མཚོ་སྔོན་ཞིང་ཆེན་ཁོར་སྲུང་གནད་དོན་ལྟ་སྐུལ་དག་ཐེར་ཁག་བརྒྱད་པའི་གནས་ཚུལ་ཡོངས་བསྒྲགས།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-08-22 13:54:14      རྩོམ་སྒྲིག་པ། : ཁོན་ཐར་འཚོ།
        1. བདག་སྤྲོད་བྱས་པའི་ཨང་གྲངསA0810001པ།

         མང་ཚོགས་ཀྱིས་ཞུ་གཏུག་གནས་ཚུལ། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་གྱི་ནུབ་ཀྱི་སྲང་ལམ་ཆེ་མོ་ཨང་63པར་ཡོད་པའི་དེ་སྔའི་འགྱིག་ཤོག་བཟོ་གྲྭའི་སྡོད་ཁུལ་དུ་གད་སྙིགས་རི་བཞིན་སྤུངས་པ་དེ་ལ་ཉིན་༡༠ཙམ་རིང་དོ་དམ་བྱེད་མཁན་མི་འདུག །

         གནད་དོན་རྩད་ཞིབ། དེར་མཁར་ནུབ་ཁུལ་གྱིས་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་ཀྱིས་ཞུ་གཏུག་གནས་ཚུལ་ནང་བཞིན་ཡུལ་དངོས་སུ་རྟོག་ཞིབ་བྱེད་དུས་གནས་ཚུལ་ངོ་མ་རེད།

        ཐག་གཅོད་བྱས་ཚུལ། ཟླ༨པའི་ཚེས༡ཉིན་ལ་དེ་སྔའི་འགྱིག་ཤོག་བཟོ་གྲྭའི་སྡོད་ཁུལ་གྱི་འཚོ་བའི་གད་སྙིགས་དེ་གཙང་སེལ་ཡག་པོ་བྱས་པ་དང་། གསར་གཏོད་གཞིས་ལས་ལ་སྡོད་ཁུལ་དེའི་ཁོར་ཡུག་དག་གཙང་གི་འགན་སྤྲད་དེ་འཚོ་བའི་གད་སྙིགས་ཉིན་རེར་གཙང་སེལ་ཐུབ་པར་ཁག་ཐེག་བྱེད་དུ་བཅུག་ཡོད།

        2.བདག་སྤྲོད་ཨང་གྲངསA0810009བ།

         མང་ཚོགས་ཀྱི་ཞུ་གཏུག་གནས་ཚུལ། ཟི་ལིང་གྲོང་ཁྱེར་མཁར་དབུས་ཁུལ་གྱི་ཞ་ཏུའུ་སྲང་ལམ་ཆེ་མོར་འགྱིང་བའི་རྒྱ་གྲམ་དམར་པོ་སྨན་ཁང་གི་འཁྲིས་ཡ་ཏའོ་གསོལ་མགྲོན་ཁང་གི་ཁ་གཏད་ཀྱི་ལོགས་སུ་ཡོད་པའི་སན་ཧྥེང་ཟས་མཆོག་གྲོང་གིས་ཆུ་ཚོད༢༤རིང་ལ་ཚང་གཉེར་གྱིན་ཡོད་པས་རླུང་འབུད་ཆས་ཀྱི་སྒྲ་ཤིན་ཏུ་ཆེ་བ་ད་ལྟའི་བར་དག་ཐེར་བྱས་ཐུབ་མེད།

         གནད་དོན་རྩད་ཞིབ།  མཁར་དབུས་ཁུལ་གྱིས་ཁོར་སྲུང་དང་བཟའ་ཆས་དང་སྨན་རྫས་ལྟ་སྐུལ་ལ་སོགས་ཀྱི་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ནས་གནད་དོན་འབྱུང་ཡུལ་དངོས་སུ་བཅར་ནས་རྟོག་ཞིབ་བྱེད་དུས་ཞུ་གཏུག་བྱས་པའི་གནས་ཚུལ་ངོ་མ་རེད།

