པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་དང་མཐའ་འཁོར་ས་ཁུལ་གྱི་མཁའ་དབུགས་བཙོག་བཟོ་འགོག་བཅོས་མཉམ་ལས་ལས་ཁུངས་ཀྱི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-08-01 11:13:34      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

        ཟླ་བདུན་པའི་ཚེས་སོ་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་པེ་ཅིན་ནས་བསྡུས་པའི་པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་དང་མཐའ་འཁོར་ས་ཁུལ་གྱི་མཁའ་དབུགས་བཙོག་བཟོ་འགོག་བཅོས་མཉམ་ལས་ལས་ཁུངས་ཀྱི་གྲོས་ཚོགས་ཐེངས་བཅུ་བར་ཞུགས་པར་མ་ཟད་གཏམ་བཤད།

        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་པེ་ཅིན་ནས་བསྡུས་པའི་པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་དང་མཐའ་འཁོར་ས་ཁུལ་གྱི་མཁའ་དབུགས་བཙོག་བཟོ་འགོག་བཅོས་མཉམ་ལས་ལས་ཁུངས་ཀྱི་གྲོས་ཚོགས་ཐེངས་བཅུ་བར་ཞུགས་པར་མ་ཟད་གཏམ་བཤད།

        ཀྲང་ཀའོ་ལིས་ཀྱིས་བཤད་རྒྱུར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཁའ་དབུགས་བཙོག་བཟོ་འགོག་བཅོས་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཁའ་དབུགས་ཁོར་ཡུག་གི་སྤུས་ཚད་ལེགས་བཅོས་བྱེད་པར་དམིགས་ནས། མཁའ་དབུགས་ཁོར་ཡུག་གནད་དོན་གཙོ་བོ་ཐག་གཅོད་བྱེད་པ་དང་། མཁའ་དབུགས་ཁོར་ཡུག་དོ་དམ་བྱ་བའི་འགན་འཁྲི་ལེགས་སྒྲིག་བྱེད་པ། ས་ཁུལ་ལས་བརྒལ་བའི་ཁོར་ཡུག་སྲུང་སྐྱོབ་ལས་ཁུངས་འཛུགས་པར་འཚོལ་ཞིབ་བྱས་ནས། པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་དང་མཐའ་འཁོར་ས་ཁུལ་གྱི་མཁའ་དབུགས་བཙོག་བཟོ་མཉམ་འབྲེལ་སྒོས་འགོག་བཅོས་ཚོད་འཛིན་མཉམ་ལས་བྱ་བའི་ལམ་ལུགས་བཟང་བོར་འཛུགས་དགོས་ཞེས་བཤད། ཙུང་ལི་ལིས་ཁི་ཆང་གིས་ཀྱང་རེ་བ་གསལ་བོ་བཏོན་པས། ང་ཚོས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་སྟེང་སྔར་ལས་གཅིག་གྱུར་བྱས་ནས། བརྟན་འཇུགས་ཁྲོད་དུ་འཕེལ་རྒྱས་བརྩོན་ལེན་བྱེད་པའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། སྔར་ལས་དམིགས་སའི་རང་བཞིན་ལྡན་པའི་བྱེད་ཐབས་སྤྱད་དེ། སྟོན་དགུན་དུས་ཀྱིས་མཁའ་དབུགས་བཙོག་བཟོ་འགོག་བཅོས་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།

        ཀྲང་ཀའོ་ལིས་ཀྱིས་བཤད་རྒྱུར། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ནན་གསུམ་རྣལ་གསུམ་གྱི་རེ་བ་ལྟར། རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། ས་གནས་ཀྱི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བར་བྱེད་པ། ལྟ་སྐུལ་ཞིབ་བཤེར་ཁྲིམས་འཛིན་བྱ་བར་གཙིགས་འཛིན་བྱེད་དགོས་ལ། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱ་བ་སྒྲུབ་པ་དང་། དྲིལ་སྒྲོག་དང་ཁྲིད་སྟོན་བྱེད་པར་མཐོང་ཆེན་བྱས་ནས། ས་ཁོངས་ཀྱི་མཁའ་དབུགས་ཁོར་ཡུག་གི་སྤུས་ཚད་དངོས་སུ་ལེགས་བཅོས་བྱེད་དགོས་ཟེར།

        ཀྲང་ཀའོ་ལིས་ཀྱིས་ནན་གྱིས་བཤད་རྒྱུར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་པོ་བྱས་ནས། འདུ་ཤེས་བཞི་དམ་པོར་བཅངས་པ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། དཀའ་ཁག་ཁྱད་དུ་སེལ་བ་བཅས་བྱས་ཏེ། ས་ཁོངས་ཀྱི་མཁའ་དབུགས་ཁོར་ཡུག་དང་སྤུས་ཚད་དངོས་སུ་ལེགས་བཅོས་བྱེད་པ་དང་། བྱས་རྗེས་ཁྱད་དུ་འཕགས་པས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཟེར།

        པེ་ཅིན་དང་ཐེན་ཅིན། ཧི་པེ། ཧྲན་ཞི། ནང་སོག ཧྲན་ཏུང་། ཧི་ནན་བཅས་ཞིང་ལྗོངས་དང་གྲོང་ཁྱེར་བདུན་དང་། གྲོང་ཁྱེར་དང་ས་ཁུལ། རྫོང་བཅས་ང་དྲུག་དང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་སུ་ཞུགས།

      ལོ་ཙཱ་བ། ལྷ་ཆེན་རྒྱལ།