ཡུལ་ཤུལ་གྲོང་ཁྱེར་གྱིས་དབང་བོ་སྐྱོན་ཅན་ལ་གནད་འཁེལ་དབུལ་ཐར་བྱས་པ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-07-31 14:41:20      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

        མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གནད་འཁེལ་དབུལ་སྐྱོར་ལས་དོན་སྤེལ་བ་ནས་བཟུང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཀྱིས་དབང་བོ་སྐྱོན་ཅན་གྱི་དབུལ་ཕོངས་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ཀུན་ཕན་དང་དམིགས་བསལ་གཟིགས་སྐྱོང་ལམ་ལུགས་དམ་འཛིན་སྒོས་སྲིད་གཞུང་རོགས་སྐྱོར་དང་སྤྱི་ཚོགས་རོགས་སྐྱོར་ལས་དོན། དབང་པོ་སྐྱོན་ཅན་དབུལ་སྒྲོལ་ཕྱུག་འགྱུར་ལ་རོགས་རམ་བཅས་བྱས་པ་རེད།

        ཡུལ་ཤུལ་ཁུལ་ལ་མིག་སྔར་དབང་བོ་སྐྱོན་ཅན་ཁྲི1.6ཡོད་པ་དང་། ཁུལ་ཡོངས་ཀྱི་མི་གྲངས་ལས3.9%ཟིན་འདུག རབས་གཉིས་པའི་དབང་བོ་སྐྱོན་ཅན་མི་ཁྲི1.4ལ་དབང་བོ་སྐྱོན་ཅན་གྱི་འཛིན་ཡིག་སྒྲུབ་ནས་ལེགས་འགྲུབ་བྱུང་ཡོད་པ་རེད། དབང་བོ་སྐྱོན་ཅན་དབུལ་ཐར་འགག་སྒྲོལ་བྱ་ཆེད། རིན་མེད་སྒོས་ལིང་ཏོག་ཅན་གྱི་ནད་པ2308བཤགས་བཅོས་བྱས་པ་དང་།རུས་ནད་ཅན་ལ་མ་དངུལ་སྒོར་ཁྲི178བཏང་། རྐང་ལག་སྐྱོན་ཅན་གྱི་མི64ལ་ཐེངས་གཉིས་པར་གཤགས་བཅོས་དང་། གནད་འཁེལ་དབུལ་སྐྱོར་ཁྱབ་ཁོངས་ཀྱི་དབང་བོ་སྐྱོན་ཅན་ལ་རོགས་འདེགས་འཕྲུལ་ཆས7932གནང་བ་མ་ཟད། ཁུལ་ཡོངས་སུ་ཞིབ་བཤེར་བྱས་པའི་སྒལ་གཞུང་གཞོགས་འཁྱོག་ནད་པ89ལ་སྨན་ཡོན་དང་ནད་གཡོག་བྱས་པའི་འགྲོ་སོང་སོགས་སྒོར་ཁྲི148བཏང་། གནད་འཁེལ་སྨན་བཅོས་རོགས་སྐྱོབ་བྱེད་པའི་བརྒྱུད་རིམ་ཁྲོད། འབྲི་སྟོད་རྫོང་དང་། ཆུ་དམར་ལེབ་རྫོང་། ནང་ཆེན་རྫོང་བཅས་ལ་ཁྱོན་བསྡོམ་སྒོར་ཁྲི2300ཡིས་རྒུད་སྐྱོབ་རོགས་དངུལ་གནང་བ་རེད། མི562ལ་རྒུད་སྐྱོབ་རོགས་སྐྱོར་ལག་བསྟར་བྱས་པ་རེད། ཁུལ་དབང་པོ་སྐྱོན་ཅན་གྱི་ཕྱོགས་བསྡུས་ལུས་གསོའི་སྨན་ཁང་རྒྱ་ཁྱོན་གྲུ་བཞི་མ1300ཡི་ཁང་པ་དོན་འཁྱོལ་དང་། འཕར་སྣོན་གཏན་འཇགས་རྒྱུ་ནོར་གྱི་ལ་སྒོར་ཁྲི720ཡི་རྨང་གཞིའི་སྒྲིག་བཀོད་འཕར་སྣོན་བྱས་སོགས་བྱས་ཏེ། དབང་པོ་སྐྱོན་ཅན་ལ་རིགས་འདྲ་མིན་གྱི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱས།

        དུས་མཚུངས་སུ། སློབ་གསོའི་རོགས་སྐྱོབ་དབུལ་སྐྱོར་ལག་བསྟར་བྱས་ཏེ། སྔ་རྗེས་སུ་མ་དངུལ་སྒོར་ཁྲི50 ལྷག་བཏང་ནས། ཞིང་ཆེན་ཕྱི་ནང་ལ་རྒྱུགས་འཕྲོད་ནས་སློབ་བསྡུ་བྱས་པའི་དབང་བོ་སྐྱོན་ཅན་སློབ་མ95སློབ་ཞུགས་བྱེད་དུ་བཞག དབང་པོ་སྐྱོན་ཅན་གྱི་རྩལ་ནུས་སྦྱོང་བརྡར་འཛིན་གྲྭ་ཐེངས8 ལ་གཉེར་ནས་དབང་པོ་སྐྱོན་ཅན་གྱི་མི254 རྩལ་ནུས་སྦྱོང་བརྡར་ལ་ཞུགས་ཏེ།མི91ལས་ཞུགས་མངོན་འགྱུར་བྱས། དབང་པོ་སྐྱོན་ཅན་མི12ལ་ལས་རིགས་ལས་གཏོད་ཀྱི་རོགས་འདེགས་བྱས།དབང་བོ་སྐྱོན་ཅན་གྱི་མི2112གནད་འཁེལ་དབུལ་སྐྱོར་དང་ཟུང་དུ་སྦྲེལ་ཏེ་ཆེས་དམའ་བའི་འགན་སྲུང་ཁྱབ་ཁོངས་སུ་བཞག རོང་འབྲོག་ས་ཁུལ་གྱི་དབང་བོ་སྐྱོན་ཅན་དམིགས་བསལ་དཀའ་ངལ་ཡོད་པའི་རྒུད་སྐྱོབ་ཁྱབ་ཁོངས་སུ་བཞག ཉི་འོད་ཁྱིམ་གཞིས་འཆར་གཞི་ཡིས་དབང་བོ་སྐྱོན་ཅན་ལྕི་མོ་ཅན་ལ་རོགས་དངུལ་སྒོར་ཁྲི793.54དང་། རྐུབ་སྟེགས་འཁོར་ལོ་དང་སྣུམ་གྱི་ཁ་གསབ་སྒོར་ཁྲི117.2བཅས་གནང་བ་རེད།

        ལོ་ཙཱ་བ།རྟ་མགྲིན་དཔལ།