        ཐག་གཅོད་བྱས་ཚུལ། མཁར་དབུས་ཁུལ་གྱིས་ཁོར་སྲུང་དང་བཟའ་ཆས་དང་སྨན་རྫས་ལྟ་སྐུལ་ལ་སོགས་ཀྱི་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ནས་སན་ཧྥེང་ཟས་མཆོག་གྲོང་གི་གནད་དོན་དེ་ཐག་གཅོད་བྱས་པ་དང་། ཟླ༨པའི་ཚེས༡༢ཉིན་གྱི་ཆུ་ཚོད༡༦བར་དུ་ཟས་མཆོག་གྲོང་གི་ཚོང་གཉེར་དུས་ཚོད་དེ་ཉིན་རེའི་ཆུ་ཚོད8:00ནས་22:30བར་བསྒྱུར་བ་མ་ཟད། འབྲེལ་ཡོད་འཛིར་སྒྲ་སློང་བའི་སྒྲིག་ཆས་ལ་བབ་བསྟུན་གྱིས་བཅོས་སྒྲིག་བྱས་ནས་ཉེ་འཁོར་སྡོད་དམངས་ཀྱིས་བཏོན་པའི་གནད་དོན་ཐག་གཅོད་བྱས།

        3.བདག་སྤྲོད་ཨང་གྲངསA0810032པ།

         མང་ཚོགས་ཀྱིས་ཞུ་གཏུག་བྱས་པའི་གནས་ཚུལ། ཟི་ལིང་གྲོང་ཁྱེར་ཙོང་ཁ་རྫོང་ལན་ལུང་ཁའི་གྲོང་རྡལ་གྱི་ལྟེ་བའི་སྲང་ལམ་གཙོ་བོ་དེ་ཟླ་གསུམ་གྱི་སྔོན་ལ་གྲོང་གསེབ་འཆར་འགོད་ལག་བསྟར་གྱིས་ལམ་ངོས་བརྐོ་སློག་དང་། ཁང་པ་བཤིག་སྤོ་བྱས་ཤིང་། དེ་ཤུལ་ལ་རྡུལ་མནོན་ཆུ་གཏོར་བྱས་མེད་ཕྱིན་ས་རྡུལ་ཆེན་པོ་འཚུབ་ཀྱི་ཡོད།

         གནད་དོན་རྩད་ཞིབ། ཙོང་ཁ་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱིས་ཡུལ་དངོས་སུ་ལྟ་ཞིབ་བྱེད་དུས་མང་ཚོགས་ཀྱིས་ཞུ་གཏུག་བྱས་པའི་གནས་ཚུལ་ངོ་མ་རེད།

         ཐག་གཅོད་བྱས་ཚུལ། ཟླ༨པའི་ཚེས༡༢ཉིན་ལ་ཙོང་ཁ་རྫོང་གིས་རྫོང་འགྲིམ་འགྲུལ་དང་། སྡོད་ཁང་འཛུགས་སྐྲུན། ལན་ལུང་ཁ་གྲོང་རྡལ་སྲིད་གཞུང་སོགས་སྡེ་ཚན་དང་། ལན་ལུང་ཁ་གྲོང་རྡལ་གྱི་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་རྣམ་གྲངས་ཀྱི་ཨར་ལས་དང་། ལྟ་སྐུལ་དོ་དམ་ལས་ཁུངས་བཅས་སྒྲིག་འཛུགས་བྱས་ནས་ས་རྡུལ་འཚུབ་སར་མཉམ་དུ་དག་ཐེར་བྱས་པ་དང་། ཆུ་གཏོར་འཕྲུལ་འཁོར་བཞི་བཏང་ནས་ཆུ་གཏོར་ལས་ཀ་བསྒྲུབས། རྗེས་མར་རྫོང་དེས་མངའ་ཁོངས་ཧྲིལ་བོའི་ཨར་ལས་བྱེད་ས་ཡོངས་ཀྱི་བཟོ་བཀོད་ཨར་ལས་དེ་100%ལྔའི་བླང་བྱ་ལྟར་དུ་ལྟ་རྟོག་དང་བསྐྱར་ཞིབ་ནན་མོ་བྱ་རྒྱུ་རེད།

