ཁྱིམ་གཅིག་བཞིན་མཐུན་སྒྲིལ་བྱས་ནས་མཚོ་སྔོན་གསར་བ་བསྐྲུན་ཞེས་པའི་རྩོམ་བསྡུ་བརྡ་སྦྱོར།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-09-06 11:34:59      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

        ལོ་ངོ་སྟོང་ཕྲག་གི་རིང་ལ་རྒྱ་དང་བོད། ཧུའེ་རིགས། ཧོར་རིགས། ཟ་ལར་རིགས། སོག་པོ་སོགས་མི་རིགས་ཁག་ཅིག་མི་མཐའ་མི་ངོམས་པའི་མཚོ་སྔོན་གྱི་མཐོ་སྒང་འཛིན་མའི་གཞིར་མི་རབས་ནས་མི་རབས་སུ་འཚོ་སྡོད་བྱས་ནས་ཐུན་མོང་གི་ཁྱིམ་གཞིས་བསྐྲུན་ཞིང་། མཉམ་འདྲེས་མཉམ་སྡོད་དང་། རིག་གནས་མཉམ་གནས། དཔལ་འབྱོར་མཉམ་སྤེལ། བརྩེ་དྲོན་མཉམ་སྐྱོང་བྱས་ནས་མི་རིགས་ཁག་གི་འབྲེལ་འདྲིས་དང་མཉམ་འདྲེས་དེ་ཁྱོད་ལས་ང་ཡོད་པ་དང་ང་ལས་ཁྱོད་ཡོད་པའི་གཅིག་ལ་གཅིག་བརྟེན་གྱི་ལོ་རྒྱུས་སྣང་བརྙན་ཞིག་ཐུན་མོང་ཐོག་བཞེངས་བསྐྲུན་བྱས་ཡོད། ཏན་ཏན་ཏིག་བཞིའི་བླང་བྱ་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་བསྒྱུར་བ་བཞིའི་བསམ་ཕྱོགས་གསར་བ་ལག་ལེན་མཐར་ཕྱིན་བྱ་ཆེད། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གཉིས་ཀྱིས་མཉམ་དུ་ཁྱིམ་གཅིག་བཞིན་མཐུན་སྒྲིལ་བྱས་ནས་མཚོ་སྔོན་གསར་བ་བསྐྲུན་ཞེས་པའི་བྱ་དགའ་ཡོད་པའི་རྩོམ་བསྡུ་བྱེད་སྒོ་ཞིག་སྤེལ་འདུག

        དེ་ཡང་བསྡུ་བྱའི་རྩོམ་གྱི་ནང་དོན་ལ་གཞུང་ལུགས་ཀྱི་སྐོར་དང་། གཏམ་རྒྱུད་ཀྱི་སྐོར་གཉིས་སུ་ཕྱེས་ཡོད་ཅིང་། གཞུང་ལུགས་ཡིན་ན་གཙོ་བོ་མི་འབོར་ཉུང་བའི་ཞིང་ཆེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེ་ཤོས་སུ་བསྒྱུར་བར་ཧུར་བརྩོན་བྱེད་དགོས་པའི་གཞུང་ལུགས་ཕྱོགས་ཀྱི་བསམ་གཞིགས་དང་འབྲེལ་དགོས། གཏམ་རྒྱུད་ཡིན་ན་གཙོ་བོ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་བཞིན་དུ། ཀྲུང་གོའི་ཕུགས་འདུན་བློ་གཅིག་མཉམ་སྐྱོང་བྱེད་ཅེས་པ་བརྗོད་གཞིར་བཟུང་སྟེ། རང་ཉིད་ཀྱི་གམ་དུ་ཡོད་པའི་མི་དང་དེ་ལས་བྱུང་བའི་དོན་དག་སྲོག་ཤིང་དུ་དྲངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ཀྱི་བྱེད་སྒོའི་ཁྲོད་དུ་སྔོན་ཐོན་གྱི་བྱས་རྗེས་དང་ཉམས་མྱོང་། ཐབས་ཇུས་ཡག་པོ་དག་མངོན་མཚོན་དང་། རྒྱལ་གཅེས་ཀྱི་ལོ་རྒྱུས་མི་སྣའི་ཕྱག་རྗེས་དང་མི་རིགས་མཐུན་སྒྲིལ་མཚོན་པའི་གཏམ་རྒྱུད་ཡིན་དགོས། ཐེངས་འདིའི་རྩོམ་ཡིག༢༠༡༧ལོའི་ཟླ༨པ་ནས་༢༠༡༧ལོའི་ཟླ༡༡པའི་ཟླ་མཇུག་བར་བསྡུ་རྒྱུ་ཡིན་ཞིང་།  རྩོམ་བསྐུར་དུས་ཡིག་ཟམ་གྱི་ཁ་བྱང་དུ་ཁྱིམ་གཅིག་བཞིན་མཚོ་སྔོན་གསར་བ་བསྐྲུན་ཞེས་བྲིས་ཏེ་qhrbszjxwb@163.comནང་ལ་བསྐུར་དགོས། འབྲེལ་གཏུག་ཁ་པར། 0971-8457400ཡིན་ལ། རྩོམ་ཡིག་ལས་མཆོག་ཏུ་གྱུར་བ་དུས་དེབ་ཐོག་འགོད་རྒྱུ་ཡིན།

        བྱ་དགའི་སྐོར་ནས་གཞུང་ལུགས་དང་གཏམ་རྒྱུད་བཅས་ཁག་གཉིས་སུ་དབྱེ་ཡོད་ཅིང་། གཞུང་ལུགས་ལ་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་སོ་སོ་གཅིག་རེ་མ་གཏོགས་མེད། གཏམ་རྒྱུད་སྐོར་ལ་ཨང་དང་པོ༡དང་། ཨང་གཉིས་པ༢། ཨང་གསུམ་པ༣བཅས་ཡོད། ཨང་དང་པོར་བྱ་དགའ་སྒོར་སྟོང༢༠༠༠དང་། ཨང་གཉིས་པར་བྱ་དགའ་སྒོར༡༥༠༠། ཨང་གསུམ་པར་བྱ་དགའ་སྒོར༡༠༠༠རེ་ཡོད། གཞན་ཆེད་སྒྲིག་ལེ་ཚན་དུ་བཀོད་པའི་རྩོམ་ཡོད་ཚད་ལ་ཕུལ་བྱུང་བྱ་དགའ་སྒོར༥༠༠རེ་ཡོད།

        ཞེས་མཚོ་སྔོན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་དང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་ནས་སྤེལ།
      ལོ་ཙཱ་བ། ཁོན་ཐར་འཚོ།