བོད་ཀྱི་རིག་གནས་ནང་གི་ཁྱུང་།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-07-19 09:14:41      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

        ཁྱུང་ནི་བོད་ཀྱི་རིག་གནས་ནང་མཚོན་བྱེད་རང་བཞིན་གྱི་རྟགས་ཤིག་ཡིན་ཞིང་། ཁྱུང་གི་ཡོང་ཁུངས་ལ་ད་དུང་གཏན་འཁེལ་གྱི་བཤད་ཚུལ་ཞིག་བྱུང་མེད། མཁས་པ་མང་པོས་ཁྱུང་གི་འབྱུང་ཁུངས་ནི་རྒྱ་གར་རེད་ཅེས་དང་། ཡང་མི་འགའ་རེས་ཁྱུང་གི་གཟུགས་བརྙན་ནི་བོད་རང་ནས་བྱུང་བ་རེད་ཟེར།

        སྤྱིར་བཏང་ཁྱུང་གི་གཟུགས་བརྙན་ནི་ཕྱེད་ཀ་མི་དང་ཕྱེད་ཀ་བྱའམ་ཡང་ན་ལུས་ཡོངས་བྱ་ཡི་གཟུགས་ཡིན། སྔ་དུས་ཀྱི་བོད་ཀྱི་རིག་གནས་ནང་དེ་ནི་མཆོད་པ་བྱ་ཡུལ་ཞིག་ཡིན་ཞིང་གནས་བབ་གལ་ཆེན་བཟུང་ཡོད། དེའི་རྗེས་སུ་བོན་ཆོས་རིམ་བཞིན་ཉམ་པ་དང་བསྟུན་ནས་ཁྱུང་གི་གནས་བབ་ལའང་འགྱུར་བ་བྱུང་།

        ཉེ་བའི་ལོའི་ནང་ཀན་སུའུ་ཞིང་ཆེན་དུ་སྤྱི་ལོའི་དུས་རབས་བརྒྱད་པ་དང་དགུ་པའི་སྐབས་ཀྱི་བོན་གྱི་དཔེ་ཆ་མང་པོ་ཞིག་རྙེད་ཡོད་ཅིང་། ང་ཚོས་དཔེ་ཆ་འདི་དག་ལས་ཁྱུང་དང་འབྲེལ་བའི་ཆོས་དང་རི་མོ་མང་པོ་ཞིག་རྙེད་བྱུང་ལ། དེས་ཁྱུང་གིས་བོད་ཀྱི་གནའ་བོའི་རིག་གནས་ནང་ཐུན་མོང་མ་ཡིན་པའི་གནས་བབ་ཡོད་པ་ཤུགས་ཀྱིས་ར་སྤྲོད་ཐུབ། གཅིག་བྱས་ན་ང་ཚོས་པར་རིས་འདི་དག་བརྒྱུད་ལོ་རྒྱུས་རིང་མོའི་ཁྲོད་ཀྱི་ཁྱུང་གི་རིམ་འགྱུར་མཐོང་ཐུབ།