         4.བདག་སྤྲོད་ཨང་གྲངསA0810034བ།

         མང་ཚོགས་ཀྱི་ཞུ་གཏུག་བྱས་པའི་གནས་ཚུལ། ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་ཉིང་ཀྲང་ལམ་རྒྱལ་སྤྱིའི་གྲོང་ཚོ་ཞེས་པའི་སྡོད་ཁུལ་དང་པོར་ཡོད་པའི་སྲན་ཞོ་ཚོང་ཁང་དང་། (一期一品豆花店)རྩིབ་ཤ་ཐུག་པའི་ཟ་ཁང་། (排骨面馆)གཉིས་ཀྱི་སྣུམ་དུ་ཡིས་སྡོད་དམངས་ལ་སུན་སྣང་འདྲ་མིན་བཟོས།

         གནད་དོན་རྩད་ཞིབ། མཁར་བྱང་ཁུལ་གྱིས་དུས་དང་པོར་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ནས་ཞུ་གཏུག་བྱས་པའི་ཡུལ་དངོས་སུ་བཅར་ནས་ལྟ་ཞིབ་བྱེད་དུས། ཟ་ཁང་དེ་གཉིས་ཉིང་ཀྲང་ལམ་རྒྱལ་སྤྱིའི་གྲོང་ཚོ་ཞེས་པའི་སྡོད་ཁུལ་དང་པོའི་ཐོག་ཁང་བཞི་བའི་ཐོག་བརྩེགས་དང་པོར་ཡོད་ཅིང་། དགོས་ངེས་ཀྱི་དཔང་ཡིག་དང་ལག་འཁྱེར་ཡོངས་ཆ་ཚང་བོ་ཡོད། ཡིན་ནས་དུ་འབུད་གཙང་བཅོས་མ་ལག་མེད་པས། ཞུ་གཏུག་བྱས་པའི་གནས་ཚུལ་ངོ་མ་རེད།

        ཐག་གཅོད་བྱས་ཚུལ། མཁར་བྱང་ཁུལ་བཟའ་ཆས་དང་སྨན་རྫས།ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཟ་ཁང་གཉེར་མཚམས་འཇོག་དགོས་པའི་བཀའ་བསྒྲགས་བརྡ་ཐོ་བཀྲམས། ཟླ༨པའི་ཚེས༡༢ཉིན་ལ་ཟ་ཁང་དེ་གཉིས་ཀྱིས་ཚོང་ལས་གཉེར་མཚམས་བཞག་ཡོད་ཅིང་། གཞིས་ལས་ཀུང་སིས་ཟ་ཁང་དེའི་གཉིས་ལ་ཆེད་སྤྱོད་དུ་འབུད་སྒྲིག་བཟོ་བྱེད་སྒང་ཡིན་ལ། ཟླ༨པའི་ཚེས༢༨ཉིན་གྱི་སྔ་རོལ་ཏུ་ཆེད་མཁས་པས་དཔྱད་ཞིབ་རྩིས་ལེན་བྱས་རྗེས་སྔར་བཞིན་ཟ་ཁང་གི་སྒོ་ཕྱེས་ནས་ཚོང་གཉེར་ཆོག

         5.བདག་སྤྲོད་ཨང་གྲངསA0810062བ།

         མང་ཚོགས་ཀྱི་ཞུ་གཏུག་བྱས་པའི་གནས་ཚུལ། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཧའེ་ཧུའུ་ཁུལ་གསར་བའི་ཝན་ཏཱ་ཐང་ཆེན་ཚན་རྩལ་ཁང་ཕུག་ལམ་གྱི་མི་བགྲོད་སྟེགས་བུར་ཧྲང་ཀོང་རླངས་འཁོར་ཞིག་གསོ་ཚོང་ཁང་ཞིག་ཡོད་ཅིང་། ཞིག་གསོ་ཁང་དེའི་ཁང་པ་གྱན་གསུམ་བཞི་ཞིག་སྒྲིག་འགལ་གྱིས་ལས་ཡོད་པ་མ་ཟད། རླངས་འཁོར་ཞིག་གསོ་བྱེད་པའི་གོ་རིམ་ནང་ཚོན་རྩི་བྱུག་པའི་དྲི་མ་སྣ་བར་ཧ་ཅང་གཟན་ལ་དུག་གནོད་ཀྱང་ཅུང་ཆེ།

         གནད་དོན་རྩད་ཞིབ།   མཁར་ནུབ་ཁུལ་གྱིས་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ནས་ཞུ་གཏུག་བྱས་པའི་ཡུལ་དངོས་ལ་བཅར་ནས་ལྟ་ཞིབ་བྱེད་དུས་ཞུ་གཏུག་བྱས་པའི་གནས་ཚུལ་ངོ་མ་རེད།

