སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་རྩ་དགུ་པ་འཚོགས་པ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-09-02 11:42:05      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

        སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་རྩ་དགུ་པ་དེ་སྤྱི་ཚེས་༢༨ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་འགོ་ཚུགས་ཡོད་པ་རེད། ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད་པ་རེད།

        གྲོས་ཚོགས་ཐོག་ཁག་སོ་སོར་རྡུལ་ཉིང་བདེ་འཇགས་བཅའ་ཁྲིམས་ཀྱི་འཆར་ཟིན་སྐོར་དང་། ཁེ་ལས་འབྲིང་ཆུང་གི་སྐུལ་འདེད་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་སྐོར། རྒྱལ་གླུའི་བཅའ་ཁྲིམས་ཀྱི་འཆར་ཟིན་ལ་གྲོས་ཞིབ་བྱས་འབྲས་སྐོར་བཅས་ཀྱི་སྙན་ཞུ་ཉན་ཡོད་པ་རེད། ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གིས་གོང་གསལ་ཁྲིམས་ལུགས་འཆར་ཟིན་གསུམ་པོ་ཅུང་འཐུས་སྒོ་ཚང་པོ་ཡོད་པའི་ངོས་འཛིན་བྱས་ཡོད་པ་དང་། ད་ཐེངས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱ་རྒྱུར་འབུལ་རྒྱུའི་གྲོས་འགོ་བཏོན་ཡོད་པ་རེད།

        གྲོས་ཚོགས་ཐོག་ལུགས་མཐུན་མ་ཡིན་པའི་འགྲན་རྩོད་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་བཟོ་བཅོས་གནས་ཚུལ་སྐོར་གྱི་སྙན་ཞུ་དང་། ཚད་ལྡན་ཅན་གྱི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་བཟོ་བཅོས་གནས་ཚུལ་སྐོར་གྱི་སྙན་ཞུ། མི་དམངས་ཁྲིམས་ཁང་གི་སྒྲིག་འཛུགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་ གྲོས་གཞི། མི་དམངས་ཞིབ་དཔྱོད་ཁང་གི་སྒྲིག་འཛུགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གྲོས་གཞི། ཁྲིམས་དཔོན་བཅའ་ཁྲིམས་སོགས་ཁྲིམས་ལུགས་ཁག་བརྒྱད་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གྲོས་གཞི་བཅས་ཉན་ཡོད་པ་རེད།

        གྲོས་ཚོགས་ཐོག་རྡོ་ཐའི་དཔྱ་ཁྲལ་བཅའ་ཁྲིམས་ཀྱི་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གྲོས་གཞིར་ཉན་ཡོད་པ་དང་། འཆར་ཟིན་དེ་ད་ལྟ་ལག་བསྟར་བྱེད་མུས་ཀྱི་དཔྱ་ཁྲལ་ལམ་ལུགས་ཀྱི་སྒྲོམ་གཞི་དང་ཁྲལ་འཁྲིའི་ཆུ་ཚད་སྤྱིའི་ཆ་ནས་འགྱུར་བ་མེད་པ་རྒྱུན་འཁྱོངས་བྱ་རྒྱུ་དང་། གནས་སྐབས་ལག་བསྟར་སྲོལ་ཡིག་ཁྲིམས་ལུགས་ལ་རིམ་འཕར་བྱ་རྒྱུ་ཡིན་པ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གིས་རྩོམ་དབང་བཅའ་ཁྲིམས་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ་ཉན་པ་དང་། ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་ཕུ་ཐིའུ་ཀལ་དང་། ཕོ་ལན། སེར་ཝེ་ཡ་བཅས་ལ་འཚམས་འདྲི་གནང་བའི་གནས་ཚུལ་གྱི་ཡིག་ཐོག་སྙན་ཞུར་གྲོས་ཞིབ་བྱས་པ། འཐུས་མི་རེ་གཉིས་ཀྱི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་ཉན་པ། ཁག་སོ་སོར་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་། ཨོ་མན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམས་བསྐོའི་གྲོས་ཚོགས་ཀྱི་ཁོངས་མིའི་མིང་ཐོའི་འཆར་ཟིན་གྱི་གསལ་བཤད་ཉན་ཡོད་པ་རེད།

        གྲོས་ཚོགས་ཐོག་ད་དུང་འབྲེལ་ཡོད་བསྐོ་འཐེན་གྲོས་གཞིར་གྲོས་ཞིབ་བྱས་ཡོད་པ་རེད།

        སྤྱི་ཚེས་28ཉིན། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་རྩ་དགུ་པས་ཚོགས་ཆུང་ཁག་བགོས་གྲོས་ཚོགས་འཚོགས་པ་དང་། རྡུལ་ཉིང་བདེ་འཇགས་བཅའ་ཁྲིམས་ཀྱི་འཆར་ཟིན་དང་ཁེ་ལས་འབྲིང་ཆུང་གི་སྐུལ་འདེད་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན། རྒྱལ་གླུའི་བཅའ་ཁྲིམས་ཀྱི་འཆར་ཟིན་སོགས་ལ་གྲོས་ཞིབ་བྱས་པ་དང་། ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གྲོས་ཞིབ་ནང་ཞུགས་ཡོད་པ་རེད། ཚོགས་ཞུགས་མི་སྣས་ཡོངས་ཁྱབ་ཐོག གོང་གསལ་ཁྲིམས་ལུགས་འཆར་ཟིན་ཅུང་འཐུས་སྒོ་ཚང་པོ་ཡོད་པའི་ངོས་འཛིན་བྱས་ཡོད་པ་དང་། ད་ཐེངས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱ་རྒྱུའི་གྲོས་འགོ་བཏོན་ཡོད་པ་རེད།

      ལོ་ཙཱ་བ། ལྷ་ཆེན་རྒྱལ།