ཞི་ཅིན་ཕིང་གིས་ཚོགས་པའི་བསྒྱུར་བཅོས་ལས་དོན་ཐད་གལ་ཆེའི་མཛུབ་སྟོན་གནང་བ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-09-02 11:45:03      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

        ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིན་ཤས་གོང་གལ་ཆེའི་མཛུབ་སྟོན་གནང་བའི་ནང་། ཏང་གི་ཚོགས་པའི་ལས་དོན་ནི་ཏང་གི་གལ་འགངས་ཤིན་ཏུ་ཆེ་བའི་ལས་དོན་ཞིག་རེད། ཚོགས་པའི་བསྒྱུར་བཅོས་ནི་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འགན་འཁྲི་གལ་ཆེན་ཞིག་རེད། སྤྱི་ལོ༢༠༡༥ལོར་ཏང་ཀྲུང་དབྱང་གིས་ཚོགས་པའི་ལས་དོན་གྲོས་ཚོགས་ཚོགས་ནས་ཏང་གི་ཚོགས་པའི་ལས་དོན་དང་ཚོགས་པའི་བསྒྱུར་བཅོས་ཐད་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད། ལོ་གཉིས་ནང་ཚོགས་པའི་བསྒྱུར་བཅོས་ལ་ཕན་འབྲས་ཡག་པོ་ཐོབ་ཅིང་། གྲུབ་འབྲས་ཁས་ལེན་བྱེད་རིན་ཡོད། ཉམས་མྱོང་ཕྱོགས་བསྡོམ་ནན་ཏན་བྱེད་པ་དང་། མུ་མཐུད་བསམ་བློ་གཅིག་གྱུར་དང་། དོན་འཁྱོལ་ཐད་དམ་འཛིན་བྱས་ནས། ཏང་ཀྲུང་དབྱང་གིས་ཚོགས་པའི་ལས་དོན་དང་ཚོགས་པའི་བསྒྱུར་བཅོས་ཐད་བཏོན་པའི་བླང་བྱ་ཁག་དོན་ཐོག་ཏུ་འཁྱོལ་བ་བྱ་དགོས་ཞེས་བསྟན་འདུག

        ཞི་ཅིན་ཕིང་གིས། ཚོགས་པའི་སྒྲིག་བཙུགས་ཁག་ནས་རང་ཉིད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་། ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་ལ་དམ་པོར་གཞིགས་ནས། མངོན་གསལ་དོད་པའི་གནད་དོན་ལ་ཕྱོགས་པ་དང་། ནུས་ཡོད་ཀྱི་བྱ་ཐབས་སྤྱོད་པ། འགག་གཏོར་དཀའ་སེལ་ཕོད་པ། ཚོགས་པའི་ལས་དོན་གྱི་གཞི་རིམ་རྨང་གཞི་བརྟན་དུ་གཏོང་རྒྱུར་དོ་སྣང་བཅས་བྱ་དགོས། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡིས་ཚོགས་པའི་བསྒྱུར་བཅོས་ལ་མཛུབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཀྲུང་དབྱང་བསྒྱུར་བཅོས་གཞུང་ལས་ཁང་ནས་ཚོགས་པའི་བསྒྱུར་བཅོས་ཀྱི་ཇུས་གཞི་དོན་འཁྱོལ་ཐད་ལྟ་ཞིབ་བྱ་རྒྱུར་ཤུགས་རྒྱག་དགོས་པ། རིམ་པ་ཁག་གི་ཏང་ཨུད་ནས་རྩ་འཛུགས་ཀྱིས་ཚོགས་པའི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་འཁུར་ནས། ཡང་དག་པའི་ཐོག་ནས་ཁ་ཕྱོགས་དམ་འཛིན་དང་། དུས་ཐོག་ཏུ་གནས་ཚུལ་ཤེས་རྟོགས་བྱེད་པ། ནན་ཏན་གྱིས་དཀའ་གནད་ཐག་གཅོད་བྱེད་པ་བཅས་ཀྱི་ཐོག་ནས། བསྒྱུར་བཅོས་ལ་བརྟེན་ནས་ཚོགས་པའི་སྒྲིག་བཙུགས་ཀྱི་ལས་དོན་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས། ཏང་གི་ཚོགས་པའི་ལས་དོན་གྱི་གནས་བབ་གསར་པ་ཧུར་བརྩོན་ཆེན་པོས་གཏོད་དགོས་ཞེས་གསུངས་འདུག

