སྒོ་མོ་ལའི་ཕུག་ལམ་གྱི་འགྲོ་འོང་ཟླ་བ་གཉིས་ཙམ་རིང་ལ་བཀག་ནས་ཨར་ལས་བྱ་རྒྱུ་རེད།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-09-06 10:19:06      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

        མཚོ་སྔོན་གསར་འགྱུར་དྲ་བས་ཟླ༩བའི་ཚེས༥ཉིན་སྤེལ་བའི་འཕྲིན། གསར་འགོད་པས་མཚོ་ལྷོ་ཉེན་རྟོག་ཡན་ལག་རུ་ཁག་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ༩བའི་ཚེས༩ཉིན་ནས་ཟླ༡༠བའི་ཚེས༢༥ཉིན་བར་ལ་སྒོ་མོ་ལའི་ཁྲི་ཀ་ནས་ཟི་ལིང་བར་གྱི་ཕུག་ལམ་སྒོ་བརྒྱབ་ནས་ཨར་ལས་བྱ་རྒྱུ་ཡིན་པས། ལམ་འདིར་བརྒྱུད་མཁན་གྱི་རླངས་འཁོར་རྣམས་ལམ་རྙིང་བར་བསྐོར་ནས་ཟི་ལིང་དུ་བསྐྱོད་དགོས།

        ཤེས་གསལ་ལྟར་ན། སྒོ་མོ་ལའི་ཕུག་ལམ་དེ་ས་མཐོའི་འཁྱགས་གྲང་དང་། གནམ་ཟླ། ས་གཤིས་བཅས་ཀྱི་རྐྱེན་དབང་གིས་དགུན་དུས་ཀྱི་འགྲོ་འོང་ལ་བར་ཆད་བཟོ་ཡོང་གི་ཡོད་པས། རྒྱ་ཆེའི་མང་ཚོགས་ཀྱི་འགྲོ་འོང་སྟབས་བདེ་ཡོང་ཆེད་དུ་ཕུག་ལམ་དེའི་ཁྲི་ཀ་ནས་ཟི་ལིང་དུ་བསྐྱོད་སའི་འཛུལ་སྒོ་ནསK44+900-K43+800ཏེ་རིང་ཚད་1.1kmམཚམས་སུ་བཅོས་སྒྲིག་བྱ་རྒྱུ་ཡིན་པས། ཟླ༩བའི་ཚེས༩ཉིན་གྱི་ཞོགས་པའི་ཆུ་ཚོད་བདུན་ནས་ཟླ༡༠བའི་ཚེས༢༥ཉིན་གྱི་དགོང་མོའི་ཆུ་ཚོད༢༤ཐོག་བར་ལམ་འགོག་རྒྱུ་རེད།

        དེར་ཉེན་རྟོག་པས་ཨར་ལས་ལས་ཀ་བདེ་བླག་ངང་ལེགས་འགྲུབ་དང་རྒྱ་ཆེའི་ཁྲི་ཀ་ནས་ཟི་ལིང་གི་བར་ལ་བསྐྱོད་མཁན་རླངས་འཁོར་གྱི་བདེ་འཇགས་ལ་ཁག་ཐེག་བྱ་ཆེད། ཟི་ལིང་དུ་བསྐྱོད་མཁན་རླངས་འཁོར་རྣམས་ཕུག་ལམ་བར་1.1kmམཚམས་སུ་ཡོད་པའི་ལམ་རྙིང་བར་བརྒྱུད་ནས་ཟི་ལིང་དུ་བསྐྱོད་དགོས། ཟི་ལིང་ནས་ཁྲི་ཀའི་ཕྱོགས་སུ་བསྐྱོད་མཁན་སྔར་བཞིན་དུ་ཕུག་ལམ་བརྒྱུད་ཆོག ཨར་ལས་ཀྱི་བར་སྐབས་ལ་ལམ་འགོག་སར་བདེ་འཇགས་ཀྱི་ཉེན་བརྡའི་མཚོན་རྟགས་སོགས་བཀོད་སྒྲིག་བྱེད་ངེས་པས། རླངས་འཁོར་འགྲོ་འོང་གི་སྐབས་ལ་ཁ་ལོ་བས་འབྲེལ་ཡོད་ལམ་ཁར་ཞིབ་ལྟ་དང་། སྤྱི་བདེ་ཉེན་རྟོག་པ་དང་ལམ་སྲིད་པ། ཨར་ལས་ལས་ཀ་བའི་བཀོད་འདོམས་ལ་བརྩི་སྲུང་བྱས་ནས་བདེ་འཇགས་ངང་བསྐྱོད་རྒྱུར་ཧ་ཅང་གལ་ཆེ་ཞེས་དྲན་སྐུལ་གནང་འདུག །

        ལོ་ཙཱ་བ། ཁོན་ཐར་འཚོ།