ཀླུ་ཆུའི་སྐོར་བྲོ་འགྲན་བསྡུར་གྱི་ཨང་དང་པོར་མ་དངུལ་སྒོར་ཁྲི20བྱ་དགའ་ཐོབ་པ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-08-08 17:14:26      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

       

       

        མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་སྔོན། ཀྲུང་གོ་ཀླུ་ཆུའི་སྐོར་བྲོ་འགྲན་ཚོགས་སྐབས་དྲུག་པ་དེ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་ནས་སྤེལ་མགོ་བརྩམས་ཤིང་། ཀན་སུའུ་དང་། མཚོ་སྔོན། བོད་ལྗོངས། སི་ཁྲོན་དང་ཡུན་ནན་བཅས་ཀྱི་བོད་ཁུལ་ནས་ཡོང་བའི་རུ་ཁག27གི་ཞབས་བྲོ་བ1600ལྷག་དང་ས་གནས་དེ་གའི་མང་ཚོགས། དེ་མིན་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་བཅས་ཀྱིས་མཉམ་དུ་གླུ་གར་ལ་རོལ་བཞིན་སང་ལོ་ཆར་ཆུ་དུས་སུ་འབབ་པའི་སྨོན་ལམ་བཏབ་ནས། བོད་མི་རིགས་ཀྱི་སྲོལ་རྒྱུན་དམངས་སྲོལ་རིག་གནས་འགྲེན་སྟོན་དང་དར་སྤེལ་བྱས།

        རྒྱུས་ལོན་པ་ལྟར་ན། ཉིན་གསུམ་རིང་གི་སྐོར་བྲོ་འགྲན་བསྡུར་བྱས་པ་བརྒྱུད་ཀླུ་ཆུ་རྫོང་ཤིས་ཚང་གྲོང་རྡལ་འཐུས་ཚབ་རུ་ཁག་གིས་བྱ་དགའ་ཨང་དང་པོ་བླངས་ཏེ་བྱ་དགའི་དངུལ་སྒོར་ཁྲི20ཐོབ། ཀླུ་ཆུ་རྫོང་ཐད་གཏོགས་ལས་ཁུངས་དང་ཟི་ཁྲོན་ཞིང་ཆེན་མིས་ཡ་ལའོ་རུ་ཁག་གཉིས་ཀྱིས་ཨང་གཉིས་པའི་བྱ་དགའ་བླངས་ཏེ་བྱ་དགའི་དངུལ་སྒོར་ཁྲི10རེ་ཐོབ། གཞན་ཨང་གསུམ་པ་ཅན་གསུམ་དང་ཕུལ་བྱུང་རྩ་འཛུགས་བྱ་དགའ་ཅན་གསུམ། བསམ་པའི་དཔལ་ཡོན་ཅན་བྱ་དགའ་གཅིག་བཅས་སོ་སོར་སྒོར་ཁྲི5དང་ཁྲི1རེ་ཡི་བྱ་དགའི་མ་དངུལ་ཐོབ་པ་རེད། ཐེངས་འདིའི་སྐོར་བྲོ་འགྲན་ཚོགས་ཟླ8པའི་ཚེས10ཉིན་བར་དུ་རྒྱུན་སྐྱོང་རྒྱུ་ཡིན་ཞིང་། སྐབས་དེར་རླངས་འཁོར་བསྐོར་བསྐྱོད་དང་མེ་ཕུང་དགོང་ཚོགས། རྩྭ་ཐང་དུ་སྒར་ས་རྒྱག་པའི་བྱ་འགུལ་སོགས་སྤེལ་རྒྱུ་རེད།

       
       
       
      ལོ་ཙཱ་བ། ལྷ་ཆེན་རྒྱལ།