རྒན་ཡུལ་ལྷ་ཐར་སོགས་བོད་རིགས་འཇོན་མི་སྐོར་ཞིག་མཚོ་སྔོན་འཇོན་མི་རྩེ་གྲ་སྟོང་གི་འཆར་གཞིའི་ནང་འོས་འདེམ་བྱས་འདུག

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-09-05 14:52:48      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

       
       མཚོ་སྔོན་ཞིང་ཆེན་གྱི་གསར་གཏོད་འཇོན་མི་རྩེ་གྲ་སྟོང་གི་འཆར་གཞི་ཞེས་པའི་ལག་བསྟར་འཆར་ཇུས་དང་མཚོ་སྔོན་ཞིང་ཆེན་འཇོན་མི་རྩེ་གྲ་སྟོང་གི་འཆར་གཞི་ལག་བསྟར་ལམ་སྲོལ་ཞིབ་ཕྲ་གཉིས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། འཇོན་མི་རང་བདག་ནས་སྙན་ཞུ་དང་། ལས་ཁུངས་ཀྱིས་འོས་སྦྱོར། སྡེ་ཚན་གྱིས་ཞིབ་བཤེར། ཆེད་མཁས་པས་དཔྱད་ཞིབ་བཅས་རིམ་པ་བརྒྱུད་འཇོན་མི༢༡༢མཚོ་སྔོན་ཞིང་ཆེན་གྱི་གསར་གཏོད་འཇོན་མི་རྩེ་གྲ་སྟོང་གི་འཆར་གཞི་སྐོར་ཁག་གཉིས་པར་འོས་འདེམས་བྱུང་ཡོད་སྐོར་མཚོ་སྔོན་ཞིང་ཆེན་འཇོན་མི་ལས་དོན་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་དང་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གཉིས་ནས་ཁྱབ་བསྒྲགས་བྱས་འདུག འཆར་གཞི་དེ་གཙོ་བོ་འཇོན་མི་ནང་འདྲེན་དང་སྐྱེད་སྲིང་གཉིས་སུ་ཕྱེས་ནས་དཔུང་སྡེ༩ཡིས་གྲུབ་འདུག  དེ་ཡང་འཇོན་མི་སྐྱེད་སྲིང་གི་ནང་ཚན་སྣེ་འཁྲིད་འཇོན་མི་དང་། འཇོན་མི་གཟེངས་ཐོན་གྱི་ནང་དུ་བོད་རིགས་འཇོན་མི་༩ཙམ་འོས་འདེམས་བྱས་འདུག་ལ། མདོར་བསྡུས་ཙམ་གཤམ་གསལ།

       

        

        དེ་ཡང་སྣེ་འཁྲིད་འཇོན་མིའི་ནང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་ཡུལ་ལྷ་ཐར་དང་། མཚོ་སྔོན་བློ་བཟང་གྲངས་ཀའི་ཚན་རྩལ་ཚད་ཡོད་ཀུང་སིའི་སྦྱིན་བདག་བློ་བཟང་གཉིས་འདེམས་འདུག འཇོན་མི་སྐྱེད་སྲིང་གི་ནང་དུ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་རྒན་ཆེ་མོ་ཚེ་རིང་དོན་འགྲུབ་དང་ཚེ་དབང་རྡོ་རྗེ་གཉིས་དང་། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་སློབ་གླིང་གི་རྟ་མགྲིན་རྒྱལ། མཚོ་སྔོན་པཎྟི་ཆ་འཕྲིན་ཚན་རྩལ་ཚད་ཀུང་སིའི་སྦྱིན་བདག་དཔའ་ཁོ་ཚེ་རིང་།མཚོ་བྱང་ཞྭ་དཀར་བོད་སྨན་གསར་སྤེལ་ཚད་ཡོད་ཀུང་སིའི་སྦྱིན་བདག་འཇིགས་མེད་ཚེ་རིང་། མཚོ་སྔོན་མི་རིགས་སློབ་ཆེན་གྱི་སྒྲོལ་མ་འཚོ། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གི་གངས་ལྷ་སྒྲོལ་མ་བཅས་འོས་འདེམས་བྱས་འདུག །

       

        ལོ་ཙཱ་བ། ཁོན་ཐར་འཚོ།