རང་ཞིང་གི་ལས་ཁུངས་8ལ་རྒྱལ་ཁབ་པུའུ་ཡི་ཏང་ཨུ་ཡི་གཟེངས་བསྟོད་བྱས་པ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-09-13 15:23:53      རྩོམ་སྒྲིག་པ། : ལྷ་དཔལ་སྐྱབས།

         མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་ལམ་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་གཞུང་སྒྲུབ་ཐིན་དང་རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུའུ་གཞུང་སྒྲུབ་ཐིན་གཉིས་ཀྱིས་མཉམ་འབྲེལ་སྒོས་བཏང་བའི་བརྡ་སྦྱོར་གྱི་ཁྲོད་2017ལོར་རྒྱལ་ཡོངས་མི་ཤུགས་ཐོན་ཁུངས་གཙང་སེལ་དག་ཐེར་ཁྲོམ་རའི་སྒྲིག་སྲོལ་ཆེད་དོན་ལས་འགུལ་ཁྲོད་རང་སྟེང་གི་ལས་འགན་ནུས་ཤུགས་འདོན་སྤྲོད་བྱེད་ཐུབ་པ་མ་ཟད། ལེགས་འགྲུབ་ཅུང་བྱུང་ནས་གྲུབ་འབྲས་ཡང་འབུར་ཐོན་བླངས་པའི་ཟི་ལིང་གྲོང་ཁྱེར་ངལ་རྩོལ་འགན་སྲུང་ལྟ་རྟོག་་ཡན་ལག་རུ་ཁག་དང་མཚོ་ཤར་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ངལ་རྩོལ་ལྟ་རྟོག་ཁའོ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ངལ་རྩོལ་ལྟ་སྐུལ་རུ་ཆེན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ངལ་རྩོལ་འགན་སྲུང་ལྟ་སྐུལ་རུ་དཔུང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ངལ་རྩོལ་ལྟ་སྐུལ་རུ་ཁག རེབ་གོང་རྫོང་ངལ་རྩོལ་ལྟ་སྐུལ་རུ་ཆེན། པད་མ་རྫོང་ངལ་རྩོལ་ལྟ་སྐུལ་རུ་ཆེན། གཏེར་ལེན་ཁ་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་བཅས་ལས་ཁུངས་མི་འདྲ་བ་8ལ་གཟེངས་བསྟོད་བསྔགས་བརྗོད་བྱས་པ་རེད།

        དེ་ཡང་ད་ལོའི་ཟླ་2པའི་ཚེས20ཉིན་ནས་ཟླ་3པའི་ཚེས20ཉིན་བར་རང་ཞིང་གིས་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་དང་རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུའུ་ཡི་གཅིག་གྱུར་བཀོད་འདོམས་གཞིར་བཟུང་སྟེ་མི་ཤུགས་ཐོན་ཁུངས་ཀྱི་ཁྲོམ་རའི་སྒྲིག་སྲོལ་ལ་ཆེད་དོན་ལས་འགུལ་གཙང་སེལ་བྱ་བའི་བྱེད་སྒོ་སྤེལ་བ་དང་ཁྱོན་བསྡོམས་ཁྲིམས་འཛིན་མི་སྣ་573སྐུལ་སློང་བྱས་ཏེ་སྒྲིག་གཞི་མི་འདྲ་བ་སོ་སོ་དང་ལས་ཁུངས711 ལ་ཞིབ་བཤེར་ནན་མོ་བྱས། དེའིི་ཁྲོད་མི་བཀོལ་ལས་ཁུངས་619ཡི་ལས་རིགས་བར་ཁེ་ལེན་པའི་སྒྲིག་གཞི83 ཚོང་གཉེར་ཆོག་མཆན་མེད་པ་དང་ཐོ་འགོད་བྱས་ཟིན་ན་ཡང་རང་འགུལ་སྒོས་ལས་རིགས་བར་ཁེ་ལེན་པའི་བྱ་འགུལ་མི་འདྲ་བ་9རྩད་ཆོད་བྱུང་བ་རེད། ཆེད་དོན་ལས་འགུལ་དེའི་ཁྲོད་དུ་ས་ཁུལ་སོ་སོའི་ཁྲིམས་འཛིན་ནན་མོ་དང་རིགས་སོ་སོའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་མཐའ་དག་དུས་ལྟར་ཡོ་བསྲང་བྱས་ནས་ཁྲིམས་ལྟར་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་སྐྱོན་བཟོ་བའི་ཁྲིམས་འགལ་བྱ་སྤྱོད་ལ་ཉེས་ཁྲིམས་ནན་མོ་བཅད་དེ། མི་ཤུགས་ཐོན་ཁུངས་ཁྲོམ་རའི་ཁྱབ་ཁོངས་ཀྱི་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་ཀྱི་མཐོ་གནོན་རྣམ་པ་རྒྱུན་འཁྱོངས་བྱས་ཤིང་། ཆེད་དོན་བྱ་འགུལ་བརྒྱུད་ནས་ངལ་རྩོལ་མཁན་གྱི་ཁྲིམས་བསྟུན་འགེབས་སྲུང་འདུ་ཤེས་མཐོར་འདེགས་སུ་བཏང་སྟེ་ངལ་རྩོལ་མཁན་གྱི་ཁྲིམས་བསྟུན་འགེབས་སྲུང་འདུ་ཤེས་ལ་འཕར་སྣོན་བྱས་ཏེ། མི་ཤུགས་ཐོན་ཁུངས་ཞབས་ཞུའི་སྒྲིག་གཞིའི་ཁྲོད་ཀྱི་བར་ཁེ་བྱ་འགུལ་དང་མི་བཀོལ་ལས་ཁུངས་ཀྱི་ལས་བསྡུའི་བྱ་སྤྱོད་སྒྲིག་སྲོལ་ཅན་དུ་བཏང་ནས་མི་ཤུགས་ཐོན་ཁུངས་ཁྲོམ་རའི་སྒྲིག་སྲོལ་ལ་སྔར་ལས་གོམ་གང་མདུན་སྤོས་སྒོས་བཅོས་སྒྱུར་ཐོབ་པ་རེད།

        ལོ་ཙཱ་བ། ལྷ་དཔལ་སྐྱབས།