        ཐག་གཅོད་བྱས་ཚུལ། མཁར་ནུབ་ཁུལ་གྱིས་འབྲེལ་ཡོད་སྡེ་ཚན་བཀོད་སྒྲིག་བྱས་ནས་ཧྲང་ཀོང་རླངས་འཁོར་ཞིག་གསོ་ཁང་ལ་རྩད་བཤེར་ནན་མོ་བྱས། ཟླ༨པའི་ཚེས༡༢ཉིན་ཞིག་གསོ་ཁང་དེ་རྩ་བཤིག་བྱས་ཤིང་ཞིག་གསོ་སྒྲིག་ཆས་ཡོངས་གནས་གཞན་ལ་སྤར།

         6.བདག་སྤྲོད་ཨང་གྲངསA0811006བ།

         མང་ཚོགས་ཀྱི་ཞུ་གཏུག་གནས་ཚུལ། ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་ཤར་གྲོང་རྒྱལ་སྤྱིའི་སྡོད་ཁུལ་གྱི་འཁྲིས་སུ་ཡོད་པའི་སྨན་ལས་བཟོ་གྲྭ་གཉིས་ལས་བཙོག་དྲི་འཐིལ་འོང་།

         གནད་དོན་རྩད་ཞིབ། ཏུང་ཁྲུན་བཟོ་ལས་གླིང་དོ་དམ་ཨུ་ལྷན་གྱིས་ཡུལ་དངོས་སུ་ལྟ་ཞིབ་བྱས་པ་ན། གྲོང་ཁུལ་ཤར་མའི་རྒྱལ་སྤྱིའི་སྡོད་ཁུལ་གྱི་ཉེ་འཁོར་དུ་མཚོ་སྔོན་ཕུ་ལན་ཐེ་སྨན་ལས་ཚད་ཡོད་ཀུང་སི་དང་། མཚོ་སྔོན་རུའེ་ཁྲེང་སྨན་ལས་(སྡེ་ཤོག)ཚད་ཡོད་ཀུང་སི་གཉིས་ཀྱི་སྨན་ལས་བཟོ་གྲྭ་ཡོད་ཅིང་། ༢༠༡༧ལོའི་ཟླ་༧པའི་ཚུན་ལ། མཚོ་སྔོན་ཕུ་ལན་ཐེ་སྨན་ལས་ཚད་ཡོད་ཀུང་སིས་ལག་རྩལ་རིམ་སྤར་བཅོས་སྒྱུར་གྱི་དབང་གིས་ཐོན་སྐྱེད་ཕལ་ཆེར་མཚམས་བཞག་ཡོད་འདུག མཚོ་སྔོན་རུའེ་ཁྲེང་སྨན་ལས་སྡེ་ཤོག་ཚད་ཡོད་ཀུང་སིས་སྒྲིག་ཆས་ཞིབ་བཤེར་དང་ཞིག་གསོ་བྱེད་དགོས་པའི་དབང་གིས་ཐོན་སྐྱེད་མཚམས་བཞག་ཡོད་པས། བཙོག་དྲི་ཐེབས་མི་སྲིད། ཞུ་གཏུག་བྱས་པའི་གནས་ཚུལ་དེ་ངོ་མ་མ་ཡིན་ནོ། །

         7.བདག་སྤྲོད་ཨང་གྲངསA0811019བ།

         མང་ཚོགས་ཀྱི་ཞུ་གཏུག་བྱས་པའི་གནས་ཚུལ། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཧའེ་ཧུང་དང་པོའི་ཁུལ་Cཡི་ཐོག་ཁང་1པའི་ཐོག་བརྩེགས1བོར་ཡོད་པའི་པའེ་ཚང་གི་གསོལ་ཁང་གི་འཕྲུལ་སྦུད་འཛེར་སྒྲ་ཧ་ཅང་ཆེ་ལ་སྣུམ་དུ་དྲག་པོ་མཆེད་འོང་།

         གནད་དོན་རྩད་ཞིབ། མཁར་ནུབ་ཁུལ་གྱི་འབྲེལ་ཡོད་སྡེ་ཚན་གྱིས་ཡུལ་དངོས་སུ་ལྟ་ཞིབ་བྱེད་དུས་གནས་ཚུལ་ངོ་མ་རེད།

