ཡུལ་ཤུལ་གྱི་དབུལ་སྐྱོར་ཐོན་ལས་སྲང་ལམ་གྱིས་ཞིང་འབྲོག་པ་དབུལ་ཐར་གྱི་ལམ་དུ་འཁྲིད།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-09-06 10:25:38      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

         ཞིང་འབྲོག་དབུལ་བོ་དུས་གཏན་དུ་དབུལ་བོ་ལས་ཐར་དགོས་ན་ཐོན་ལས་གོང་སྤེལ་ནི་རྩ་བ་དང་རྨང་གཞི་ཡིན། ད་ལོར་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་སྲིད་གཞུང་གི་མ་དངུལ་འཁྲིད་སྟོན་ལ་བརྟེན་ནས་ཁེ་ལས་དང་མཉམ་ལས་ཁང་གཉིས་ཀྱིས་དབུལ་བོ་ཁྱིམ་ཚང་གི་ཚོང་གཉེར་བྱེད་མཁན་ལ་ལོ་གཉིས་ནང་བོགས་གཏོང་ཁང་པ་རིན་མེད་ཀྱིས་གླས་ནས་ཚོང་གཉེར་བྱེད་དུ་བཅུག་ཡོད་ལ། དེའི་དགོས་ངེས་ལ་གཞིགས་ནས་ཡུལ་ཤུལ་གྱི་དབུལ་སྐྱོར་ཐོན་ལས་སྲང་ལམ་བཙུགས། ཐོན་ལས་སྲང་ལམ་དེར་ཡུལ་ཤུལ་ཁུལ་ཁོངས་ཀྱི་གྲོང་ཁྱེར་གཅིག་དང་རྫོང་ལྔའི་ཕྱུགས་ལས་མཉམ་ལས་ཁང་དང་། ཁེ་ལས། གློག་རྡུལ་ཚོང་སྟེགས་བཅས་ཚོང་ཁང་དང་ཁེ་ལས་༡༠༠ཡོད་ཅིང་། དབུལ་སྐྱོར་ཐོན་རྫས་སྣ༩༠༠ལྷག་ཟིན་ཡོད། སྲང་ལམ་འདི་བཙུགས་རྗེས་ཡུལ་ཤུལ་ས་གནས་ཀྱི་ཁྱད་ལྡན་ཞིང་ཕྱུག་ལས་ཀྱི་ཐོན་རྫས་ཐུན་མོང་ཐོག་ཕྱིར་འཚོང་བྱེད་སར་གྱུར་བ་མ་ཟད། དྲ་རྒྱའི་ཕྱི་ནང་གཉིས་ཀ་ནས་ཚོང་རྒྱག་སའི་སྟེགས་བུ་ཞིག་ཏུའང་གྱུར་ཡོད། དེས་ཁེ་ལས་དང་མཉམ་ལས་ཁང་གཉིས་ལ་ཁྱིམ་ཚང་དབུལ་བོའི་ལག་ནས་ཕྱེད་བཟོས་ཚོང་རྫས་འབོར་ཆེན་དང་ཡང་ན་ཐོན་རྫས་ལྷག་མ་ཉོ་སྒྲུབ་ལ་སྐུལ་སྤེལ་དང་། དུད་ཚང་དབུལ་བོ་ལས་ལ་འགུགས་པར་ཡར་སྐུལ་ཐུབ་པས། ཐོག་མར་དབུལ་ཚང་མང་པོར་ཁེ་བཟང་བསྐྲུན་ཞིང་མཐའ་མར་དབུལ་བོའི་ཞྭ་མོ་ཡོངས་ནས་ཕུད་པའི་དམིགས་འབེན་མངོན་འགྱུར་ལ་སྐུལ་སྤེལ་བྱེད་ཐུབ་པ་རེད།

        ཨ་ཅེ་འབྲོག་མོས་སྐུ་མགྲོན་ལ་འོ་མ་འཚོང་བཞིན་པའི་ཚུལ།

        ཡུལ་ཤུལ་གྲོང་ཁྱེར་འབའ་ཐང་བྱམས་སྐུ་གྲོང་ཚོའི་འབྲོག་པ་རང་ནས་བཏབས་པའི་སྔོ་ཚལ་ཐོན་ལས་གླིང་དུ་བསྐྱལ་ནས་ཕྱིར་འཚོང་བའི་ཚུལ།

        མཁའ་དབྱིངས་ཀྱི་ཡུལ་ཤུལ་ཞེས་པའི་སྐྱེས་དངོས་ཚན་རྩལ་ཚད་ཡོད་ཀུང་སིའི་སྐལ་བཟང་འཕྲིན་ལས་ཀྱིས་སྐུ་མགྲོན་ལ་ཐོན་རྫས་མཚམས་སྦྱོར་བྱེད་པའི་ཚུལ།

        ལོ་ཙཱ་བ། ཁོན་ཐར་འཚོ།