        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཀྱི་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལེའུ་ཡུན་ཧྲན་གྱིས་སྤྱི་ཚེས་ཉི་ཤུ་དྲུག་ཉིན་པེ་ཅིན་དུ་ཚོགས་པའི་བསྒྱུར་བཅོས་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་བརྒྱུད་བསྒྲགས་གནང་བ་རེད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་ལག་བསྟར་ནན་ཏན་བྱེད་པ་དང་། ཚོགས་པའི་བསྒྱུར་བཅོས་ཀྱི་ཡང་དག་པའི་ཁ་ཕྱོགས་དམ་འཛིན་བྱས་ནས། ཐོག་མཐའ་བར་གསུམ་དུ་ཏང་གི་མང་ཚོགས་ལས་དོན་ལ་བྱེད་པའི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་རྒྱུན་འཁྱོངས་དང་ཤུགས་ཆེར་གཏོང་རྒྱུ་དེ་བསྒྱུར་བཅོས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱ་དགོས། རང་འགུལ་ཐོག་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་གནས་བབ་ཧྲིལ་པོར་བསྟུན་ནས། མི་དམངས་ལྟེ་བར་འཛིན་པའི་ལས་དོན་གྱི་ཁ་ཕྱོགས་དོན་འཁྱོལ་གྱིས། སུ་ཡི་ཚབ་བྱེད་པ་དང་། སུ་ལ་འབྲེལ་གཏུགས་བྱེད་པ། སུ་ལ་ཞབས་ཞུ་བྱེད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས། ཚོགས་པའི་སྒྲིག་བཙུགས་ཀྱི་ཡིད་དབང་འགུགས་ཤུགས་ཆེ་རུ་གཏོང་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་། མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས། བསམ་བློ་ཆབ་སྲིད་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། ཚོགས་པའི་སྒྲིག་བཙུགས་ཀྱི་འཛུགས་སྐྱོང་དེ་ཏང་གི་མང་ཚོགས་ལས་དོན་གྱི་སྲ་ཞིང་བརྟན་པའི་འཐབ་སར་འཛིན་དགོས། དུས་བབ་གསར་པའི་འོག་གི་ཚོགས་པའི་ལས་དོན་གྱི་ཆོས་ཉིད་དམ་འཛིན་གཏིང་ཟབ་ཐུབ་པ་བྱས་ནས། ཚོགས་པའི་ལས་དོན་སྒྲུབ་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། རིམ་ཁག་ཏང་ཨུད་ཀྱིས་ཆབ་སྲིད་འགན་འཁྲི་དང་འགོ་ཁྲིད་ཀྱི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ནས། རིགས་དབྱེའི་མཛུབ་ཁྲིད་དང་ལྟ་ཞིབ་འགན་འཁྲི་རྩད་གཅོད་ལ་ཤུགས་སྣོན་རྒྱབ་ཏེ། ཚོགས་པའི་སྒྲིག་བཙུགས་ཀྱིས་དོན་ངོ་མའི་ཐོག་ནས་བསྒྱུར་བཅོས་ལ་སྐུལ་འདེད་བཏང་ཐོག བསྒྱུར་བཅོས་ལས་དོན་ཁག་ལ་ཕན་འབྲས་ཐོན་རྒྱུར་འགན་སྲུང་བྱས་ནས། གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོགས་རྒྱུར་བསུ་བ་ཞུ་དགོས་ཞེས་གསུངས་འདུག

      ལོ་ཙཱ་བ། ལྷ་ཆེན་རྒྱལ།