ཀྲུང་དབྱང་གི་ཁོར་སྲུང་ལྟ་བཤེར་ཚན་ཆུང་བདུན་པས་རང་ཞིང་ལ་མང་ཚོགས་ཀྱི་ཞུ་གཏུག་སྐོར༢༦པའི་གཏུག་ཡིག༧༥སྤྲད་པ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-09-05 13:55:06      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

        མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ༢༠༡༧ལོའི་ཟླ༩བའི་ཚེས༤ཉིན་གྱི་སྔ་དྲོའི་ཆུ་ཚོད༩ཐོག ཀྲུང་དབྱང་གི་ཁོར་སྲུང་ལྟ་བཤེར་ཚན་བདུན་པས་རང་ཞིང་ལ་མང་ཚོགས་ཀྱི་ཞུ་གཏུག་སྐོར༢༦པའི་གཏུག་ཡིག༧༥སྤྲད་བྱུང་ལ། དེའི་ནང་དུ་ཟི་ལིང་གྲོང་ཁྱེར་གྱི༤༧དང་། མཚོ་ཤར་གྲོང་ཁྱེར་གྱི༡༦། མཚོ་ནུབ་ཁུལ་གྱི༢། མཚོ་ལྷོ་ཁུལ་གྱིས༥། མཚོ་བྱང་ཁུལ་གྱི༤། རྨ་ལྷོ་ཁུལ་གྱི༢བཅས་ཡོད་ཅིང་། དེའི་ནང་གི་གཏུག་ཡིག༣སྟེ་ཟི་ལིང་གྲོང་ཁྱེར་གྱི༢དང་མཚོ་ལྷོ་ཁུལ་གྱི༡བཅས་ལ་ཀྲུང་དབྱང་ཁོར་སྲུང་ལྟ་བཤེར་ཚན་ཆུང་གིས་མཐོང་ཆེན་པོ་མཛད་ཡོད། ད་སྔའི་བར་དུ། མང་ཚོགས་ཀྱི་ཞུ་གཏུག་ཡེ་གེ་༡༩༢༧འབྱོར་ཡོད་འདུག

        ལོ་ཙཱ་བ། ཁོན་ཐར་འཚོ།