མཚོ་སྔོན་པོའི་སྐྱེ་ཁམས་རྟེན་མཛོད་ཁང་གི་སྒོ་འབྱེད་མཛད་སྒོ་དེ་མཚོ་བྱང་ཁུལ་ནུབ་མཚོ་གྲོང་རྡལ་དུ་སྤེལ་བ།

           སྤྱི་ཟླ8པའི་ཚེས8ཉིན། མཚོ་སྔོན་པོའི་སྐྱེ་ཁམས་རྟེན་མཛོད་ཁང་སྒོ་འབྱེད་མཛད་སྒོ་དེ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ནུབ་མཚོ་གྲོང་རྡལ་དུ་སྤེལ། མཚོ་སྔོན་པོའི་རང་བྱུང་མཛེས་སྡུག་དང་། སྐྱེ་ཁམས་མཛེས་སྡུག མི་ཆོས་ཀྱི་མཛེས་པ་བཅས་ལ་གཏིང་ཟབ་རྒྱུས་ལོན་དང་། སྐྱེ་ཁམས་རིག་གནས་དར་སྤེལ་དང་སྐྱེ་ཁམས་དཔལ་ཡོན་སྐུལ་སྤེལ། མཛེས་སྡུག་མཚོ་བྱང་འཛུགས་སྐྲུན་བཅས་ཀྱི་ཆེད་དུ། མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས2013ལོར་མཚོ་སྔོན་པོའི་སྐྱེ་ཁམས་རྟེན་མཛོད་ཁང་འཛུགས་མགོ་བརྩམས་ཤིང་། ལས་གཞིའི་སྤྱིའི་མ་དངུལ་སྒོར་དུང་ཕྱུར1བཏང་ལ། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ12800ཡིན།