ཞིང་ཆེན་ཡོངས་ཀྱི་སྒྲོག་བཤད་བྱ་བའི་ཡར་སྐུལ་གྲོས་ཚོགས་ཟི་ལིང་ནས་བསྡུས་པ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-08-11 10:55:30      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

        མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་སྔོན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝང་ཅན་ཅོན་གཉིས་ཀྱིས་སྒྲོག་བཤད་བྱ་བའི་བླང་བྱ་བཏོན། ཝང་གོ་ཧྲིན་གྱིས་བསྟན་དོན། ཞིང་ཆེན་ཏང་འཐུས་ཚོགས་ཐེངས་བཅུ་གསུམ་པའི་དགོངས་དོན་སྒྲོག་བཤད་བྱེད་རྒྱུ་ནི་ལས་འགུལ་ཆེན་པོ་ཞིག་ཡིན། ལྷག་པར་ཏུ་གཞི་རིམ་དང་མང་ཚོགས་ལ་ཁ་ཕྱོགས་ཏེ་ཉམས་མྱོང་མང་པོ་ཞིག་གཅིག་བསྡུད་བྱེད་པ། ཉམས་མྱོང་གསར་བ་ནན་ཏན་གྱིས་ཕྱོགས་བསྡོམས་དང་སྒྲོག་བཤད་ཀྱི་བྱེད་ཐབས་མུ་མཐུད་དུ་གསར་སྐྲུན་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབས་དང་རིམ་པ་དང་ལྷག་པར་ཏུ་“7·26”གསུང་བཤད་གལ་ཆེའི་དགོངས་དོན་གྱི་སྒྲོག་བཤད་བྱ་བར་སྐུལ་འདེད་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་འཚོག་ལ་ཉེ་བའི་ཚོགས་ཆེན་གྱི་དགོངས་དོན་སྒྲོག་བཤད་བྱ་བ་གཅིག་གྱུར་གྱིས་འཆར་འགོད་བྱེད་དགོས།

        ཝང་ཅན་ཅོན་གྱིས་བསྟན་དོན། ཁ་ཉིན་སྒྲོག་བཤད་རྩ་འཛུགས་བྱས་པ་བཟང་ལ་སྒྲོག་བཤད་བྱས་པ་ཡང་ལེགས་པས་གྲུབ་འབྲས་ཀྱང་བཟང་བོ་ལོན་ཡོད། བེད་སྤྱོད་རྒྱ་བསྐྱེད་ཀྱིས་གསོག་འཇོག་བྱས་པའི་གྲུབ་འབྲས་གསར་བ་དང་ཉམས་མྱོང་གསར་བ་ཕྱོགས་བསྡོམས་བྱས་ཏེ་སྒྲོག་བཤད་བྱ་བ་གཏིང་ཟབ་ཀྱིས་སྤེལ་ནས། ཧུར་བརྩོན་གྱིས་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་བསམ་བློའི་ལས་འགུལ་དེ་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བླང་བྱའི་སྟེང་གཅིག་མཐུན་ཡོང་བར་བྱེད་དགོས།

        ཟླ8པའི་ཚེས10ཉིན། ཞིང་ཆེན་ཡོངས་ཀྱི་སྒྲོག་བཤད་བྱ་བའི་ཡར་སྐུལ་གྲོས་ཚོགས་ཟི་ལིང་ནས་བསྡུས་ཏེ། གྲོས་ཚོགས་སྟེང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་དང་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝང་ཅན་ཅོན་གཉིས་ཀྱིས་བཏོན་པའི་བླང་བྱ་དང་ཆོག་མཆན་དགོངས་དོན་ལ་བརྒྱུད་སྒྲོག་སློབ་སྦྱོང་བྱས་ལ། ཞིང་ཆེན་ཏང་འཐུས་ཚོགས་ཐེངས་བཅུ་གསུམ་པའི་དགོངས་དོན་སྒྲོག་བཤད་བྱ་བ་སྤྱི་བསྡོམས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབས་དང་རིམ་པ་དང་ལྷག་པར་ཏུ་“7·26”གསུང་བཤད་གལ་ཆེའི་དགོངས་དོན་གྱི་སྒྲོག་བཤད་བྱ་བ་ལེགས་པོར་བསྒྲུབས་ནས། ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་དང་སྒྲོག་བཤད་ལག་ལེན་བྱ་བའི་བཀོད་སྒྲིག་འཆར་འགོད་གྲ་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་ཉིན་གྲོས་ཚོགས་ལ་ཞུགས་པ་མ་ཟད་གཏམ་བཤད་གནང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞིས་མེན་གྱིས་གྲོས་ཚོགས་མགོ་འཛིན་མཛད།

        ལིག་ཉིན་གྱིས་བསྟན་དོན། སྒྲོག་བཤད་བྱ་བ་གཙོར་བཟུང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབས་དང་རིམ་པ་དང་ལྷག་པར་ཏུ་“7·26”གསུང་བཤད་གལ་ཆེའི་དགོངས་དོན་གྱི་སྒྲོག་བཤད་བྱ་བ་མུ་མཐུད་དུ་གཏིང་ཟབ་ཀྱིས་རྒྱ་བསྐྱེད་དེ། ཆབ་སྲིད་ཀྱི་ཁས་ལེན་དང་གཞུང་ལུགས་ཀྱི་ཁས་ལེན། བརྩེ་བའི་ཁས་ལེན་ཐོབ་པ་སྔར་ལས་འཕེལ་རྒྱས་སུ་བཏང་སྟེ་སྲུང་སྐྱོབ་བྱེད་པ་སྲོག་ཤིང་ཡིན་པའི་བསམ་པའི་རང་རྟོགས་དང་ལག་ལེན་རང་རྟོགས་ཇེ་དྲག་ཏུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེའི་དགོངས་དོན་གྱི་སྒྲོག་བཤད་དང་ཏང་འཐུས་ཚོགས་ཆེན་གྱི་དགོངས་དོན་སྒྲོག་བཤད་བྱ་བ་ཟུང་འབྲེལ་བྱེད་པ།“སློབ་གཉིས་གཅིག་སྒྲུབ”ཀྱི་སློབ་སྦྱོང་སློབ་གསོའི་བྱ་བ་ཟུང་འབྲེལ་དང་བཅོས་བསྒྱུར་འཕེལ་རྒྱས་བརྟན་བརླིང་གི་ལག་ལེན་བྱ་བ་ཟུང་འབྲེལ་གྱིས་“གནད་ལ་འཁེལ་བ།གསར་བ་ཡིན་པ། དོན་དངོས་དང་མཐུན་པའི”བྱ་བ་བཟང་པོ་བསྒྲུབ་དགོས་ཟེར།

      ལོ་ཙཱ་བ། ལྷ་ཆེན་རྒྱལ།