སྲིད་འཛིན་མངའ་ཁོངས། མང་།

མཚོ་སྔོན་དུ་ས་ཁུལ་རིམ་པའི་གྲོང་ཁྱེར༡དང་ས་ཁུལ༡དང་མི་རིགས་རང་སྐྱོང་ཁུལ༦ཡོད་པ་སྟེ། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་ས་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཅས་ཡོད་པ་དང་། (རྫོང་། གྲོང་ཁྱེར། ཆུས། སྲིད་འཛིན་ཨུ་ཡོན་ལྷན་ཁང)༤༦ཡོད་པའི་ཁྲོད་དུ་རྫོང༣༠དང་མི་རིགས་རང་སྐྱོང་རྫོང༧། གྲོང་ཁྱེར་གྱི་ཐད་སྐྱོང་ཆུས༤། རྫོང་རིམ་པའི་གྲོང་ཁྱེར༢། རྫོང་རིམ་པའི་སྲིད་འཛིན་ཨུ་ཡོན་ལྷན་ཁང༣བཅས་ཡོད། ཞང(གྲོང་བརྡལ)༣༩༦ཡོད་པའི་ཁྲོད་དུ་ཞང༢༠༡དང་མི་རིགས་ཞང༢༨། གྲོང་བརྡལ༡༣༧། སྲང་ལམ་དོན་གཅོད་ཁང༣༠བཅས་ཡོད།

 རི་བོ་དང་ཆུ་བོ། མང་།

རི་རྒྱུད།   མདོ་དབུས་མཐོ་སྒང་གི་རི་རྒྱུད་གཙོ་ཆེ་བ་ཤར་ནུབ་འཁོར་ཕྱོགས་དང་ལྷོ་བྱང་འཁོར་ཕྱོགས་ཏེ་ཚན་པ་གཉིས་ཡོད། ཤར་ནུབ་འཁོར་ཕྱོགས་ཀྱི་རི་རྒྱུད་ནི་ཕ་སྨིར་མཐོ་སྒང་ནས་ཤར་དུ་འགྱེད་འཕྲོ་རྣམ་པའི་འཕྲེལ་བསྣོལ་བྱས་ཏེ་བསྲིངས་ཡོད་པའི་མཐོ་སྒང་སྟེ། བྱང་ནས་ལྷོ་ལ་རིམ་བཞིན་ཆགས་པའི་རི་རྒྱུད་དྲུག་ཡོད།   ཨར་ཅག་རི་བོ་དང་མདོ་ལ། ཁུན་ནུ་རི་བོའི་ནུབ་ནས་བརྩམས་པའི་ཕ་སྨིར་མཐོ་སྒང་། ཁ་ལ་ཁུ་ནུ་ལ་དང་གདང་ལ་རི་རྒྱུད།

 རིག་གནས་ཁྱབ་ཚུལ། མང་།

 དཔལ་འབྱོར་སྤྱི་ཚོགས། མང་།

 འགྲིམ་འགྲུལ་རགས་བཤད། མང་།