མ་ཡུམ་ཆུ་བོར་སྲུང་སྐྱོབ་བྱེད་པ་དེ་ང་ཚོས་ཕྲག་ཏུ་བབས་པའི་འགན་འཁྲི་ཞིག་ཡིན།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-08-10 10:53:02      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

        མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚོགས་པ་ཡོང་བ་དེ་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་སྐུལ་འདེད་བྱེད་པའི་གོ་སྐབས་གལ་ཆེན་ཞིག་ཡིན་པས། ང་ཚོས་ངེས་པར་ཏུ་དུས་ཚོད་དམ་འཛིན་གྱིས་ཉིན་རེ་ཡི་ལས་དོན་ལེགས་པོར་སྒྲུབ་དགོས། འཆར་གཞི་ཡོད་པའི་སྒོ་ནས་ཕྱུགས་རིགས་འཚོ་སའི་ས་ཁོངས་ཀྱི་རྩྭ་ས་དང་ཆུ་མགོར་སྲུང་སྐྱོབ་བྱེད་དགོས། ཟླ8པའི་ཚེས9ཉིན། གསར་འགོད་པ་དང་བཀྲ་ཤིས་གཉིས་སྲང་ལམ་གཞུང་སྒྲུབ་ཁྲུའུ་ཡི་ཀྲུའུ་རིན་སངས་ལྡན་ལྷུན་འགྲུབ་དང་མཉམ་དུ་རྫ་ཆུའི་མགོ་ཁུངས་ན་ཡོད་པའི་དཀར་མདའ་སྡེ་བར་སོང་། ཁོས་གསར་འགོད་པར་དགའ་སྤྲོའི་ངང་ནས་ཀྲུང་དབྱང་ཁོར་སྲུང་ལྟ་ཞིབ་སྡེ་ཁག་བདུན་ཐེངས་འདིར་མཚོ་སྔོན་གྱི་བྱ་བར་ལྟ་ཞིབ་ཏུ་ཡོང་བའི་བསམ་ཚུལ་དང་སེམས་ཚོར་བཤད། ཁོས་བཤད་པའི“ང་ཚོའི་ཆུ་བོའི་མགོ་ཁུངས”ཞེས་པ་དེ “ཡུལ་ཤུལ་གྱི་མ་ཡུམ་ཆུ་བོ”སྟེ་རྫ་ཆུ་དང་ཡང་ན་རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་ཡོངས་ཟེར་བ་རེད། གང་ལྟར་ཁོས་བཤད་པ་གང་ཡིན་ཡང་ཁོས“ཚེ་སྲོག་གི་མགོ་ཁུངས“སྲུང་སྐྱོབ་བྱེད་པའི་བརྩེ་བ་དེ་ངོ་མ་རེད།

        ཆུ་བོའི་མགོ་ཁུངས་ལ་སྲུང་སྐྱོབ་བྱེད་པ་ནི་དཀར་མདའ་སྡེ་བའི་འབྲོག་དམངས་ཀྱི་འགན་འཁྲི་ཡིན་ལ་ཡུལ་ཤུལ་གྱི་མ་ཡུམ་ཆུ་བོར་སྲུང་སྐྱོབ་དང་འབྲོག་དམངས་མང་ཚོགས་རང་ཉིད་ཀྱི་འཚོ་བརྟེན་བྱེད་ཡུལ་སྲུང་སྐྱོབ་བྱེད་པའི་འཕེལ་རྒྱས་ཀྱི་རྨང་གཞི་ཡང་ཡིན། སངས་ལྡན་དོན་འགྲུབ་ཀྱིས་བཤད་རྒྱུར“ད་ལྟ་ལམ་འགྲམ་ན་ཡང་གད་སྙིགས་གཅིག་ཀྱང་མཐོང་རྒྱུ་མི་འདུག་པས་ཆུ་བོའི་མགོ་ཁུངས་བཤད་མ་དགོས་པ་རེད། ངོ་མ་བཤད་ནས་ང་དེང་ཐོག་ཡོང་དུས་ལམ་འགྲམ་ན་གད་སྙིགས་མང་པོ་འདུག་ཟེར། “ བསྡོམས་རྩིས་བྱས་པ་ལྟར་ན་རྫ་ཆུར་བསྡོམས་པས་ཆུ་མགོ180ཡོད་ལ་བཞུར་རྒྱུན་ཆེ་བའི་ཆུ་མགོ35ཡོད་པ་རེད། དཀར་མདའ་སྡེ་བའི་རྫ་ཆུར་སྲུང་སྐྱོབ་བྱེད་པ་འདི་ལྟ་བའི་གནོན་ཤུགས་སམ་ཡང་ན་འགན་འཁྲི་ཆེན་པོ་ཞིག་ཕྲག་ཏུ་བླངས་ཡོད། ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ་འབྲོག་པ་རྣམས་ཀྱིས་རྩ་ཆུ་ལ་བརྟེན་ནས་འཚོ་བ་རོལ་བ་ཡིན་ལ། གང་ན་ཆུ་ཁུངས་ཡོད་ན་དེ་རུ་འབྲོག་པའི་ནོར་ལུག་ཡོད། ཡིན་ནའང་ཕུན་སུམ་ཚོགས་པའི་འཚོ་བའི་སྙན་ངག་གི་སྣང་བརྙན་འདིའི་རྒྱབ་ལོག་ན་ཆུ་བོའི་མགོ་ཁུངས་ལ་སྦག་བཙོག་བཟོ་བའི་འགལ་རྐྱེན་ཡང་དུ་མ་ཞིག་འདུག

