ཝང་ཅན་ཅོན་གྱིས་རང་ཞིང་གི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཁྲོད་བྱ་དགའ་ཐོབ་པའི་ལུས་རྩལ་པའི་ཁྲིད་སྟོན་འཐུས་ཚབ་པ་ལ་མཇལ་འཕྲད་གནང་བ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-09-13 15:24:50      རྩོམ་སྒྲིག་པ། : ལྷ་དཔལ་སྐྱབས།

        མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཀོ་ཧྲིན་གྱི་མངག་མཅོལ་ལྟར་ཟླ9བའི་ཚེས12ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་ཝང་ཅན་ཅོན་གྱིས་གཟི་བརྗིད་ངང་ཕྱིར་ལོག་པའི་རང་ཞིང་གི་སྐབས13པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཁྲོད་བྱ་དགའ་ཐོབ་པའི་ལུས་རྩལ་པ་དང་ཁྲིད་སྟོན་པ་ལ་མཇལ་འཕྲད་གནང་ཞིང་། ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་འཐུས་ཚབ་རུ་ཁག་གི་ལུས་རྩལ་པ་དང་ཁྲིད་སྟོན་པ། ལས་བྱེད་མི་སྣ་དག་ལ་ཐུགས་བརྩེ་བའི་སྒོ་ནས་འཚམ་འདྲི་བྱས་ཤིང་། གྲུབ་འབྲས་གཡུར་དུ་ཟ་བ་བླངས་པའི་ཕུལ་བྱུང་ལུས་རྩལ་པ་དག་ལ་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས་པ་རེད།

        སྐབས་13པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྟེང་རང་ཞིང་གི་ལུས་རྩལ་པས་ཧུར་བརྩོན་བྱས་པ་བརྒྱུད་ཁྱོན་བསྡོམས་གསེར་གྱི་རྟགས་མ་1དང་དངུལ་གྱི་རྟགས་མ་3 ཟངས་ཀྱི་རྟགས་མ3 དེ་མིན་ཨང་བཞི་བ་3དང་ཨང་དྲུག་པ་2 ཨང་བདུན་པ་2བཅས་བླངས་ཤིང་། དེ་ཡང1983ལོའི་རྒྱལ་ཡོངས་སྐབས་ལྔ་བའི་ལུས་རྩལ་འགྲན་ཚོགས་ནས་བཟུང་སྟེ་ཆེས་ལེགས་པོའི་གྲུབ་འབྲས་བླངས་ནས་མཚོ་སྔོན་འཐུས་ཚབ་རུ་ཁག་ལ་ད་དུང་ལུས་རྩལ་ཀུན་སྤྱོད་སྤྱོད་ཡོན་གཉིས་ལྡན་གྱི་བྱ་དགའ་ཡང་ཐོབ་ནས་ལུས་རྩལ་གྲུབ་འབྲས་དང་ཤེས་རིག་དགོངས་དོན་གྱི་གྲུབ་འབྲས་ཟུང་ལྡན་ཐོབ་པ་རེད།

        ཝང་ཅན་ཅོན་གྱིས་བསྟན་དོན། ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ནས་བཟུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཆེས་མཐོའི་ཚད་གཞི་ལྟར་ལུས་རྩལ་བྱ་གཞག་གི་འཕེལ་རྒྱས་ལ་མཐོང་ཆེན་བྱས་ཏེ། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ཡར་སྔོན་དུ་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ལུས་རྩལ་སྔོན་ཐོན་སྡེ་ཚོགས་དང་སྔོན་ཐོན་མི་སྒེར་ལ་མཇལ་འཕྲད་གནང་བ་མ་ཟད། ཏང་ཧྲིལ་བོ་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་རིགས་ལ་ལུས་རྩལ་ཐད་ཀྱི་སྟོབས་ལྡན་རྒྱལ་ཁབ་དུ་འགྱུར་བའི་དུས་རབས་ཀྱི་འབོད་སྐད་བསྒྲགས་པ་རེད། རང་ཞིང་གི་ཚོགས་སྤྱི་30དང་མི་སྒེར་30ལ་གཟེངས་བསྟོད་ཐོབ། འདི་ནི་མཚོ་སྔོན་ལུས་རྩལ་བྱ་བའི་ཆེས་ཆེ་བའི་སྐུལ་སློང་ཐེངས་ཤིག་ཡིན་པས་ང་ཚོས་གཟི་བརྗིད་ལ་གཅེས་འཛིན་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་ལམ་ཕྱོགས་ལ་ཧུར་བརྩོན་སྒོས་མདུན་སྐྱོད་བྱེད་དགོས་ཞེས་བསྟན།

