2017ལོའི་ཡུལ་ཤུལ་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་བསྡུ་བའི་བརྡ་སྦྱོར།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-07-31 14:41:20      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

        མཚོ་སྔོན་ཞིང་ཆེན་དོན་ལས་སྡེ་ཁག་གིས་ལས་བྱེད་མི་སྣ་བསྡུ་བའི་བྱེད་ཐབས་དང་མཚོ་སྔོན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་བཀྲམས་པའི་ཡིག་ཆ2015ཨང་82པའི་གཏན་འཁེལ།ཡུལ་ཤུལ་ཁུལ་མི་དམངས་སྲིད་གཞུང་གི་མོས་མཐུན་བཅས་བརྒྱུད་དེ།ཡུལ་ཤུལ་ཁུལ་གྱིས་2017ལོར་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་སློབ་གྲྭ་ཆུང་འབྲིང་དུ་དགེ་རྒན་227བསྡུ་རྒྱུ་ཡིན་པས།འབྲེལ་ཡོད་ཀྱི་བརྡ་སྦྱོར་ནི་གཤམ་གསལ་ལྟར།

        དང་པོ། ལས་བྱེད་མི་སྣ་བསྡུ་བའི་རྩ་དོན།

        སྤྱི་བསྒྲགས་དང་འདྲ་མཉམ།དྲང་གཞག་གི་རྩ་དོན་བརྒྱུད་དེ་ལས་བྱེད་མི་སྣ་བསྡུ་རྒྱུ་ཡིན་པ།

        གཉིས་པ།ལས་བྱེད་མི་སྣ་བསྡུ་བའི་ལས་གནས་དང་ཁྱབ་ཁོངས།

        གཅིག ལས་བྱེད་མི་སྣ་བསྡུ་བའི་ལས་གནས།

        སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ལས་གནས་227ཡོད་པ་དང་།དེའི་ནང་།ཞིང་ཆེན་ཡོངས་ལ་ཁ་ཕྱོགས་ནས་ལས་གནས་68དང་།ཁུལ་ཡོངས་ལ་ཁ་ཕྱོགས་ནས་ལས་གནས་159ཡོད་པ་དང་བྱེ་བྲག་གི་ལས་གནས་སོ་སོ་ནི་www.qhpta.comདྲ་བར་གསལ།

        གཉིས། ཞིང་ཆེན་ཡོངས་ཁ་ཕྱོགས་ནས་ལས་བྱེད་མི་སྣ་བསྡུ་བའི་ལས་གནས་ནི་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་རང་ཞིང་གི་ཁྱིམ་ཐོ་ཡིན་པ་དང་།རང་ཞིང་གི་སྐྱེ་ཁུངས་ཡིན་པ།རང་ཞིང་གི་སློབ་ཆེན་ཁག་ནས་ཐར་ཕྱིན་པའི་སློབ་མ་ཡིན་ལ།རང་ཞིང་གི་གཞི་རིམ་ནས་ཞབས་ཞུ་བྱེད་བཞིན་པའི་མཐར་ཕྱིན་སློབ་མ་བཅས་ཡིན་པ་རེད།ཁུལ་ཡོངས་ལ་ཁ་ཕྱོགས་ནས་ལས་བྱེད་མི་སྣ་བསྡུ་བའི་ལས་གནས་ནི་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ཡུལ་ཤུལ་ཁུལ་གྱིི་ཁྱིམ་ཐོ་ཡིན་པ་དང་།ཡུལ་ཤུལ་ཁུལ་གྱི་སྐྱེས་ཁུངས་ཡིན་པ།ཡུལ་ཤུལ་ཁུལ་ན་ཞབས་ཞུ་བྱེད་བཞིན་པའི་མཐར་ཕྱིན་སློབ་མ།རང་ཞིང་གི་དམག་ཁུངས་ནས་ཕྱིར་བུད་པའི་དམག་མི་བཅས་ཡིན་པ་རེད།

        གསུམ་པ། ལས་བྱེད་མི་སྣ་བསྡུ་བའི་ཆ་རྐྱེན།

        རྒྱུགས་ཞུགས་སློབ་མ་དག་ལ་ངེས་པར་དུ་གཤམ་གསལ་གྱི་ཆ་རྐྱེན་དག་ཚང་དགོས།

        1ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བརྩི་སྲུང་བྱེད་དགོས་པ་དང་།བཅའ་ཁྲིམས་དང་ཁྲིམས་སྲོལ་བརྩི་སྲུང་བྱེད་དགོས་པ།

