མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་ལ་ཀྲུང་གོའི་སྨན་ཁང་མཐུན་ཚོགས་ཀྱི་སྨན་ཁང་གི་ཚན་རྩལ་གསར་གཏོད་བྱ་དགའ་ཨང་གཉིས་པ་ཐོབ་པ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-09-13 15:26:41      རྩོམ་སྒྲིག་པ། : ཨ་གཡང་སྐྱིད།

        མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི་སྨན་ཁང་དོ་དམ་པ་པེ་ཅིང་དུ་མཉམ་འཛོམས་ཐོག་ཀྲུང་གོའི་སྨན་ཁང་མཐུན་ཚོགས་ཀྱིས་རྩ་འཛུགས་བྱས་པའི་གསར་གཏོད་འཕེལ་རྒྱས་མཉམ་ལས་མཉམ་རྒྱལ་བཅས་བརྗོད་བྱ་བྱས་པའི་ཀྲུང་གོའི་སྨན་ཁང་ཚོགས་ཆེན་ལ་ཞུགས། ཚོགས་འདུའི་སྟེང2017ལོའི་ཀྲུང་གོའི་སྨན་ཁང་མཐུན་ཚོགས་ཀྱིས་སྨན་ཁང་ཚན་རྩལ་གསར་གཏོད་བྱ་དགའ་ཐོབ་མཁན་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་མ་ཟད།ད་དུང་རྣམ་གྲངས་ལེགས་འགྲུབ་བྱེད་མཁན་རྣམས་ལ་གཟི་བརྗིད་མཚན་སྙན་གྱི་བྱ་དགའ་གནང་བ་རེད །མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་གི་དགེ་རྒན་ཆེན་མོ་བོ་ཧྲི་ཀྲིན་དང་ཀྲོ་ཧྲིན་ཞིག་གཉིས་ལ་སྨན་ཁང་གི་ཚན་རྩལ་གསར་གཏོད་བྱ་དགའ་ཨང་གཉིས་པ་ཐོབ། བྱ་དགའ་ཐོབ་པའི་རྣམ་གྲངས་ནི་པེ་ཅིང་ཞེ་ཧོ་སྨན་ཁང་གི་སྣེ་ཁྲིད་པ་དང་། ཀྲུང་ནན་སློབ་གྲྭ་ཆེན་མོའི་ཞང་ཡ་སྨན་ཁང་དང་། ཀྲུང་གོའི་གསོ་རིག་སློབ་ཆེན་ཞོར་གཏོགས་སྨན་ཁང་དང་པོ།ཀྲུང་གོའི་གསོ་རིག་ཚན་རིག་ཁང་གི་ཧྥུ་ཝའེ་ཀླག་སྙིང་ཁྲག་རྩའི་ནད་སྨན་ཁང་། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་། ཀྲུང་གོའི་གསོ་རིག་ཚན་རྩལ་སློབ་གླིང་རྨང་གཞི་གསོ་རིག་སློབ་གླིང་སོགས་སྡེ་ཚན་གྱིས་ཐུན་མོང་དུ་ཞུགས་པའི་དེང་རབས་གཤག་བཅོས་སྦྲིད་བཟི་བདེ་འཇགས་དོ་དམ་གྱི་མ་ལག་འཛུགས་སྐྲུན་དང་ཁྱབ་གདལ་བྱས་པའི་རྣམ་གྲངས་ཞིག་རེད།

        རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གི2014ལོ་འཁོར་གྱི་འཕྲོད་བསྟེན་ལས་རིགས་ཀྱི་ཆེད་དམིགས་རྣམ་གྲངས་ཏེ། དེང་རབས་གཤག་བཅོས་སྦྲིད་བཟི་བདེ་འཇགས་དོ་དམ་གྱི་མ་ལག་འཛུགས་སྐྲུན་དང་ཁྱབ་གདལ་གྱི་རྣམ་གྲངས་དེ་ཞང་ཡ་སྨན་ཁང་དུ་དངོས་སུ་འགོ་ཚུགས་པ་རེད། གཤག་བཅོས་སྦྲིད་བཟི་བྱེད་པ་ནི་སྨན་བཅོས་ཁྲོད་ཆེས་ཉེན་ཁ་ལྡན་ཤོས་ཀྱི་རྣམ་གྲངས་དང་།སྨན་བཅོས་དོ་དམ་ཁྲོད་ཀྱི་གལ་ཆེན་ནང་གི་དོན་ཆེན་ཡིན། རྣམ་གྲངས་དེ་དུས་ཡུན་ལོ་གསུམ་ལ་བརྒྱུད་ཡོད་པས་དེང་རབས་གཤག་བཅོས་སྦྲིད་བཟི་བདེ་འཇགས་དོ་དམ་མ་ལག་བཙུགས་ནས་རྒྱལ་ཡོངས་རང་བཞིན་གྱི་གཤག་བཅོས་སྦྲིད་བཟི་བདེ་འཇགས་དོ་དམ་ཕྱོགས་སྟོན་དང་ཚད་གཞི་བཟོས་ཡོད་པས། དེ་རྒྱལ་ཁབ་འཕྲོད་བསྟེན་སྲིད་འཛིན་དོ་དམ་སྡེ་ཁག་ལ་སྲིད་ཇུས་ཀྱི་དཔྱད་གཞི་འདོན་སྤྲོད་བྱས་ཏེ། ནད་པར་གཤག་བཅོས་བདེ་འཇགས་ཡོང་བ་ལ་ཉེན་འགོག་གི་འཛིང་རགས་གསར་བ་ཞིག་བསྐྲུན་ཡོད།

        མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་གིས་མུ་མཐུད་དུ་པེ་ཅིང་ཞེ་ཧོ་སྨན་ཁང་དེ་མིག་དཔེ་བྱས་ཏེ། ཞེ་ཧོ་སྨན་ཁང་གི་གཟབ་ནན་བྱེད་པའི་ཚན་རིག་གི་རྣམ་འགྱུར། དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ། བྱང་ཆུབ་པའི་སྨན་རྩལ།ཡ་རབས་ཀྱི་སྨན་པའི་ཀུན་སྤྱོད་དང་གཟབ་ནན། སྤུས་ལེགས། བརྩོན་འགྲུས། བློས་གཏོང་བ་སོགས་ཀྱི་ཞེ་ཧོ་སྙིང་སྟོབས་ལ་སློབ་སྦྱོང་བྱས་ཏེ།མཐོ་སྒང་ལ་གཞི་ཚུགས་ནས་་འཛུགས་སྐྲུན་ས་མཐོ་སྒང་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་སྨན་ཁང་འཛུགས་སྐྲུན་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས།

      ལོ་ཙཱ་བ། ཨ་གཡང་སྐྱིད།