ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚན་ཁག་བདུན་པས་མཚོ་སྔོན་ལ་སྐོར་ཉེར་གཉིས་དང་ཉེར་གསུམ་པའི་མང་ཚོགས་ཀྱི་ཡིག་སྐུར་གཏུག་བཤེར་དོན་རྐྱེན་གྱི་དཔྱད་གཞི་བརྒྱུད་སྤྲོད་བྱས་པའི་གནས་ཚུལ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-09-02 11:11:36      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

             ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚན་ཁག་བདུན་པས་མཚོ་སྔོན་ལ་སྐོར་ཉེར་གཉིས་པའི་མང་ཚོགས་ཀྱི་ཡིག་སྐུར་གཏུག་བཤེར་དོན་རྐྱེན་གྱི་དཔྱད་གཞི75བརྒྱུད་སྤྲོད་བྱས་པ།

        མཚོ་སྔོན་སྲིད་གཞུང་བོད་ཡིག་དྲ་བའི་འཕྲིན། 2017ལོའི་ཟླ8པའི་ཚེས31ཉིན་གྱི་སྔ་དྲོའི་ཆུ་ཚོད11དང་སྐར་མ40སྟེང་། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚན་ཁག་བདུན་པས་མཚོ་སྔོན་ལ་སྐོར་ཉེར་གཉིས་པའི་མང་ཚོགས་ཀྱི་ཡིག་སྐུར་གཏུག་བཤེར་དོན་རྐྱེན་གྱི་དཔྱད་གཞི75བརྒྱུད་སྤྲོད་བྱས་ལ། དེའི་ནང་དུ་ཟི་ལིང་གྲོང་ཁྱེར་དང་འབྲེལ་བ་ཡོད་པའི་དོན་རྐྱེན46དང་། མཚོ་ཤར་གྲོང་ཁྱེར་གྱི་དོན་རྐྱེན13། མཚོ་ནུབ་ཁུལ་གྱི་དོན་རྐྱེན6། མཚོ་ལྷོ་ཁུལ་གྱི2། མཚོ་བྱང་ཁུལ་གྱི5། ཡུལ་ཤུལ་ཁུལ་གྱི1དང་རྨ་ལྷོ་ཁུལ་གྱི་དོན་རྐྱེན2བཅས་ཡོད། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚན་ཁག་གིས་གཙོ་བོ་དོན་རྐྱེན4ལ་དོ་ཁུར་བྱེད་བཞིན་ཡོད། དེའི་ཁྲོད་མཚོ་ནུབ་ཁུལ་གྱི་དོན་རྐྱེན1ཡུལ་ཤུལ་ཁུལ་གྱི1དང་རྨ་ལྷོ་ཁུལ་གྱི་དོན་རྐྱེན1བཅས་ཡོད། ད་ལྟའི་བར་དུ་བསྡོམས་པས་གཏུག་ཡིག་རྒྱུ་ཆ1608འབྱོར་ཡོད།

        ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚན་ཁག་བདུན་པས་མཚོ་སྔོན་ལ་སྐོར་ཉེར་གསུམ་པའི་མང་ཚོགས་ཀྱི་ཡིག་སྐུར་གཏུག་བཤེར་དོན་རྐྱེན་གྱི་དཔྱད་གཞི80བརྒྱུད་སྤྲོད་བྱས་པ།

        མཚོ་སྔོན་སྲིད་གཞུང་བོད་ཡིག་དྲ་བའི་འཕྲིན། 2017ལོའི་ཟླ8པའི་ཚེས31ཉིན་གྱི་སྔ་དྲོའི་ཆུ་ཚོད11དང་སྐར་མ40སྟེང་། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚན་ཁག་བདུན་པས་མཚོ་སྔོན་ལ་སྐོར་ཉེར་གསུམ་པའི་མང་ཚོགས་ཀྱི་ཡིག་སྐུར་གཏུག་བཤེར་དོན་རྐྱེན་གྱི་དཔྱད་གཞི80བརྒྱུད་སྤྲོད་བྱས་ལ། དེའི་ནང་དུ་ཟི་ལིང་གྲོང་ཁྱེར་དང་འབྲེལ་བ་ཡོད་པའི་དོན་རྐྱེན54དང་། མཚོ་ཤར་གྲོང་ཁྱེར་གྱི་དོན་རྐྱེན19། མཚོ་ལྷོ་ཁུལ་གྱི2། མཚོ་བྱང་ཁུལ་གྱི4། ཡུལ་ཤུལ་ཁུལ་གྱི1དང་རྨ་ལྷོ་ཁུལ་གྱི་དོན་རྐྱེན2བཅས་ཡོད། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚན་ཁག་གིས་གཙོ་བོ་དོན་རྐྱེན3ལ་དོ་ཁུར་བྱེད་བཞིན་ཡོད། དེའི་ཁྲོད་མཚོ་ཤར་གྲོང་ཁྱེར་གྱི་དོན་རྐྱེན1དང་མཚོ་ལྷོ་ཁུལ་གྱི1། རྨ་ལྷོ་ཁུལ་གྱི་དོན་རྐྱེན1བཅས་ཡོད། ད་ལྟའི་བར་དུ་བསྡོམས་པས་གཏུག་ཡིག་རྒྱུ་ཆ1688འབྱོར་ཡོད།

        ལོ་ཙཱ་བ། ལྷ་ཆེན་རྒྱལ།