སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གཞས་མ་གཏམ་གྱི་ཆེད་འཚོགས་ད་དགོང་འཁྲབ་སྟོན་བྱེད་རྒྱུ་ཡིན་པ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-09-12 16:24:28      རྩོམ་སྒྲིག་པ། : ཨ་གཡང་སྐྱིད།

        མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། དོ་དགོང་གི་དུས་ཚོད19དང་སྐར་མ30སྟེང་། ཚོགས་ཆེན་བཅུ་དགུ་པའི་ཐུན་མོང་ཐོག་ཀྲུང་གོའི་ཕུགས་འདུན་སྒྲུབ་དང་། ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱེད་པར་སྐུལ་སྤེལ་བྱེད་ཞེས་པ་བརྗོད་གཞི་བྱས་པའི་གཞས་མ་གཏམ་འཁྲབ་སྟོན་ཆེད་འཚོགས་ཀྱི་འཁྲབ་སྟོན་ཟི་ལིང་གྲོང་ཁྱེར་མང་ཚོགས་གར་སྟེགས་སྟེང་ནས་འཁྲབ་སྟོན་བྱེད་རྒྱུ་ཡིན་པ་རེད།

        རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཆེད་དམིགས་ཀྱི་འཁྲབ་སྟོན་དེ་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཐིན་དང་།གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་ཁོར་ཡུག་ཚན་རིག་སློབ་ཚོགས་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། ཞིང་ཆེན་གཞས་མ་གཏམ་སྒྱུ་རྩལ་མཁས་ཅན་མཐུན་ཚོགས། ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་སློབ་གསོའི་ལྟེ་གནས་དང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་དྲིལ་བསྒྲགས་སློབ་གསོ་ཁྲུའུ་བཅས་ཀྱིས་སྒྲུབ་འགན་ཁུར་ཏེ། སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་རང་ཞིང་གི་ཏན་ཏན་ཏིག་ཏིག་བཞི་དང་བསྒྱུར་བ་བཞི་ལ་དམིགས་ནས་མགྱོགས་མྱུར་ངང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱས།

        ད་ལོའི་ཟླ7པའི་ནང་། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞིང་ཆེན་གཞས་མ་གཏམ་སྒྱུ་རྩལ་མཁས་ཅན་མཐུན་ཚོགས།གཞས་མ་གཏམ་གསར་རྩོམ་གྱི་རྐང་འཛིན་དང་། འབྲེལ་ཡོད་སྡེ་ཁག་གི་མི་སྣ་བཅས་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གཞས་མ་གཏམ་གསར་རྩོམ་ལ་གྲོས་མོལ་བྱས་ཏེ། རང་ཞིང་གི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་སྐོར་གྱི་འབྲེལ་ཡོད་གསར་རྩོམ་ནང་དོན་ལ་འཆར་འགོད་གཏན་འབེབས་བཟོས། ཨ་ཆེན་གངས་རྒྱབ་ཤུལ་བཞག་ས་གནས་ལ་ཡར་ཞུ་རྒྱབ་པར་ཆོག་མཆན་ཐོབ་པ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ལྟ་སྲུང་བ། ནགས་ཚལ་སྤྱི་བདེ་དང་སྲུང་སྐྱོང་དང་བླངས་པ། གཙང་གསུམ་གྱི་འབྱུང་ཡུལ་གྱི་རིག་གནས་སྲུང་སྐྱོབ་དང་རི་དྭགས་སྲུང་སྐྱོབ། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་སློབ་གསོ་དང་རོང་འབྲོག་མང་ཚོགས་ཀྱི་གནས་སྤོའི་ཐོན་སྐྱེད་བསྒྱུར་བ། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོང་ཁུལ་ནས་གསེར་ཉ་སྲུང་སྐྱོང་། མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོང་སོགས་གསར་རྩོམ་གྱི་ནང་དོན་ལ་འདེམས་ནས་སྒྲིག་སྦྱོར་བྱ་རྒྱུ་གཏན་འཁེལ་བྱས།

        དོ་དགོང་གི་འཁྲབ་སྟོན་སྟེང་དུ།རྒྱ་ཆེའི་མང་ཚོགས་རྣམས་ལ་གེ་སར་གྱི་སྒྲུང་སྐྱེ་ཁམས་བཟང་ན་ཤེས་དཔལ་དར་སོགས་འཁྲབ་སྟོན་བྱ་རྒྱུ་ཡིན་པ་རེད།

      ལོ་ཙཱ་བ།རྟ་མགྲིན་དཔལ།