མཐོ་སྒང་འདིའི་མཁའ་དབྱིངས་ཀྱི་མཚན་ལྗོངས་ལ་ལྟ་འདོད་ན་གནས་མཆོག་ཚྭ་ཁར་ཕེབས་ཤོག

ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-08-28 11:28:35      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

  ཟླ༨པའི་ཚེས༢༥ཉིན་ལ་དྭངས་གཙང་ཆུ་མོ་ཤར་དུ་འབབ་པ་སྟེ་༢༠༡༧ལོའི་རྒྱལ་ཡོངས་ཀྱི་སྨྱད་བྱད་ཆེ་ཁག་གིས་མཚོ་སྔོན་ལ་ལྟ་ཞེས་པའི་བཅར་འདྲི་ཚོགས་པའི་གསར་འགོད་པ་རྣམས་ཀྲུང་གོའི་ནམ་མཁའི་མེ་ལོང་དུ་གྲགས་པའི་ཚྭ་ཁའི་ཚྭ་མཚེའུ་རུ་འབྱོར་ནས་དག་ཞིང་དེ་གར་ཉར་བའི་ངོ་མཚར་བའི་རང་བྱུང་གི་མཛེས་པ་ཡ་མེད་ཅིག་ལ་དངོས་སུ་མིག་བལྟས་བྱས།

  

  མི་རྣམས་རང་བྱུང་གི་ཁམས་འདིར་འཚོ་བའི་ཁྲོད་དུ་མཛེས་པ་ཡང་རང་བྱུང་གི་མངལ་དུ་རང་བཞིན་གྱིས་སྦྲུམ་ཡོད་པས། ཁྱེད་དང་ང་ཚོ་ནམ་ཡང་མཛེས་པའི་ཁང་བཟང་འདིར་གནས་ཤིང་ཆགས་ཡོད། མཚོ་སྔོན་གྱི་ཡངས་པའི་ས་ཆེན་འདིར་ཚྭ་འདམ་གཞོང་ནི་མྱ་ངན་ཐང་ལྟ་བུའི་བྱེ་མས་བསྐོར་ཡོད་ན་ཡང་རྩ་ཆེ་བའི་རིན་པོ་ཆེ་དང་འགྲན་པའི་གཏམ་རྒྱུད་སྙན་མོ་ཅི་རིགས་ཀྱིས་འདིར་གསོན་ཉམས་ཀྱི་ལྗང་ལོ་དང་མེ་ཏོག་གི་བཀྲག་མདངས་བྱུག་ཡོད། དེ་ལས་ཀྱང་གཞོང་དེར་མིག་ལ་སྡུག་པའི་མུ་ཏིག་གི་དོ་ཤེལ་ལྟ་བུ་ཀུན་གྱིས་དང་བ་འདྲེན་མཁན་ཞིག་ནི་ཚྭ་ཁའི་ཚྭ་མཚེའུ་ཡིན་ཞིང་། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་ཚན་རིག་རིག་གནས་ཚོགས་པས་འཛམ་གླིང་གི་གནོད་མེད་དག་ཞིང་བཞིའི་ཡ་གྱལ་དུ་བགྲང་པའི་འཛམ་གླིང་གི་ཡང་སྟེང་མཚོ་བོད་མཐོ་སྒང་གི་ཤར་ཏེ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དབུས་ལམ་རྫོང་ཁོངས་སུ་ཆགས་ཡོད་པ་དང་། གནའ་དུས་ཀྱི་ཚོང་བ་དང་ལྗོངས་རྒྱུ་བ་ཤན་ཅིང་དང་བོད་ལ་ཕེབས་དུས་བརྒྱུད་དགོས་པའི་ལམ་གཅིག་པུ་སྟེ་ཚྭ་འདམ་གཞོང་གི་ཤར་སྒོ་ཆེན་པོར་འཁེལ་ཡོད།

  

  མཛེས་ལྗོངས་ཁུལ་འདི་ནི་ནི་མཚོ་སྔོན་མཚོ་ནུབ་ཡུལ་སྐོར་གྱི་ལྗོངས་རྒྱུ་ཁུལ་མཆོག་ཏུ་གྱུར་བ་ཞིག་སྟེ། བོད་དང་ཆའང་། དབྱི་བཅས་མི་རིགས་གསུམ་པོའི་རིག་གནས་བར་ཁྱམས་ཀྱི་ས་ཚིགས་གལ་ཆེན་ཞིག་ཡིན། དེ་དང་མཚོ་སྔོན་པོ་དང་། སྐུ་འབུམ། སྟོང་རི་ལྷ་མཚོ་བཅས་ལ་མཚོ་སྔོན་གྱི་ལྗོངས་ཁུལ་ཆེན་པོ་བཞིར་གྲགས་ལ་རྒྱལ་ཁབ་ཀྱི་AAAAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཡིན། བརྙན་ལེན་དང་ཡུལ་སྐོར་ལས་རིགས་ཀྱིས་ཚྭ་མཚེའུ་ལ་ནམ་མཁའི་མེ་ལོང་དང་། ཀྲུང་གོའི་ཆེས་མཛེས་པའི་མཁའ་དབྱིངས་ཀྱི་མཚན་ལྗོངས་ཉག་ཅིག་ཡིན་པར་བཤད། གཞན་ལྗོངས་ཁུལ་གྱི་ཚྭ་བཟོས་སྐུ་འདྲ་ལ་འཛམ་གླིང་ཟིན་ཐོ་མཐུན་ཚོགས་ཀྱིས་འཛམ་གླིང་གི་ལྗོངས་ཕྱིའི་ཚྭ་བརྐོས་སྒྱུ་རྩལ་ཆེ་ཤོས་ལ་ངོས་འཛིན་བྱས་ཡོད་པ་རེད།

  ལོ་ཙཱ་བ། ཁོན་ཐར་འཚོ།