ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོང་ཁུལ་དུ་ཚེ་སྲོག་རྣམ་པར་བཀྲ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-07-19 10:57:09      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

        མཚོ་སྔོན་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་རྒྱུད་དུ་ཡོད་ལ། ཁེབས་ཚད་རྒྱ་ཁྱོན་ཕལ་ཆེར་སྤྱི་ཆིང་ཁྲི600ཙམ་ཡོད་པ་རེད། ད་ལྟའི་འཛམ་གླིང་གི་ཆེས་གདོད་མའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཆེས་ལེགས་པའི་ས་ཁུལ་ཞིག་ཡིན་ལ། ཀྲུང་གོའི་རྒྱ་ཁྱོན་ཆེས་ཆེ་བ་དང་། ས་བབ་མཐོ་ཤོས། རི་དྭགས་ཀྱི་རིགས་ཆེས་མང་བའི་རང་བྱུང་སྲུང་སྐྱོང་ཁུལ་ཞིག་ཀྱང་ཡིན་པ་རེད།

        མཚོ་སྔོན་ཨ་ཆེན་གངས་རྒྱབ་ཀྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ། དེ་སྔ་ཤེས་རྟོགས་བྱུང་བའི་མཐོ་རིམ་སྐྱེ་དངོས་རིགས་ནི210ལྷག་ཙམ་ཡོད་པས། ང་ཚོ་མཉམ་དུ"འཛམ་གླིང་ཡང་རྩེ"དང"ཚེ་སྲོག་བཀག་སྡོམ་ཁུལ"དུ་འབོད་པའི་ཨ་ཆེན་གངས་རྒྱབ་ཏུ་ཕྱིན་ཏེ་གནས་མཆོག་འདི་རུ་རྣམ་པར་བཞད་པའི་མེ་ཏོག་དེ་ཚོར་བལྟས་ཆོག