        2009ལོར་དཀར་མདའ་སྡེ་བ་དང་གཙང་གསུམ་འབྱུང་ཡུལ་མཐུན་ཚོགས་གཉིས་ཀྱིས་ཐོག་དང་པོར་མཉམ་འབྲེལ་བྱས་པ་ཡིན་ལ་སྡེ་བ་ཡོངས་ཀྱི་གོང་འོག་བར་གསུམ་ནས་ཧུར་བརྩོན་བྱས་པ་བརྒྱུད། 2011མང་ཚོགས་རང་ཉིད་ཀྱི་ཁོར་སྲུང་ཚོགས་པ——དཀར་མདའ་སྡེ་བའི་སྡོད་ཁུལ་རང་བྱུང་ཐོན་ཁུངས་ཐུན་མོང་དོ་དམ་ཨུ་ཡོན་ལྷན་ཁང་འཛུགས་ཐུབ་པ་བྱུང་། དོ་དམ་ཨུ་ཡོན་ལྷན་ཁང་བཙུགས་རྗེས་ཚན་གཙོ་རབ་བརྟན་གྱིས་རང་འགིལ་གྱིས་སྣེ་ཁྲིད་དེ་མང་ཚོགས་ཆུ་མགོ་ནས་གནས་སྤར་པ་རེད། 2013ལོར་ཆུ་མགོའི་སྲུང་སྐྱོབ་གྲུབ་འབྲས་སྔར་ལས་བསྲ་བརྟན་དུ་གཏོང་ཆེད་དཀར་མདའ་སྡེ་བས་ཁོར་སྲུང་ཚན་ཆུང23དུ་བགོས་ནས་སྡེ་བ་ཡོངས་ཀྱིས་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཆུ་མགོར་དར་ཚོན་སྣ་ལྔའི་དར་ལྕོག་འཛུགས་པ་དང་སྲུང་སྐྱོབ་རྡོ་རིང་འཛུགས་པ། GPSབེད་སྤྱོད་བྱས་ནས་ཆུ་མགོའི་འཕྲེད་ཐིག་དང་མཚོ་ངོས་ཀྱི་མཐོ་ཚད། ཆུ་མགོ་བྱུང་སའི་ས་མིང་སོགས་ཀྱི་ཆ་འཕྲིན་ཡིག་ཚགས་ནང་དུ་ཞིབ་ཕྲའི་སྒོ་ནས་ཉར་ཚགས་བྱས་ཡོད་ལ་ཡིག་ཚགས་དེ་ཆུ་མགོ་རེ་རེར་ཡོད་པ་རེད།

        ཁོས་བཤད་རྒྱུར“ང་ཚོས་ངེས་པར་ཏུ་བསམ་བློ་དང་ཆབ་སྲིད་ལས་འགུལ་སྟེང་ནས་ཚད་མཐོའི་རང་རྟོགས་དགོས་རང་རྟོགས་ཀྱིས་ལྟ་ཞིབ་དང་ལེན་བྱེད་པ་དང་གཞོགས་འདེགས་བྱེད་པ། ཁྱོན་ཡོངས་ནས་ལྟ་ཞིབ་ལ་རྒྱབ་སྐྱོར་བྱེད་ངེས། མ་འོངས་པའི་ལས་དོན་ཁྲོད་དོན་དངོས་བྱེད་ཐབས་དང་སྲིད་ཇུས་ལེགས་པོ་ལག་བསྟར་བྱས་ནས་མཉམ་ཏུ་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱས་ཏེ། མཛེས་པའི་འབྲོག་སྡེ་འདིར་སྐྱེས་ལྡན་གསར་བ་དང་སྣང་བརྙན་གསར་བ་ཞིག་སྐྲུན་ངེས་ཡིན་ཟེར། “

      ལོ་ཙཱ་བ།ལྷ་ཆེན་རྒྱལ།