རྨ་འབྲི་རྫ་གསུམ་མགོ་ཁུངས་ཀྱི་སྣོད་བཅུད་བདག་སྐྱོང་མཁན།

ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-08-28 11:28:35      རྩོམ་སྒྲིག་པ། : ཁོན་ཐར་འཚོ།
 རྨ་འབྲི་རྫ་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་ལམ་ཁ་དང་མཚེའུ་ངོགས། གཙང་འགྲམ་དག་ཏུ་དཔུང་རྟགས་དམར་པོ་འདོགས་མཁན་གྱི་མི་གཅིག་རེའམ་འགའ་རེས་ལན་རེར་གད་སྙིགས་འཐུ་བ་དང་། ལན་རེར་རི་སྐྱེས་སྲོག་ཆགས་ཀྱི་འགྲོ་འདུག་ལ་དོ་སྣང་བྱེད་ཀྱི་ཡོད། ཁོང་ཚོས་ཕ་གཞིས་འདིའི་རྩྭ་ར་དང་མཚེའུ། རི་སྒང་སོགས་ལ་བདག་སྐྱོང་བྱེད་ཀྱི་ཡོད་པས་ཁོང་ཚོའི་མིང་ལ་སྣོད་བཅུད་བདག་སྐྱོང་བ་ཟེར། འབྲེལ་ཡོད་ཀྱི་གཞི་གྲངས་ལ་གཞིགས་ན། རྨ་འབྲི་རྫ་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་ལ་ད་སྔ་སྣོད་བཅུད་བདག་སྐྱོང་བའི་དཔང་ཡིག་ཐོགས་ནས་ལས་ཀར་ཞུགས་མཁན་༩༩༧༥ཡོད་ཅིང་། ཤང་དང་གྲོང་རྡལ་གྱི་བདག་སྐྱོང་ས་ཚིགས་དང་། གྲོང་ཚོ་རིམ་པའི་བདག་སྐྱོང་རུ་ཁག བདག་སྐྱོང་རུ་ཆུང་བཅས་བཙུགས་ནས་ས་ཚིགས་ནས་ས་ཚིགས་བར་ཡོངས་སུ་སྦྲེལ་བའི་བདག་སྐྱོང་མ་ལག་གྲུབ་ཡོད་པས། འབྲོག་པ་མང་ཚོགས་རྣམས་ཐོག་མའི་རྩྭ་ཐང་བེད་སྤྱོད་བྱེད་མཁན་ནས་རྩྭ་ས་བདག་སྐྱོང་བྱེད་མཁན་དུ་བསྒྱུར་ནས་སྣོད་བཅུད་སྲུང་སྐྱོབ་ཀྱི་ལས་སུ་གང་དགར་ཞུགས་ན་འབབ་འཕར་ཕྱུག་འགྱུར་དང་ལས་བསྒྱུར་ལས་ཞུགས། ཐོན་སྐྱེད་འཚོ་བ་ལེགས་བསྒྱུར་བཅས་ཡོང་ཐུབ་པར་གཞིགས་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ལས་ལ་ཞུགས་སུ་བཅུག་ཡོད་དོ། །

  


རྨ་སྟོད་རྫོང་གི་སྣོད་བཅུད་བདག་སྐྱོང་བ་ཞིག་གིས་རྩྭ་ས་ནས་གད་སྙིགས་འཐུ་བཞིན་ཡོད།

རྩྭ་ཐང་གི་སྣོད་བཅུད་བདག་སྐྱོང་བ།
  

འབྲི་སྟོད་རྫོང་གི་བདག་སྐྱོང་བས་རང་གི་བདག་སྐྱོང་ཉིན་ཐོ་སྟོན་བཞིན་པ།
  

རྨ་འབྲི་རྫ་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་ལས་བྱེད་པ་ལུའུ་ཧའེ་མིན་(གཡས)ཡིས་ཆི་ལུ་དགོང་དྲོའི་ཚགས་པར་གྱི་གསར་འགོད་པར་མགོ་ཁུངས་ཀྱི་བདག་སྐྱོང་བའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།

ཆུ་མར་ལེབ་རྫོང་མདོ་ཕྱུགས་གྲོང་ཚོའི་ཁོར་ཡུག་བདག་སྐྱོང་བ་སྒྲོལ་མ་རྒྱལ་གྱིས་བདག་སྐྱོང་གི་གཏམ་རྒྱུད་གླེང་བཞིན་པ།


གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་རྒྱལ་ཡོངས་སྨྱན་བྱད་ཀྱི་བཅར་འདྲི་ཚོགས་པའི་ཚོགས་མི་དང་ཆུ་མར་ལེབ་རྫོང་གི་ཁོར་ཡུག་བདག་སྐྱོང་བའི་མཉམ་པར།


ལན་རེར་རླངས་འཁོར་སྐོར་བ་མ་གཏོགས་དུས་རྒྱུན་ཡིན་ན་རྐང་ཐང་དང་། རྟར་བཅབས་ནས་སྐོར་ཞིབ་ཏུ་བསྐྱོད་པ་ཡིན།

  མཚོ་སྔོ་རེངས་ཁར་བདག་སྐྱོང་བ་ཞིག་འཕྲུལ་རྟ་ཞོན་ནས་ཕྱིན་སོང་།

  ལོ་ཙཱ་བ། ཁོན་ཐར་འཚོ།