        2གཞུང་དྲང་ལ།ལས་རིགས་ཀུན་སྤྱོད་ཡག་པོ་ལྡན་དགོས།

        3ལུས་ཕུང་བདེ་ཐང་ཡིན་དགོས་ལ།ས་བབ་མཐོ་ས་ནས་བྱ་བ་བསྒྲུབ་ན་འཚམ་པ་དང་།དཀའ་ཚེགས་ལ་མི་འཛེམས་པ།

        4ལོ35མན་གྱི་སློབ་མ་ཡིན་དགོས་པ་བཅས་རེད།

        བཞི་བ། ལས་བྱེད་མི་སྣ་བསྡུ་བའི་གོ་རིམ།

        ལས་བྱེད་མི་སྣ་བསྡུ་བའི་གོ་རིམ་ནི་ལས་བྱེད་མི་སྣ་བསྡུ་བའི་བརྡ་སྦྱོར་གྱི་ཆ་འཕྲིན་ལྟར།ལས་བྱེད་མི་སྣ་བསྡུ་བའི་ཆ་འཕྲིན་གསལ་བསྒྲགས་བྱེད་པ་དང་།

        དྲ་ཐོག་ནས་མིང་ཐོ་འགོད་པ་དང་།དྲ་ཐོག་ནས་ཐོབ་ཐང་ཞིབ་བཤེར་བྱེད་པ།ཡིག་རྒྱུགས་ལེན་པ།ཡུལ་དངོས་སུ་ཐོབ་ཐང་བསྐྱར་བཤེར་བྱེད་པ།ཁ་རྒྱུགས་ལེན་པ།ལུས་པོར་བརྟག་དཔྱད་བྱེད་པ།ཞིབ་འཆན་བཀོད་ནས་ལས་ཁུངས་ཏུ་ལེན་པ་བཅས་གོ་རིམ་བཞིན་བསྒྲུབ་དགོས་པ་རེད།

        ལྔ་བ། མིང་ཐོ་འགོད་པའི་རྣམ་པ་དང་མིང་ཐོ་འགོད་པའི་དུས་ཚོད།

        ཐེངས་འདིའི་ལས་བྱེད་མི་སྣ་བསྡུ་བའི་མིང་ཐོ་འགོད་པའི་བྱ་བ་ནི་།དྲ་ཐོག་ནས་མིང་ཐོ་འགོད་པ་དང་།དྲ་ཐོག་ནས་ཐོབ་ཐང་ཞིབ་བཤེར་བྱེད་པ།དྲ་ཐོག་ནས་དངུལ་སྤྲོད་པ།དྲ་ཐོག་ནས་རྒྱུགས་སྤྲོད་འཛིན་བྱང་དཔར་བ་སོགས་ཀྱི་རྣམ་པ་སྤྱོད་དགོས་པ་དང་།

        མིང་ཐོ་འགོད་པའི་དུས་ཚོད་ནི2017ལོའི་སྤྱི་ཟླ6པའི་ཚེས26གྱི་ཆུ་ཚོད9ནས་སྤྱི་ཟླ6པའི་ཚེས30ཉིན་གྱི་ཆུ་ཚོད18བར་དང་།

        ཆ་འཕྲིན་ནོར་བཅོས་བྱེད་པའི་དུས་ཚོད་ནི་2017ལོའི་སྤྱི་ཟླ6པའི་ཚེས26ཉིན་གྱི་ཆུ་ཚོད་9ནས་སྤྱི་ཟླ7པའི་ཚེས1ཉིན་གྱི་ཆུ་ཚོད18བར།

        དྲ་ཐོག་ནས་ཐོབ་ཐང་ཞིབ་བཤེར་བྱེད་པའི་དུས་ཚོད་ནི་2017ལོའི་སྤྱི་ཟླ6པའི་ཚེས26ཉིན་གྱི་ཆུ་ཚོད་9ནས་སྤྱི་ཟླ7པའི་ཚེས2ཉིན་གྱི་ཆུ་ཚོད་12བར།

        དྲ་ཐོག་དངུལ་སྤྲོད་པའི་དུས་ཚོད་ནི་2017ལོའི་སྤྱི་ཟླ6པའི་ཚེས26ཉིན་གྱི་ཆུ་ཚོད་9ནས་སྤྱི་ཟླ7པའི་ཚེས2ཉིན་གྱི་ཆུ་ཚོད24བར་ཡིན་པས་ཞིབ་དུ་རྒྱུན་ལོན་བྱེད་འདོད་ནwww.qhpta.comདྲ་བར་གཟིགས་རོགས།

