡིན་འདུག་དྲིས་བྱུང་པས། ངས་ཚང་མར་ཅིག་སྟོན་རྒྱུ་བྱེད། ཁུག་མ་འདི་ནི་ངའི་བྱ་བ་སྒྲུབ་པའི་ཁུག་མ་ཞིག་ཡིན། ཁུག་མ་འདིའི་ནང་དུ་ཁྲག་ཤེད་ལ་ལྟ་ཆས་ཤིག་ཡོད། ཁྲག་ཤེད་ལ་ལྟ་ཆས་འདི་ནི་སྐབས་ལན་རེར་ལུས་པོ་བདེ་ཐང་མིན་པའི་མི་རེ་འགར་འཕྲད་དུས་ཁྲག་ཤེད་ལ་ཅིག་བལྟས་པ་ཡིན། དེའི་འཕྲོར་འདིར་འགྲིམ་འགྲུལ་ས་ཁྲའི་དེབ་ཅིག་ཡོད་པས། ངས་ས་གཞན་ནས་ཡོང་བའི་མི་རྣམས་ལ་ལམ་སྟོན་བྱས་ནས་འགྲོ་ཕྱོགས་བསྟན་པ་ཡིན། དེའི་འཕྲོར་དམངས་ཕན་ལག་དེབ་ཅིག་ཡོད་ལ། ངས་ཁོ་ཚོ་གང་དུ་འགྲོ་བ་དང་རླངས་འཁོར་ལ་གང་ནས་འདུག་པ་སོགས་བཤད་པ་ཡིན། དེའི་འཕྲོར་འདིར་བྱེད་ནུས་འཐུས་ཚང་ཅན་གྱི་ལག་ཆ་ཤིག་ཡོད། དཔེར་ན་སྐབས་ལན་རེར་རྐང་སྣུམ་བཅིངས་བྱེད་ཆད་པ་དང་ལྕགས་རྟ་ཆག་པ་སོགས་ཀྱི་སྐབས་སུ་ངས་ཞིག་གསོ་བྱས་ཆོག་ལ་རོགས་རམ་ཡང་བྱེད་ཆོག དེའི་འཕྲོར་འདིའི་ནང་དུ་མྱུར་སྐྱོབས་ཁུག་མ་ཤིག་ཡོད་ལ། མྱུར་སྐྱོབ་ཁུག་མ་འདིའི་ནང་དུ་ནུས་ཆོད་མྱུར་བའི་སེམས་གསོའི་རིལ་བུ་ཡོད་པས། འདིས་མི་མང་པོ་ཞིག་བསྐྱབ་མྱོང་ལ། ལོ་ན་བགྲེས་ཤོས་དང་སྙིང་ཁམས་མི་བདེ་བའི་མི་སོགས་ལྟ་བུ་རེད། ཡང་སྐབས་ལན་རེར་རྨ་སྦྱོར་ཡང་ཡོད། རླངས་འཁོར་ལ་གནོད་པའི་སྨན་སོགས་འདི་དག་ཚང་མ་ངས་བསམ་ན་དམངས་ལ་སྟབས་བདེ་བསྐྲུན་བྱེད་ཡིན་པར་འདོད་པས་རང་གིས་སྒྲུབ་པ་ཡིན། ཡང་སྐབས་ལན་རེར་ཉེན་ཁ་ཆེ་བའི་སྐབས་སུ་ངས་སྐ་རགས་འདི་ཆུ་ནང་སོགས་ལ་འཕངས་ན་མི་གཞན་པ་ཡང་འདིར་བརྟེན་ནས་ཡར་འཐེན་ཐུབ། འུ་ཚོར་ཚེས21ཉིན་ཆར་ཆེན་བབས་དུས་ང་ཡང་སོང་བ་ཡིན། དྭངས་གསལ་གཙང་བོའི་འགྲམ་རྒྱུད་དུ་ཨ་མྱེས་རྒད་པོས་གཏེར་ཆུའི་ཤུན་པ་གཉིས་འཐུ་བའི་ཆེད་དུ་ཆུ་ནང་ལ་ལྷུང་སོང་བས། མཐའ་འཁོར་ན་མི་བཅུ་ཕྲག་འགའ་ཡོད་ན་ཡང་གཅིག་ཀྱང་མར་ལྡིང་མ་ཐུབ་པ་རེད། ངས་ཐག་པ་འདི་རང་གི་ལུས་སྟེང་ལ་བརྒྱབ་རྗེས་མར་ལྡིང་ནས་ཨ་མྱེས་རྒད་པོ་དེ་ཆུ་ཁར་བླངས་བ་ཡིན། དེའི་འཕྲོར་ཡང་ངའི་འདིར་རྗེས་དྲན་གྱི་མཚོན་རྟགས་ཤིག་ཀྱང་བཞག་བྱུང་། དྲང་མོར་བཤད་ན་ཚང་མ་ང་ལ་ཡིད་ཆེས་བརྟན་པོ་ཡོད་པས། ཁྱོད་ཚོའི་ངའི་ལྡེ་མིག་ལ་བལྟས་ར། ལྡེ་མིག་འདི་དག་ཚང་མ་ཡིན་ན་རྒན་པོ་ལོ་ལོན་ཚང་དང་ལྔ་སྐྱོང་ཁྱིམ་ཚང་། ད་རུང་ཞོར་ལས་ལ་སོང་ཟིན་པའི་མི་དག་གིས་ང་ལ་བྱིན་པ་ཡིན། ཅིའི་ཕྱིར་ཅེ་ན། ཁོ་ཚོས་རང་གི་ཡུལ་ང་ལ་སྤྲད་ཟིན་པ་རེད། སྐབས་ལན་རེར་ལོ་ལོན་དག་ལ་མ་བདེ་ན་ནམ་གུང་ཡིན་རུང་ང་ལ་ཁ་པར་བཏང་འོངས་པས། ཞི་ལི། ང་ཅིག་མི་བདེ་པས་སྨན་གང་ན་ཡོད་དམ་ཞེས་དྲིས་ན། ང་སོང་ནས་ཁོར་སྨན་བཙལ་རོགས་བྱས་པ་དང་ཆུ་ཁོལ་བསྐོལ་བ། ཐུག་པ་གདུ་བ་སོགས་བྱས་པ་ཡིན་པས་ཕལ་ཆེར་ཨ་མྱེས་ཡང་དྲགས་སྲིད། ཨ་མེ་རྒན་མོ་དག་ལ་ཡང་ཅིག་མི་བདེ་དུས་འགྲམ་ན་མི་གཞན་པ་འདྲ་མེད་ན་ངས་སྨན་ཁང་སོགས་ལ་བསྐྱལ་ནས་སྨན་ཁབ་རྒྱག་དུ་བཅུག་པ་སོགས་བྱས་པ་ཡིན་པས་སྨན་ཁང་གི་མི་ཚང་མས་ང་ངོ་ཤེས། ཐེངས་སྔོན་མ་ཞིག་ལ་པེ་ཅིན་སྨན་ཁང་གསུམ་པ་རུ་ཨ་ནེ་རྒན་མོ་ཞིག་ལ་མ་བདེ་པས་བསྐྱལ་ནས་སོང་དུས་རང་ཉིད་རང་གི་སྟེང་ལ་སྐྱུགས་ནས་ལུས་ཡོངས་བརྫད་འདུག་པས་ནད་གཡོག་པ་ངའི་སྟེང་ལ་ཁོང་ཁྲོ་ལངས་ནས་ཁྱོས་རང་གི་ཨ་མར་ཅིག་ལྟོས་ར། འདི་འདྲ་ཞིག་ཅི་བྱས་སོང་ངམ་ཟེར། ང་ཚོར་མི་ཉུང་བས་ད་ཅི་ཞིག་བྱེད་དགོས་སམ་ཟེར། རྗེས་སུ་ངས་ཀྱང་འགྲེལ་བཤད་མ་བྱས། ཉིན་གསུམ་འགོར་བ་ན་མོའི་ཞི་ལི་ཐོན་བྱུང་བས་ངས་ལུས་སྟེང་གི་མི་གཙང་བ་དེ་དག་ཕྱིས་ནས་གཙང་སྦྲ་བྱས་ཟིན་པས། ཁོའི་ཞི་ལི་ཐོན་མ་ཐག་ང་ལ་པུས་བཙུགས་ནས་ཕུ་བོ་གལ་ཏེ་ཁྱོད་མིན་རྒྱུས་ན་ངའི་ཨ་མ་ད་ཐེངས་ཕལ་ཆེར་གསོན་ཐུབ་ཡོད་རྒྱུ་མ་རེད་ཟེར། རྗེས་སུ་ནད་གཡོག་མ་དག་གིས་དོན་དག་འདི་གོ་རྗེས་སེམས་འགུལ་ཐེབས་པས། རྗེས་སུ་ནད་གཡོག་མ་ཚང་མ་ཕྱོགས་གཅིག་ཏུ་བསྡུས་ནས་ང་ཚོ་ནི་ལྭ་དཀར་གྱོན་པའི་ཕོ་ཉ་ཡིན་པས་འདི་དག་ནི་སྒྲུབ་འོས་པ་ཞིག་ཡིན་མོད། ཁོ་རང་དབང་བོ་སྐྱོན་ཅན་ཞིག་གིས་ཀྱང་འདི་ལྟར་སྒྲུབ་པ་འདི་ནི་ང་ཚོས་སྒྲུབ་འོས་པའི་དོན་དག་ཅིག་རེད་ཟེར་ནས་ནད་གཡོག་མ་དང་སྨན་པ་འདུས་པའི་མི20ལྷག་གིས་ང་ལ་གུས་འདུད་ཞུས་པས་སྐབས་དེར་ང་ངོ་མས་སེམས་བསམ་པའི་གཏིང་ནས་སེམས་འགུལ་ཐེབས་བྱུང་། ངས་སེམས་སུ་ང་རང་ཉིད་ཨ་ཕྱི་རྒན་མོ་དེའི་ཞི་ལི་མིན་ན་ཡང་འདི་ནི་ང་རང་ཉིད་ཀྱིས་སྒྲུབ་འོས་པའི་དོན་དག་ཅིག་ཡིན་པར་འདོད་ལ། མོའི་ལོ་ཚད་ནི་ངའི་ཨ་མའི་ལོ་ཚད་དང་གཅིག་རེད།

      ལོ་ཙཱ་བ། ལྷ་དཔལ་སྐྱབས།