ལོ་དྲུག་རིང་གྲོང་སྡོད་རུ་ཁག་ཁག་6གི་ཁྱོན་མི་ཁྲི་13མངགས་པ།

      ཡོང་ཁུངས། : མི་དམངས་དྲ་བ།      སྤེལ་དུས། : 2017-09-13 17:27:41      རྩོམ་སྒྲིག་པ། : ཡེ་ཤེས །
             མི་དམངས་དྲ་བའི་འཕྲིན། ས་མཐོའི་ས་གཞི་གང་ས་ནས་ཏང་ཡོན་ལས་བྱེད་པས་ནུས་ཤུགས་ཡོད་རྒུས་མང་ཚོགས་ལ་ཞབས་འདེགས་ཞུ་བ་མཐོང་རྒྱུ་ཡོད་ཅིང་། གང་དུ་དཀའ་ངལ་ཡོད་ན་དེར་ཏང་ཡོན་གྱིས་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་གྱི་ཡོད།
       

        ཁྱེད་ཀྱི་སེམས་ལ་མང་ཚོགས་ཡོད་ན་མང་ཚོགས་ཀྱི་སེམས་ལ་ཁྱེད་ཡོད་ངེས་རེད། “གནད་དོན་འཕྲད་ན་ང་ཚོས་ཧྲུའུ་ཅི་ཨང་དང་པོ་འཚོལ་བར་འགྲོ་གི་ཡོད། ཁོང་གིས་ང་ཚོར་ཐག་གཅོད་རོགས་བྱེད་ཀྱི་འདུག”ཅེས་དགུང་ལོ་87ལ་སླེབས་པའི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་བཅིངས་འགྲོལ་གྲོང་ཚོའི་ཚོགས་ཆུང་གཉིས་པའི་ཡུལ་མི་པད་མ་གཡུ་སྒྲོན་གྱིས་བརྗོད།

        2012ལོ་ནས་བཟུང་བོད་ཀྱི་རིམ་པ་ཁག་གི་གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གཞི་རིམ་རྩ་འཛུགས་སྟོབས་ཆེར་གཏོང་བ་དང་། ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་། གནད་སྨིན་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བ། དམངས་ལ་བྱ་བ་དངོས་སྒྲུབ་པ་བཅས་ཀྱི་ལས་འགན་ཁག་བཞིར་དམ་པོར་དམིགས་ཏེ་སེམས་ནུས་ཡོད་རྒུ་བཏོན་པ་དང་། གཞི་རིམ་ལ་གཞི་ཚུགས་པ། མང་ཚོགས་ཁྲོད་དུ་ཟབ་སྐྱོད་བཅས་བྱས་ཡོད།
      གཞི་རིམ་སྟོབས་ཆེར་ཕྱིན་ན་ཁྱོན་ཡོངས་བརྟན་ལྷིང་ཡོང་ཐུབ། ལོ་དྲུག་རིང་ཞིང་འབྲོག་མང་ཚོགས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཕྱིར་གྲོང་སྡོད་ལས་དོན་རུ་ཁག་ཁག་6གི་རུ་མིས་དཀའ་ལས་ཆེན་པོ་བརྒྱབ་ཡོད།