མགོ་ལོག་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གི༢༠༡༧ལོའི་སྐབས༣༣པའི་དགེ་རྒན་དུས་ཆེན་དང་གཟེངས་བསྟོད་ཚོགས་ཆེན་བསྡུས་པ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-09-11 17:08:40      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

        ཟླ༩བའི་ཚེས༡༠ཉིན།མགོ་ལོ་ཁུག་མི་རིགས་མཐོ་རིམ་སློབ་འབྲིང་གིས་སྐབས༣༣པའི་དགེ་རྒན་དུས་ཆེན་བསུ་བ་དང་ཆབས་ཅིག་དགེ་བའི་བཤེས་གཉེན་རྣམས་ཀྱི་སྔོན་ཐོན་བྱས་རྗེས་ལ་གཟེངས་བསྟོད་དང་།རང་སློབ་གྲྭའི་དགེ་རྒན་དཔུང་ཁག་གི་གཟུགས་བརྙན་དང་རྣམ་པ་གསར་བ་གང་ལེགས་མངོན་པའི་དགོངས་དོན་གཞིར་བཟུང་།རྒན་ཡོངས་ཀྱི་བློ་གཅིག་སེམས་གཅིག་དང་སེམས་ཤུགས་གཅིག་སྒྲིལ། ཐུན་མོང་གི་ལས་དོན་འཕེལ་རྒྱས་བཅས་ཡོང་བར་སྐུལ་ལྕག་དང་འབོད་སྐུལ། སྤྱི་ཚོགས་ཡོངས་སུ་དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་རྣམ་པ་བཟང་བོ་ཞིག་ཆགས་པར་བཅས་བྱ་ཆེད།རང་སློབ་གྲྭའི་འབྲེལ་ཡོད་འགོ་ཁྲིད་རྣམས་ཀྱིས་ཞིབ་བཤེར་གང་ལེགས་སྒོས་དགེ་རྒན་ཉི་ཤུ་ལྷག་ལ་གཟི་བརྗིད་དཔང་ཡིག་གནང་བ་དང་།མུ་མཐུད་དུ་སློབ་གསོའི་ལས་དོན་ཐད་ལ་ནུས་པ་འདོན་སྤེལ་བྱ་རྒྱུ་དང་།གྲུབ་འབྲས་མངོན་གསལ་ལེན་དགོས་པའི་རེ་བ་ནན་མོ་བཏོན་པ་རེད།

        
      གཟི་བརྗིད་མཚན་སྙན་ཐོབ་པའི་དགེ་རྒན་རྣམ་པ།

        གསར་འགོད་པ། བློ་བཟང་ཆོས་འཛིན།