        ཝང་ཅན་ཅོན་གྱིས་མུ་མཐུད་དུ་བསྟན་དོན། སྐབས་13པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ནི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་བའི་ཡར་སྔོན་དུ་སྤེལ་བའི་རྒྱལ་ནང་གི་ཆུ་ཚད་མཐོ་ཞིང་གཞི་རྒྱ་ཆེས་ཆེ་བའི་སྣ་འཛོམས་རང་བཞིན་གྱི་ལུས་རྩལ་སྤྲོ་ཚོགས་ཤིག་ཡིན། རང་ཞིང་གི་རྒྱ་ཆེའི་ལུས་རྩལ་པ་དག་གིས་ཀྲུང་ཧྭའི་ལུས་རྩལ་དགོངས་དོན་དང་ལུས་རྩལ་ཀུན་སྤྱོད་ལ་ཤུགས་ཆེན་པོས་སྐུལ་འདེད་ཀྱིས་ཁྱད་པར་བ་ལྔ་ཡི་མདོ་དབུས་མཐོ་སྒང་གི་སྙིང་སྟོབས་དང་རུ་དཔུང་གི་སྙིང་སྟོབས་ཀྱིས་མཚོ་སྔོན་མཐོ་སྒང་གི་རིགས་སོ་སོའི་བུ་བུ་མོ་དག་གིས་འོས་འཐུན་ཁྱད་ཆོས་མངོན་དུ་བཅུག་ནས། མཚོ་སྔོན་གྱི་ཆེད་དང་ཕ་ཡུལ་གྱི་ཆེད་དུ་མི་ཚེ་ལ་ཚོན་མདངས་གསར་བ་ཞིག་བསྣན། མཚོ་སྔོན་ལུས་རྩལ་སྙིང་སྟོབས་ཀྱི་གཅིག་བསྡུས་མངོན་འགྱུར་ནི་རང་ཞིང་གི་མི་རིགས་མཐུན་སྒྲིལ་སྔོན་ཐོན་གསར་འཛུགས་བྱེད་པའི་གྲུབ་འབྲས་ཀྱི་གསོན་ཤུགས་འགྲེམས་སྟོན་ཐེངས་ཤིག་ཡིན་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་དབར་གསུམ་དུ་འཛུགས་བསྐྲུན་བྱེད་ཚད་སྔར་ལས་ཕུན་སུམ་ཚོགས་ལ་དཔལ་ཡོན་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བའི་བརྩེ་སེམས་དྲོན་མོ་ཡང་ཡིན།

        ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། མིག་སྔར་ཞིང་ཆེན་ཧྲིལ་བོའི་གོང་འོག་བར་གསུམ་གྱིས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དུ་བྱེད་བཞིན་ཡོད་ལ། བསྒྱུར་བ་བཞི་ལ་སྐུལ་འདེད་དང་ཏན་ཏིག་བཞི་ཡི་དགོས་འདོད་གལ་ཆེན་ལག་ལེན་དུ་བསྟར་སྟེ་ཕུལ་བྱུང་གྲུབ་འབྲས་ལ་བརྟེན་ནས་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་འཚོག་པར་དགའ་བསུ་བྱེད་དགོས། ལུས་རྩལ་ནི་སྙིང་སྟོབས་ཀྱི་བྱ་གཞག་དང་ལུས་རྩལ་བྱ་གཞག་གི་འཕེལ་རྒྱས་དེ་ནམ་ཡང་ཉམས་པ་མེད་པས། ང་ཚོས་ནན་ཏན་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལུས་རྩལ་གྱིས་ལང་ཚོ་དང་བདེ་ཐང་། གསོན་ཤུགས། མི་དམངས་ཀྱི་བདེ་སྐྱིད་ལ་དོ་ཁུར་དང་མི་རིགས་ཀྱི་མ་འོངས་བར་དོ་ཁུར་བྱེད་པ་སོགས་བསམ་བློའི་དཔྱད་གླེང་གལ་ཆེན་གྱི་དགོངས་དོན་ཡང་མཚོན་ལ། མི་དམངས་སྲོག་ཤིང་ཡིན་པའི་བསམ་བློ་དང་ལུས་རྩལ་བྱ་གཞག་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ། ཐོན་ལས་དང་ལས་རིགས། མང་ཚོགས་ཀྱི་ལུས་རྩལ་འཕེལ་རྒྱས་ཀྱི་ཆུ་ཚད་སྔར་ལས་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་བྱས་ནས་རང་ཞིང་གི་ལུས་རྩལ་བྱ་གཞག་ཐད་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཞིག་གསར་བཟོ་བྱེད་དགོས་ཞེས་ནན་གྱིས་བསྟན་པ་རེད།

        བྱ་དགའ་ཐོབ་པའི་ལུས་རྩལ་འཐུས་ཚབ་པ་ཅིས་ཞའོ་ཅིན་དང་ཁྲིད་སྟོན་པའི་འཐུས་ཚབ་པ་ཡོན་ཏིས་ཅིས་གཉིས་ཀྱི་གཏམ་བཤད་ཁྲོད་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཐུགས་ཐུར་དང་རྒྱབ་སྐྱོར་ལ་བཀའ་དྲིན་ཞུས་ཤིང་། ཐེངས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་དེ་འགོ་འཛུགས་ས་གསར་བ་རུ་བྱས་ཏེ་ཚན་རིག་སྦྱོང་བརྡ་ར་དང་བདག་ཉིད་ཐོད་བརྒལ་གྱིས་མཛེས་སྡུག་གི་མཚོ་སྔོན་འཛུགས་བསྐྲུན་བྱེད་པ་དང་བདེ་ཐང་གི་མཚོ་སྔོན་ལ་ཡང་བསྐྱར་བྱས་རྗེས་གསར་བ་འཇོག་པའི་རྣམ་འགྱུར་ཡང་བསྟན་པ་རེད།

        ལོ་ཙཱ་བ། ལྷ་དཔལ་སྐྱབས།