རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་ཅུ་བ་བསྡུས།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-07-28 11:31:51      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

        ཟླ་བདུན་པའི་ཚེས་དྲུག་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་ཅུ་བ་བསྡུས་ཏེ། ཐོན་ནུས་འདོར་སྒྱུར་གོ་རིམ་ཁྲོད་དུ་ལས་བཟོ་བའི་ལས་ཞུགས་དང་ཡང་བསྐྱར་ལས་ཀར་ཞུགས་པའི་གནད་དོན་ལ་དམིགས་ཏེ་བློ་འདོན་ཇུས་འབུལ་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་དྲུག་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་ཅུ་བ་བསྡུས་ཏེ། ཐོན་ནུས་འདོར་སྒྱུར་གོ་རིམ་ཁྲོད་དུ་ལས་བཟོ་བའི་ལས་ཞུགས་དང་ཡང་བསྐྱར་ལས་ཀར་ཞུགས་པའི་གནད་དོན་ལ་དམིགས་ཏེ་བློ་འདོན་ཇུས་འབུལ་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

        རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཧྥུའུ་ཀྲི་ཧྥང་དང་ཀྲང་ཧྥུའུ་མེན་སོགས་དང་ཁེ་ལས་པའི་འཐུས་མི་ཁྲིན་ཝེ་སོགས་ཀྱིས་བཞུགས་མོལ་ཚོགས་འདུའི་སྟེང་གཏམ་བཤད།

        ཨུ་ཡོན་ཁ་ཤས་ཀྱིས་གྲོས་གཞི་བཏོན་ཏེ། ཐོན་ནུས་འདོར་སྒྱུར་གོ་རིམ་ཁྲོད་དུ་ལས་བཟོ་བའི་ལས་ཞུགས་དང་ཡང་བསྐྱར་ལས་ཀར་ཞུགས་པའི་བྱ་བ་བཟང་བོར་སྒྲུབ་སྐབས། གཅིག ཁེ་ལས་ཀྱི་གཙོ་གཞི་དང་ས་གནས་ཀྱི་རྩ་འཛུགས། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་བྱ་བ་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། གཉིས། ལས་ཞུགས་དང་ཡང་བསྐྱར་ལས་ཀར་ཞུགས་པའི་ཐབས་ལམ་རྒྱ་བསྐྱེད་དགོས། གསུམ། ལས་བཟོ་བའི་བཀོད་སྒྲིག་མ་དངུལ་བེད་སྤྱོད་བཟང་བོ་བྱེད་དགོས། བཞི། སྤྱི་ཚོགས་འགན་སྲུང་སྲིད་ཇུས་ལེགས་བཅོས་བྱེད་དགོས། ལྔ། ལས་བཟོ་བའི་དམངས་གཙོ་ཁེ་དབང་འགན་སྲུང་བྱེད་དགོས་ཟེར།

        རྒྱལ་ཡོངས་སྲིད་གྲོས་ཀྱིས་ཐོན་ནུས་འདོར་སྒྱུར་གོ་རིམ་ཁྲོད་དུ་ལས་བཟོ་བའི་ལས་ཞུགས་དང་ཡང་བསྐྱར་ལས་ཀར་ཞུགས་པའི་གནད་དོན་ལ་ཧ་ཅང་ཡིད་འཇོག་བྱེད་བཞིན་ཡོད། ཐེངས་འདིའི་གྲོས་ཚོགས་བཟང་བོར་བསྒྲུབ་ཆེད། རྒྱལ་ཡོངས་སྲིད་གྲོས་སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་རྣམས་རྩ་འཛུགས་བྱས་ཏེ་ཆེད་དོན་ཞིབ་འཇུག་བྱས།

      ལོ་ཙཱ་བ། ལྷ་ཆེན་རྒྱལ།