ཡུལ་ཤུལ་ནས་རྒྱལ་ཡོངས་ཀྱི་མཐོ་སྒང་ས་ཁུལ་གྱི་ཁྱིམ་ཚང་སློབ་གསོའི་གླེང་སྟེགས་ཐེངས་དང་པོ་དང་ཡུལ་ཤུལ་གྲོང་ཁྱེར་ཐེངས་བཞི་བའི་སློབ་གཙོའི་གླེང་སྟེགས་སྤེལ་བ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-09-11 17:08:40      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

        

        ཟླ9པའི་ཚེས9ནས་ཚེས11ཉིན་གསུམ་གྱི་རིང་ལ་ཡུལ་ཤུལ་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ཡུལ་ཤུལ་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཡུལ་ཤུལ་གྲོང་ཁྱེར་སློབ་གསོ་ཅུའུ་བཅས་ཀྱི་གཙོ་སྒྲུབ་གནང་པའི་རྒྱལ་ཡོངས་ཐེངས་དང་པོའི་མཐོ་སྒང་ས་ཁུལ་གྱི་ཁྱིམ་ཚང་སློབ་གསོའི་གླེང་སྟེགས་དང་ཡུལ་ཤུལ་གྲོང་ཁྱེར་ཐེངས་བཞི་བའི་སློབ་གཙོའི་གླེང་སྟེགས་བྱ་འགུལ་ཡུལ་ཤུལ་གྲོང་ཁྱེར་མི་རིགས་སློབ་འབྲིང་གསུམ་པའི་ནང་དུ་ཚོགས་པ་རེད།


       

        ཐེངས་འདིའི་གླེང་སྟེགས་སྟེང་དུ་ཧྭ་ཤར་འགྲིམ་འགྲུལ་སློབ་ཆེན་གྱི་ཨ་མའི་སློབ་གསོ་ཞིབ་འཇུག་ཁང་གི་འགོ་གཙོ་བང་དོན་ཧྭ་དང་ཀྲུང་གོ་དམངས་སྒྲུབ་སློབ་གསོ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཡང་ཀྲས་པན།སློབ་གསོ་ལོ་རྒྱུས་ཞིབ་འཇུག་མཁན་ཁུ་ཞའོ་བོས།ཀྲུང་གོ་ཁྱིམ་ཚང་སློབ་གསོ་ཚན་རིག་ཞིབ་འཇུག་ཁང་གི་འགོ་གཙོ་གཞོན་པ་ཡོད་ཧན་ཁྲང་།ཁྱིམ་ཚང་སློབ་གསོའི་ཆེད་མཁས་པ་ཞའོ་ཧ་ལོས། ཡུལ་ཤུལ་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་པད་མ་ཆོས་སྐྱིད་དང་འབྲེལ་ཡོད་འགོ་ཁྲིད་དག་ཐེངས་འདིའི་གླེང་སྟེགས་ལ་ཞུགས་ཡོད་དེ།ཁོང་ཚོས་མཉམ་དུ་མཐོ་སྒང་ས་ཁུལ་གྱི་མིག་སྔར་གྱི་ཁྱིམ་ཚང་སློབ་གསོའི་གནས་ཚུལ་དང་གནད་དོན་དག་ལ་དཔྱད་བསྡུར་བྱས་ཏེ་རང་རང་གི་བསམ་ཚུལ་བརྗོད་པ་མ་ཟད།ཁོང་ཚོས་རང་རང་གི་ཁྱིམ་ཚང་སློབ་གསོའི་ཕྱོགས་ཀྱི་ཞིབ་འཇུག་གི་གྲུབ་འབྲས་དང་བསྟུན་ནས་མཐོ་སྒང་ས་ཁུལ་གྱི་ཁྱིམ་ཚང་སློབ་གསོའི་གནས་ཚུལ་དག་ལ་ཞིབ་ཏུ་གསུང་བཤད་གལ་ཆེན་གནང་།


       

        ཐེངས་འདིའི་གླེང་སྟེགས་ཀྱི་བརྗོད་གཞི་གཙོ་བོ་ཁྱིམ་ཚང་སློབ་གསོ་འདིས་ཡུལ་ཤུལ་མཐོ་སྒང་ས་ཁུལ་གྱི་ཁྱིམ་བདག་རྣམས་ཀྱི་ཁྱིམ་ཚང་སློབ་གསོའི་འདུ་ཤེས་མཐོར་འདེགས་སུ་བཏང་པ་མ་ཟད།ཁྱིམ་བདག་རྣམས་ཀྱིས་ཆེད་མཁས་པ་དག་གི་ནང་དོན་ཟབ་ལ་རྒྱ་ཆེ་པའི་ཆེད་ཁྲིད་ལ་ཉན་པའི་གོ་སྐབས་ལྡན་པ་དེས་རང་གི་བུ་ཕྲུག་ལ་སློབ་གསོ་གཏོང་ལུགས་དང་བུ་ཕྲུག་དང་ཁྱིམ་བདག་བར་འབྲེལ་འདྲིས་བྱེད་ཐབས་ཀྱི་མཉམ་མྱོང་ལ་སོགས་པ་ཕྱོགས་ཡོངས་ནས་ཁྱིམ་བདག་རྣམས་ལ་སྔར་མེད་ཀྱི་སློབ་གསོའི་ནུས་པ་གལ་ཆེན་ཐོན་པ་རེད།

       

        གསར་འགོད་པ། རྡོ་རྗེ་སྒྲོལ་མ།