        ཐག་གཅོད་བྱས་ཚུལ། མཁར་ནུབ་ཁུལ་གྱི་འབྲེལ་ཡོད་སྡེ་ཚན་གྱིས་པའེ་ཚང་གི་གསོལ་ཁང་དེ་ཟླ༨པའི་ཚེས༢༦ཉིན་གྱི་སྔོན་ལ་བཤིག་ནས་གསོལ་ཁང་གི་སྒྲིག་ཆས་དང་དུ་འབུད་ཆས་སོགས་ཕྱིར་སྤར་དགོས་པའི་བཀའ་བསྒྲགས། ཁུལ་དེའི་ཝན་ཧུའེ་ལམ་གྱི་སྲང་ལམ་དོན་གཅོད་ཁང་གིས་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ནས་དུས་ལྟར་བཤིག་རྒྱུ་འགན་བླངས་ཡོད་པརེད།

         8.བདག་སྤྲོད་ཨང་གྲངསA0811040པ།

         མང་ཚོགས་ཀྱི་ཞུ་གཏུག་གནས་ཚུལ། ཟི་ལིང་གྲོང་ཁྱེར་ཙོང་ཁ་རྫོང་རྫོང་གསེར་གྲོང་བརྡལ་ཞུའུ་ཅ་གྲོང་ཚོ་དང་། ལའོ་ཡུག་པའོ་གྲོང་ཚོ་དུ་ཡོད་པའི་ཟི་ལིང་ནས་གཅིག་སྒྲིལ་བར་གྱི་གཞུང་ལམ་སྟེ་ཁྲི་ཀའི་ཕྱོགས་སུ་འཐེན་པའི་ལམ་གྱི་འགྲམ་ངོགས་སུ་བྱེ་མ་འཚོང་ས་ཞིག་ཡོད་ཅིང་། དེ་ག་ནས་བྱེ་རྡུལ་འཚུབ་ཡོང་བ་རྫོང་དེའི་མཁར་གྲོང་དོ་དམ་ཅུས་དང་ཁོར་སྲུང་ཅུས་ལ་གནས་ཚུལ་ཞུས་ཀྱང་ཐག་གཅོད་བྱེད་མཁན་མ་བྱུང་།

         གནད་དོན་རྩད་ཞིབ། ཙོང་ཁ་རྫོང་གིས་ཀླུ་སར་གྲོང་རྡལ་སྲིད་གཞུང་དང་རྫོང་གྲོང་ཁུལ་དོ་དམ་ཅུས། རྒྱལ་དབང་ས་ཞིང་། ཁོར་སྲུང་སོགས་སྡེ་ཚན་སྒྲིག་འཛུགས་ཀྱིས་ཡུལ་དངོས་ལ་ལྟ་ཞིབ་བྱེད་དུས། ས་དེར་བྱེ་སྤུངས་༡༤འདུག་པས་ཞུ་གཏུག་བྱས་པའི་གནས་ཚུལ་ངོ་མ་རེད།

         ཐག་གཅོད་བྱས་ཚུལ། ཙོང་ཁ་རྫོང་གིས་འབྲེལ་ཡོད་མི་སྣར་སྐུལ་མ་བཏང་ནས་བྱེ་སྤུངས་བཅུ་བཞི་བོ་གཙང་སེལ་བྱས་ལ། རྡོ་ཟེགས་༦༥༠༠གཙང་སེལ་བྱས།

         9.བདག་སྤྲོད་ཨང་གྲངསA0811062པ།

         མང་ཚོགས་ཀྱིས་ཞུ་གཏུག་བྱས་པའི་གནས་ཚུལ། ཟི་ལིང་གྲོང་ཁྱེར་མཁར་དབུས་ཁུལ་འོད་གསལ་སློབ་ཆུང་གི་སྒོ་ཁ་ནས་ཤར་དུ་སྨི༥༠མཚམས་ཀྱི་སར་ས་འོག་ཆུ་ལམ་གྱི་བཙོག་དྲི་སྟུག་པོ་མཆེད་ནས་ལོ་ཕྱེད་འགོར་ཡོད།

         གནད་དོན་རྩད་ཞིབ། མཁར་དབུས་ཁུལ་གྱི་འབྲེལ་ཡོད་སྡེ་ཚན་གྱིས་ཡུལ་དངོས་སུ་ལྟ་ཞིབ་བྱེད་དུས་གནས་ཚུལ་ངོ་མ་རེད།

