ཀྲུང་དབྱང་ཁོར་སྲུང་ལྟ་བཤེར་ཚན་ཆུང་བདུན་པས་རང་ཞིང་ལ་མང་ཚོགས་ཀྱི་ཞུ་གཏུག་སྐོར༢༧པའི་གཏུག་ཡིག༨༥སྤྲད་པ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-09-06 09:37:00      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

        མཚོ་སྔོན་གསར་འགྱུར་དྲ་བས་༢༠༡༧ལོའི་ཟླ༩བའི་ཚེས༥ཉིན་གྱི་སྔ་དྲོའི་ཆུ་ཚོད༡༠ཐོག ཀྲུང་དབྱང་ཁོར་སྲུང་ལྟ་བཤེར་ཚན་ཆུང་བཤུན་པས་རང་ཞིང་ལ་མང་ཚོགས་ཀྱི་ཞུ་གཏུག་སྐོར༢༧པའི་གཏུག་ཡིག༨༥སྤྲད་ཅིང་། དེའི་ནང་ཟི་ལིང་གྲོང་ཁྱེར་གྱི༤༩དང་། མཚོ་ཤར་གྲོང་ཁྱེར་གྱི་༡༦། མཚོ་ནུབ་ཁུལ་གྱི༨། མཚོ་ལྷོ་ཁུལ་གྱི༥། མཚོ་བྱང་ཁུལ་གྱི༢། ཡུལ་ཤུལ་ཁུལ་གྱི༡། མགོ་ལོག་ཁུལ་གྱི༢། རྨ་ལྷོ་ཁུལ་གྱི༢བཅས་ཡོད་ལ། དེ་ལས་ཟི་ལིང་གྲོང་ཁྱེར་གྱི༢དང་མཚོ་ཤར་གྲོང་ཁྱེར་གྱི༡། མགོ་ལོག་གི༡བཅས་ལ་ཀྲུང་དབྱང་ཁོར་སྲུང་ལྟ་བཤེར་ཚན་ཆུང་གིས་མཐོང་ཆེན་པོ་གནང་འདུག ད་སྔའི་བར་མང་ཚོགས་ཀྱི་ཞུ་གཏུག་ཡི་གེ༢༠༡༢འབྱོར་ཡོད་པ་རེད།

        ལོ་ཙཱ་བ། ཁོན་ཐར་འཚོ།