        དྲུག་པ། ཡིག་རྒྱུསས་ལེན་པའི་དུས་ཚོད།

        1ཡིག་རྒྱུགས་ཀྱི་སྐར་གྲངས་ཀྱིས་སྤྱིའི་སྐར་གྲངས་ཀྱི་བརྒྱ་ཆའི་60ཟིན་པ་དང་།ཡིག་རྒྱུགས་ཀྱི་སྐར་གྲངས་ཀྱིས་སྤྱིའི་སྐར་གྲངས་ཀྱི་བརྒྱ་ཆའི་40ཟིན་པ་རེད།

        2ཡིག་རྒྱུགས་ལེན་པའི་དུས་ཚོད་ནི་2017ལོའི་སྤྱི་ཟླ7པའི་ཚེས22ཉིན་གཟའ་སྤེན་པ་ཡིན་ལ།བྱེ་བྲག་གི་ས་གནས་ནི་རྒྱུགས་སྤྲོད་འཛིན་བྱང་སྟེང་གསལ།

        3ཡིག་རྒྱུགས་ཀྱི་སྐར་གྲངས་གསལ་བསྒྲགས་བྱས་པའི་རྗེས་སུ།ཁ་རྒྱུགས་ལ་ཞུགས་པའི་སློབ་མ་དག་གིས་མི་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་དང་ཁྱིམ་ཐོ།རྒྱུགས་སྤྲོད་འཛིན་བྱང་།ལས་གནས་ཀྱི་ཆ་རྐྱེན་དང་མཐུན་པའི་མཐར་ཕྱིན་འཛིན་ཡིག་དང་འབྲེལ་ཡོད་ཀྱི་ཐོབ་ཐང་འཛིན་ཡིག་གཞན་དག་བཅས་ཀྱི་མ་ཡིག་དང་དཔར་ཡིག་མཁོ་འདོན་བྱེད་དགོས་པ་རེད།

        4ལུས་པོར་བརྟག་དཔྱད་བྱེད་པ།

        5སྤྱི་བསྒྲགས་བྱེད་པ།

        བདུན་པ།སྐར་མ་སྣོན་པའི་སྲིད་ཇུས།

        1སྐར་མ་སྣོན་པའི་ཆ་རྐྱེན་དང་མཐུན་པའི་སློབ་མ་དག་གིས་དྲ་ཐོག་ནས་ཐོབ་ཐང་ཞིབ་བཤེར་བྱས་ཏེ་དངུལ་སྤྲད་པའི་རྗེས་སུ་སྐར་མ་བསྣོན་པའི་ཆ་རྐྱེན་དང་མཐུན་པའི་འབྲེལ་ཡོད་ཀྱི་དཔང་ཡིག་དག་ཁྱེར་ནས་2017ལོའི་སྤྱི་ཟླ7པའི་ཚེས10ཉིན་ནས་སྤྱི་ཟླ7པའི་ཚེས11ཉིན་བར་ཡུལ་ཤུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་རུ་སོང་ནས་ཡུལ་དངོས་སུ་སྐར་མ་བསྣན་ཆོག་པ་རེད།

        2སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ལས་གནས་སུ་མིང་ཐོ་འགོད་མཁན་ཚོར་ངེས་པར་དུ་དགེ་རྒན་གྱི་དཔང་ཡིག་ཡོད་དགོས་པ་པ་དང་ཞིབ་དུ་རྒྱུས་ལོན་བྱེད་འདོད་ནwww.qhpta.comདྲ་བར་གཟིགས་རོགས།

        བརྒྱད། འབྲེལ་གཏུག་ཁ་པར་ཨང་གྲངས།

        ཡུལ་ཤུལ་ཁུལ་མི་ཤུགས་ཐོན་ཁུངས་ཅུའུ་དོན་ལས་དོ་དམ་ཚན་ཁག 0976-8826922

        ཡུལ་ཤུལ་ཁུལ་མི་དོན་རྒྱུགས་ལེན་ལྟེ་གནས། 0976-7800695

        ཡུལ་ཤུལ་ཁུལ་སློབ་གསོ་ཅུའུ།0976-8826865

        ཡུལ་ཤུལ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུའུ།0976-8831641

        ཁྲི་འདུ་རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུའུ། 0976-8861711

        ནང་ཆེན་རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུའུ།0976-8872922

        རྫ་སྟོད་རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུའུ། 0976-8882922

        འབྲི་སྟོད་རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུའུ།0976-8891061

        ཆུ་དམར་ལེབ་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུའུ།0976-8851234

        ལོ་ཙཱ་བ། ཤ་མོ་འཚོ།