        ཐག་གཅོད་བྱས་ཚུལ། ཟླ༨པའི་ཚེས༡༢ཉིན་ལ་མཁར་དབུས་ཁུལ་གྱིས་འབྲེལ་ཡོད་འཛུགས་སྐྲུན་སྡེ་ཚན་དང་ཆེད་ལས་ཆུ་ལམ་བཤང་མཁན་དཔུང་ཁག་སྒྲིག་འཛུགས་བྱས་ནས་བཙོག་ཆུའི་དོང་ཆུ་དང་སྦུ་གུའི་བཙོག་སྙིགས་བཤངས། ཟླ༨པའི་ཚེས༡༣ཉིན་ལ་དུང་ཆུའི་ཁ་ལེབ་ཆ་ཚང་གཅིག་བརྗེ་ཞིང་། ཉེ་འཁོར་གྱི་ལམ་ངོས་སྨི་གྲུ་བཞི་མ༣༠སྙོམས་བཅོས་བརྒྱབ་ནས་གནད་དོན་ཐག་གཅོད་བྱས་ཡོད།

         10.བདག་སྤྲོད་ཨང་གྲངསA0811077བ།

         མང་ཚོགས་ཀྱིས་ཞུ་གཏུག་བྱས་པའི་གནས་ཚུ་ལ། ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་གྱི་ཝེ་མེན་སྲང་ལམ་ཨང༡༧བའི་ར་སྐོར་ནང་གི་ཐོག་ཁང༤བའི་རྒྱབ་ཏུ་སྡོང་སྐམ་དང་། འབོད་སྟེགས་ཧྲུལ་བོ། འཚོ་བའི་གད་སྙིགས་མང་པོ་སྤུངས་ཡོད་པ་གཙང་སེལ་བྱེད་མཁན་མི་འདུག་པས། བཙོག་དྲི་ཆེ་ལ་མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བར་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད་པ་ཁུལ་སྲིད་གཞུང་དང་སྤྱི་བདེ་ལ་ཞུས་ཀྱང་ཐག་གཅོད་བྱེད་ཀྱི་མི་འདུག

         གནད་དོན་རྩད་ཞིབ། མཁར་ཤར་ཁུལ་གྱིས་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ནས་ཡུལ་དངོས་ལ་ལྟ་ཞིབ་བྱེད་དུས། སྡོད་ཁུལ་དེ་ནི་ཞིང་ཆེན་རིག་གནས་ཁང་གི་སྡོད་ཁུལ་དུ་གཏོགས་པས་སྤྱིར་བཏང་ལས་ཁུངས་དེ་ག་ནས་དོ་དམ་བྱེད་དགོས་པ་ཡིན། སྡོད་ཁུལ་དེར་གཞིས་ལས་ཀུང་སི་མེད་ཅིང་འཚོ་བའི་གད་སྙིགས་གཙང་སེལ་ཕྱིར་འདྲེན་དུས་ཐོག་མིན་པས་ཡར་ཞུའི་གནས་ཚུལ་ངོ་མ་རེད།

         ཐག་གཅོད་བྱས་ཚུལ། མཁར་ཤར་ཁུལ་གྱིས་ཀྲོའུ་ཅ་ཆུན་སྡོད་ཁུལ་དང་། ཁུལ་གྲོང་ཁྱེར་དོ་དམ་སྲིད་འཛིན་ཁྲིམས་བསྟར་ཅུས། ཁུལ་གྲོང་ཁྱེར་ལས་དོན་སྤྱི་གཞུང་ཞབས་ཞུ་ལྟེ་གནས་སོགས་ལས་ཁུངས་ཀྱི་ལས་བྱེད༡༢དང་དབོར་འདྲེན་རླངས་འཁོར༡བཅས་སྒྲིག་འཛུགས་བྱས་ནས་སྡོང་སྐམ་དང་། འབོལ་སྟེགས་ཧྲུལ་བོ། འཚོ་བའི་གད་སྙིགས་སོགས་གཙང་སེལ་ཡག་པོ་བྱས།

