ཀྲིག་ཅང་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པས་མཚོ་སྔོན་དུ་རྟོག་ཞིབ་བྱས།

        ཟླ་བརྒྱད་པའི་ཚེས་དགུ་ཉིན་ནས་ཚེས་བཅུ་ཉིན་བར། ཀྲིག་ཅང་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པས་མཚོ་སྔོན་དུ་རྟོག་ཞིབ་བྱས། རྟོག་ཞིབ་སྐབས་སུ། ཟི་ལིང་ནས་ཀྲིག་ཅང་ཞིང་ཆེན་དང་མཚོ་སྔོན་ཞིང་ཆེན་བར་གྱི་ཁ་གཏད་རོགས་སྐྱོར་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

        ཀྲིག་ཅང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཁྲིག་ཅུན་དང་མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གཉིས་ཀྱིས་སོ་སོར་གཏམ་བཤད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅུན་དང་། ཀྲིག་ཅང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཧྥིན་ཧྥའེ་གཉིས་ཀྱིས་སོ་སོར་ཞིང་ཆེན་གཉིས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཁ་གཏད་རོགས་སྐྱོར་བྱ་བའི་གནས་ཚུལ་ཐད་ནས་ངོ་སྤྲོད་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་ཉིན་ཚོགས་འདུར་ཞུགས།ཁྲིག་ཅུན་གྱིས་བསྟན་དོན། མིག་སྔར། ཀྲིག་ཅང་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་པའི་ཚེས་ཉེར་དྲུག་ཉིན་གྱི་གཏམ་བཤད་དགོངས་དོན་ལ་སློབ་སྦྱོང་བྱེད་བཞིན་པའི་སྒང་ཡིན་པས། ཀྲིག་ཅང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཧུར་ཐག་གིས་ཆུ་ཚད་མཐོ་བའི་འཛུགས་སྐྲུན་གཉིས་སྤེལ་ན། མཚོ་སྔོན་ནང་དུ་འདུ་བའི་སྤུན་ཟླ་ཞིང་ཆེན་ལ་སློབ་སྦྱོང་བྱེད་དགོས། ང་ཚོས་མཚོ་སྔོན་གྱི་དཀའ་སྤྱད་འབད་འཐབ་བྱེད་པའི་སྙིང་སྟོབས་དང་། མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་གཙོར་འཛིན་པ་རྒྱུན་འཁོངས་བྱེད་པ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལྕགས་རི་སྲ་བརྟན་དུ་གཏོང་བའི་ཐད་ཀྱི་སྙིང་སྟོབས། མཚོ་སྔོན་གྱིས་དམངས་ཚིས་ལེགས་བསྒྱུར་ལ་དོ་སྣང་བྱེད་པ་དང་། གཞི་རྩའི་སྤྱི་བའི་ཞབས་ཞུ་དོ་མཉམ་ཅན་དུ་བསྒྱུར་བའི་སེམས་པ། མཚོ་སྔོན་གྱིས་གཏན་འཇགས་སྲུང་སྐྱོབ་དང་མི་རིགས་ཆོས་ལུགས་འབྲེལ་བར་ཐག་གཅོད་ཡང་དག་བྱེད་པའི་ཕན་ཡོད་བྱེད་ཐབས་བཅས་ལ་སློབ་སྦྱོང་བྱེད་རྒྱུ་ཡིན། ཀྲིག་ཅང་གིས་མཚོ་སྔོན་དང་མཉམ་དུ། རྒྱུད་གཅིག་ལམ་གཅིག་གི་གྲོས་གཞིས་ཁྱེར་ཡོང་བའི་གོ་སྐབས་བཟང་བོ་དམ་འཛིན་བྱས་ནས། ཕྱོགས་གཉིས་ཀྱི་བརྗེ་རེས་མཉམ་ལས་ཀྱི་ཁྱབ་ཁོངས་དང་། རིམ་པ། ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་བྱེད་འདོད་ཡོད་ཟེར།