         11.བདག་སྤྲོད་ཨང་གྲངསA0811029བ།

         མང་ཚོགས་ཀྱི་ཞུ་གཏུག་གནས་ཚུལ། མཚོ་ཤར་གྲོང་ཁྱེར་བ་ཡན་རྫོང་གཤོང་ཤན་ཤང་ཐང་ཁྲུན་ལུང་པར་གད་སྙིགས་སྙིགས་སྣོད་དུ་མི་འཕེན་པར་གང་བྱུང་དུ་གཡུགས་ཡོད་པས། ས་དེའི་ཆུ་ལ་འབག་བཙོག་བཟོས་འདུག

         གནད་དོན་རྩད་ཞིབ། བ་ཡན་རྫོང་གཤོང་ཤན་ཤང་ཏང་ཨུ་དང་སྲིད་གཞུང་། རྫོང་ཁོར་སྲུང་ཅུས་བཅས་ཀྱིས་ཡུལ་དངོས་ལ་ལྟ་ཞིབ་བྱེད་དུས། ཐང་ཁྲུན་ལུང་པའི་སྟོད་ཀྱི་གཤོང་ཤན་གྲོང་ཚོ་དང་། ལུང་མདོའི་ཐང་ཁྲུན་གྲོང་ཚོའི་བར་དུ་གད་སྙིགས་གང་བྱུང་དུ་གཡུགས་ནས་སྙིགས་སྣོད་བེད་སྤྱོད་བཏང་མེད་པ་རེད།གཞན་ཐང་ཁྲུན་གྲོང་ཚོའི་འཐུང་ཆུའི་ཡོངས་ཁུངས་དེ་ལུང་པའི་ནུབ་ངོས་ཀྱི་ལ་སྟེང་དུ་ཆུ་མདོང་གྲོང་ཚོར་འཐེན་ཡོད་པ་མ་ཟད། ཆུ་གསོག་རྫིང་བུ་ཡང་ཐང་ཁྲུན་གྲོང་ཚོ་ཡོད་ས་ལས་མཐོ་སར་ཆགས་འདུག་པས་ལུང་པོའི་ནང་གི་གད་སྙིགས་ཀྱིས་ཆུ་ལ་བཙོག་དྲི་བཟོ་མི་སྲིད། དེ་བས་ཞུ་གཏུག་བྱས་པའི་གནས་ཚུལ་ཁག་ཅིག་ངོ་མ་རེད།

         ཐག་གཅོད་བྱས་ཚུལ། བ་ཡན་རྫོང་སྲིད་གཞུང་གིས་གཤོང་ཤན་ཤང་ཏང་ཨུ་དང་སྲིད་གཞུང་ལ་ཟླ་བརྒྱད་པའི་ཚེས་བཅུ་གསུམ་ཉིན་ལ་སྡེ་མི་སྒྲིག་འཛུགས་ཀྱི་འགན་བླངས་ནས་ལུང་པ་དེའི་གད་སྙིགས་གཙང་སེལ་བྱེད་དུ་འཇུག་དགོས་པའི་བཀའ་ཕབ། རྫོང་ཁོར་སྲུང་ཅུས་ཀྱིས་གཤོང་ཤན་གྲོང་ཚོར་གད་སྙིགས་བསྡུ་ཆས་གཅིག་དང་། སྙིགས་སྣོད༥༠དང་། ཐང་ཁྲུན་གྲོང་ཚོར་གད་སྙིགས་བསྡུ་ཆས༡དང་། སྙགས་སྣོད་༢༠བཅས་བཀོད་སྒྲིག་བརྒྱབ་པ་མ་ཟད། གཞོང་ཤན་ཤང་ཏང་ཨུ་དང་སྲིད་གཞུང་གིས་མྱུར་དུ་ཁོར་ཡུག་བཅོས་སྐྱོང་གི་ཇུས་གཞི་བཟོས་ནས་ཁོར་སྲུང་སྒྲིག་ཆས་བཀོལ་སྤྱོད་ཚད་ལྡན་དུ་གཏང་དགོས་པ་དང་། ཕུགས་ཡུན་རིང་བོའི་ལྟ་སྐུལ་དོ་དམ་གྱི་ནང་རྐྱེན་ལམ་ལུགས་ཆ་ཚང་གཟུག་དགོས་པའི་བཀའ་ཕབ།

        ལོ་ཙཱ་བ། ཁོན་ཐར་འཚོ།