        ཝང་གོ་ཧྲིན་གྱིས་གཏམ་བཤད་སྐབས་ཀྲིག་ཅང་ཞིང་ཆེན་གྱིས་འཕེལ་རྒྱས་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་པར་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། ཀྲིག་ཅང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འཕེལ་རྒྱས་འདུ་ཤེས་གསར་བ་ལག་བསྟར་བྱས་པའི་གྲུབ་འབྲས་མངོན་གསལ་ཡིན་པ་དང་། བཅོས་བསྒྱུར་འཕེལ་རྒྱས་ཐད་ནས་གསོན་ཤུགས་ལྡན་ལ། ལས་དོན་སྣ་ཚོགས་ཡར་རྒྱས་གོང་འཕེལ་དུ་སོང་བ་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཐད་ནས་གྲུབ་འབྲས་བཟང་བོ་བླངས་ནས། ང་ཚོར་ཀྲིག་ཅང་གི་བརྟན་བརླིང་ཕན་མཐོའི་བྱ་བའི་སྤྱོད་ཚུལ་དང་། འདུ་ཤེས་བཞི་ལག་བསྟར་བྱེད་པའི་བསམ་བློ་གོ་རྟོགས་དང་འགུལ་སྐྱོད་རང་རྟོགས་མཐོང་དུ་བཅུག་པ་མ་ཟད། བསམ་ཕྱོགས་དང་བྱ་བའི་བྱེད་ཐབས་བཟང་བོ་ངོ་སྤྲོད་བྱས། ཀྲིག་ཅང་སོགས་སྤུན་ཟླ་ཞིང་ཆེན་གྱི་རོགས་སྐྱོར་ཡོད་པས། ང་ཚོའི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ་དང་། རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་། མིག་སྔར། ཞིང་ཆེན་གོང་འོག་ཡོངས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་རབ་དང་རིམ་པ་དང་ལྷག་པར་དུ་བདུན་པའི་ཚེས་ཉེར་དྲུག་ཉིན་གྱི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་པ་དང་། བསྒྱུར་བ་བཞི་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་ལག་བསྟར་བྱས་ནས། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་འབད་འཐབ་བྱེད་བཞིན་པའི་སྒང་ཡིན། མཚོ་སྔོན་གྱི་ས་རྒྱ་ཆེ་ཞིང་ཐོན་ཁུངས་ཕུན་སུམ་ཚོགས་ལ། ནུས་ཁུངས་གསར་བ་དང་རྒྱུ་ཆ་གསར་བ། ཐོན་ལས་གསར་བ་དར་རྒྱས་སུ་འགྲོ་བཞིན་སྒང་ཡིན་ལ། རིམ་བཞིན་ལྗང་མདོག་ཐན་ཉུང་དང་འཁོར་བསྐྱོད་ཀྱི་འཕེལ་རྒྱས་ལམ་བུ་རུ་བསྐྱོད་བཞིན་ཡོད་པས། ཀྲིག་ཅང་དང་མཚོ་སྔོན་ཞིང་ཆེན་གཉིས་བར་གྱི་མཉམ་ལས་སྦས་ཤུགས་ཧ་ཅང་ཆེ་ལ། མདུན་ལྗོངས་རྒྱ་ཆེན་པོ་ཡོད། ཀྲིག་ཅང་གིས་སྔར་བཞིན་དུ་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བར་རྒྱབ་སྐྱོར་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་དང་ཤེས་ལྡན་མི་སྣ་སྐྱེད་སྲིང་དང་བརྗེ་རེས། ཐོན་ལས་འཕེལ་རྒྱས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སོགས་ཐད་ཀྱི་རྒྱབ་སྐྱོར་དང་མཉམ་ལས་བྱེད་ཤུགས་ཇེ་ཆེར་བཏང་སྟེ།མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས་པ་དང་། ང་ཚོས་ཀྱང་ཀྲིག་ཅང་གི་ཚོང་བ་མཚོ་སྔོན་དུ་ཡོང་ནས་དངུལ་གཏོང་འཕེལ་རྒྱས་བྱེད་པ་དང་། མཉམ་དུ་མཚོ་སྔོན་འཛུགས་སྐྲུན་བྱེད་པ། མཉམ་དུ་འཕེལ་རྒྱས་སུ་གཏོང་བ་བཅས་བྱས་ནས། ཀྲིང་ཅང་དང་མཚོ་སྔོན་བར་གྱི་ཁ་གཏད་རོགས་སྐྱོར་མཉམ་ལས་ཐད་ཀྱི་གྲུབ་འབྲས་བཟང་བོས་ཏང་གི་ཚོགས་ཆེན་བཅུ་དགུ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་རྒྱུ་ཡིན་ཟེར།

        ཀྲིག་ཅང་ཞིང་ཆེན་གྱི་མགོ་ཁྲིད་རིན་ཀྲིན་ཧི་དང་ཁྲིན་ཅིན་པེའོ། མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་ཝང་ཡུས་པོ་དང་ཝང་ཡུས་ཡན་བཅས་བཞུགས་མོལ་་ཚོགས་འདུར་ཞུགས།མཚོ་སྔོན་དུ་རྟོག་ཞིབ་བྱེད་སྐབས། ཀྲིག་ཅང་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པས་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་ཝུའུ་ལན་རྫོང་གི་ཐོན་ལས་ཚུལ་བསྒྱུར་ཐད་ནས་རྟོག་ཞིབ་བྱས་པ་མ་ཟད། མཚོ་ནུབ་ཁུལ་མི་རིགས་རྟེན་མཛོད་གླིང་དང་མཚོ་ནུབ་ཁུལ་མཐོ་རིམ་སློབ་འབྲིང་སོགས་སུ་སོང་ནས་རྟོག་ཞིབ་བྱས།